Tibetan Royal Year of 2151 | Year of the Wood Dragon

- Advertisement -spot_img

TAG

སྔོན་ཁབ།

གཉན་རིམས་ཀྱི་སྔོན་ཁབ་ཐོབ་མཁན་རྣམས་ལ་ཉེན་ཁ་ཆུང་བ་ཡོད་པ།

གཟའ་འཁོར་གཅིག་འདིའི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་འདུས་སྡོད་ཁྲོད་ཏོག་དབྱིབས་ནད་གཞི་ཁྱབ་གདལ་དེ་སྔར་ལས་ཤུགས་ཆེར་ཕྱིན་ནས་བོད་མི་ ༡༤༨ ལ་གཉན་རིམས་ཕོག་ཡོད་འདུགདེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༦༨ པ་སྤེལ་སྐབས་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འགྲེལ་བརྗོད་གནང་བར་ད་བར་བཙན་བྱོལ་བོད་མིའི་འདུས་སྡོད་ས་ཁུལ་ཁག་ཏུ་ཁྱོན་བོད་མི་ ༥༣༥༦ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་ཀྱང་དེའི་ཁོངས་ནས་ ༤༨༩༧ དྲག་སྐྱེད་བྱུང་ཡོད་པ་དང། ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་བོད་མི་ཁྱོན་ ༣༢༧ ཡོད་པ་ལས་འདས་པའི་བདུན་ཕྲག་གཅིག་ཁོ་ནའི་ནང་རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་མི་གཉན་རིམས་ཕོག་མཁན ༡༤༨ བྱུང་ཡོད་པ་ནི་གཟའ་འཁོར་སྔོན་མ་དང་བསྡུར་ན་མང་བ་ཆགས་འདུགཁོང་གིས་རྒྱ་གར་རྒྱལ་ཡོངས་ནང་ལ་མཚོན་ན་འདས་པའི་ཚོུད་ ༢༤ ནང་ནད་གཞི་གསར་པ་ཕོག་མཁན་གྱི་གྲངས་ཐོ་འདི་འཕར་ཆ་ཆེན་པོ་བྱུང་སྟེ་མི་གྲངས་ ༥༨༡ གི་ཚེ་སྲོག་ཤོར་ཡོད་པ་དང་དེ་ནི་གཙོ་བོ་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པའི་ཁྲོད་ཀྱི་སྒོ་རྒྱ་སོགས་རིམ་པས་ལྷོང་ཡང་བཏང་ནས་མི་མང་འགྲུལ་བཞུད་དང་འདུ་འཛོམས་གནང་བ་སོགས་ལ་བརྟེན་ནས་ཡོང་གི་ཡོད་པ་མ་ཟད། ད་ཆ་བོད་མིའི་འདུས་སྡོད་ཀྱི་གཞིས་སྒར་ཁག་ཏུའང་ནད་གཞི་ཕོག་མཁན་གྱི་གྲངས་ཐོར་འཕར་ཆ་ཤུགས་ཆེ་འབྱུང་བཞིན་ཡོད་ཀྱང་། བོད་མི་དེ་དག་ལས་ཏོག་དབྱིབས་སྔོན་ཁབ་ཐོབ་མཁན་རྣམས་ལ་ཉེན་ཁ་ཆུང་བ་འདུག་ཅེས་གསུངས་སོང་བ་དང་ཆབས་ཅིག་ཏུ་བོད་མི་མང་ཚོགས་ནས་གཉན་རིམས་དྲག་སྐྱེད་མ་བྱུང་བར་དུ་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་བསྟེན་དགོས་པའི་གཞེན་སྐུལ་གནང་ཡོད། ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་ཆ་རྒྱ་གར་དང་ལྷོ་ཤར་ཨེ་ཤ་ཡའི་ས་ཁུལ་མང་པོའི་ནང་ཆར་དུས་འགོ་འཛུགས་དང་འབྲེལ་འདིའི་སྐབས་སུ་དུག་སྦྲང་སོགས་ཀྱི་རྐྱེན་པས་གཉན་ཁའི་ནད་གཞི་གཞན་མང་དག་ཅིག་ཡོང་གི་ཡོད་པར་འགྲེལ་བརྗོད་དང་སྦྲགས། བོད་མི་མང་ཚོགས་ནས་དམིགས་བསལ་ཐུགས་སྣང་གནང་གིས་གཙང་སྦྲ་འཕྲོད་བསྟེན་གང་ལེགས་གནང་དགོས་སྐོར་གསུངས་པ་མ་ཟད། ཕྱི་ལུགས་ཀྱི་སྨན་པ་བསྟན་འཛིན་རྣམ་སྒྲོལ་ལགས་ཀྱིས་ཀྱང་གཉན་རིམས་སྔོན་འགོག་གི་ཐབས་ལམ་བསྟེན་ཚུལ་དང་ལྷག་དོན་བལ་ཡུལ་ནང་ཉེ་ཆར་ཨ་རི་ནས་བཟོས་པའི་ཏོག་དབྱིབས་སྔོན་ཁབ་དང་དེ་བཞིན་རྒྱ་ནག་གིས་བཟོས་པའི་སྔོན་ཁབ་གཉིས་ཐོབ་ཡོད་པ་དེ་དག་མཉམ་འབྲེལ་རྒྱལ་ཚོགས་ནས་ཆོག་མཆན་ཐོབ་པ་ཞིག་ཡིན་སྟབས་བོད་མི་རྣམས་ནས་དངངས་སྐྲག་གནང་མི་དགོས་པ་དེ་ལྟར་ནའང་། བལ་ཡུལ་དུ་གནས་བཞུགས་བོད་མི་དེ་དག་ནས་ Johnson & Johnson སྔོན་ཁབ་བཞེས་ན་ལེགས་སྐོར་གསུངས་ཡོད།སྤྱིར་འདི་ལོའི་ཟླ་བ་དང་པོའི་ཚེས་ ༡༦...

ལྡི་ལིའི་བོད་མི་ན་གཞོན་ཚོར་ཏོག་དབྱིབས་སྔོན་ཁབ་མཐུན་འགྱུར་གནང་བ།

རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་གྱིས་ད་བར་རྒྱ་གར་ནང་མི་གྲངས་འབུམ་བཞི་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་མ་ཟད་རྒྱ་གར་དང་བལ་ཡུལ། འབྲུག་བཅས་སུ་ཡོད་པའི་བཙན་བྱོལ་བོད་མི་ཁྱོན་ ༡༢༦ ལྷག་གི་ཚེ་སྲོག་ཀྱང་ཤོར་ཡོད་པ་རེད།  ཏོག་དབྱིབས་གཉན་རིམས་དེ་ནི་ནད་རིགས་གཞན་དང་མི་འདྲ་བར་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་ལས་དམིགས་བསལ་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པ་མ་ཟད་ལྷག་པར་དུ་རྒྱ་གར་ནང་ལ་ཆ་མཚོན་ན་འདི་ལོའི་ཕྱི་ཟླ་ ༣ ཙམ་ནས་ནད་རླབས་གཉིས་པ་དེ་ཆེས་ཆེར་ཁྱབ་ནས་བོད་མིའི་འདུ་སྡོད་ས་གནས་ཁག་ཅིག་ཏུ་གནས་སྟངས་ཤིན་ཏུ་ཛ་དྲག་ཆགས་ཏེ་ཁྱོན་བོད་མི་གྲངས་ ༥༠༠༠ མ་ཟིན་ཙམ་ལ་གོད་ཆག་ཕོག་པ་དང་ནད་ཡམས་དེ་ནས་སྐྱོབ་ཐབས་ཀྱི་ལམ་ཞིག་ཡོད་པ་ནི་སྔོན་ཁབ་རྒྱག་རྒྱུ་དེ་ཡིན་ནའང་། རྒྱ་གར་གྱི་མི་འབོར་ལ་གཞིགས་པའི་ནད་འགོག་སྨན་མཁོ་སྒྲུབ་གནང་མ་ཐུབ་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་རེད། འོན་ཏང་རྒྱ་གར་དུ་ཡོད་པའི་བོད་མི་ཚོར་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག་ཅིག་དང་བརྩེ་སེམས་ལྡན་པའི་རང་རིགས་ཁག་ཅིག་གིས་བོད་མིའི་གནས་སྡོད་ཀྱི་ས་གནས་ཁག་ཏུ་རིན་མེད་ཐོག་སྔོན་ཁབ་ཀྱི་མཐུན་འགྱུར་གནང་ཡོད་པ་ལྟར། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཀུན་བཟང་སྤྲུལ་སྐུ་མཆོག་ནས་མཐུན་འགྱུར་གནང་སྟེ་ཁ་ཉིན་རེས་གཟའ་སྤེན་པ་དང་ཉི་མ་བཅས་ཉིན་གཉིས་ཀྱི་རིང་ལ་རང་ལོ་ ༡༨ ནས་ ༤༤ བར་གྱི་ན་གཞོན་གྲངས་ ༤༠༠ ལྷག་ལ་སྔོན་ཁབ་ཀྱི་མཐུན་འགྱུར་གནང་ཡོད་པ་རེད།གཞི་རྩའི་༸སྐྱབས་རྗེ་ཀུན་རྡོར་རིན་པོ་ཆེ་མཆོག་ནས་དེ་སྔོན་ཕྱི་ཟླ་ ༤ ཙམ་ནས་བོད་མིའི་གཞིས་ཆགས་ཁག་ཅིག་དང་སློབ་གྲྭ། དེ་བཞིན་མགོན་སྡེ་གྲྭ་ཚང་ཁག་ཅིག་བཅས་ལ་ནད་ཡམས་སྔོན་འགོག་གི་ཁ་རས། དུག་རྫས་སོགས་ཀྱི་མཐུན་འགྱུར་གནང་ཡོད་པ་ཟད།  སྲོག་འཛིན་རླུང་རྫས་དང་། ཚ་དྲོད་དང་སྲོག་རླུང་ཚད་འཇལ་སོགས་ཀྱི་སྨན་བཅོས་ཡོ་ཆས་ཀྱི་མཐུན་རྐྱེན་ཡང་གནང་མྱོང་ཡོད་པ་རེད།...

གཉན་རིམས་དྲག་སྐྱེད་མ་བྱུང་བར་སྔོན་འགོག་གི་ཐབས་ལམ་ཁག་བསྟེན་དགོས་པའི་གཞེན་སྐུལ།

བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གིས་ད་བར་གཞིས་སྒར་ཁག་གི་བོད་མིར་ཏོག་དབྱིབས་སྔོན་ཁབ་ཐོབ་པར་མཐུན་འགྱུར་རྒྱབ་སྐྱོར་དང་སྦྱིན་བདག་གནང་མཁན་དགོན་སྡེ་ཁག་དང་ཚོགས་སྒེར་སྒྲིག་འཛུགས་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། རྒྱ་གར་ནང་ད་དུང་ཡང་བོད་མི་བརྒྱ་ཆ་ ༢༩ ཙམ་དང་བལ་ཡུལ་ནང་བརྒྱ་ཆ་ ༧༨ ལྷག་ཙམ་ལ་སྔོན་ཁབ་ཐོབ་མེད་སྐོར་གསུསང་སོང་། གསར་འགོད་གསལ་བསྒྲགས་ཐེངས་ ༦༤ སྤེལ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས་སྤྱིར་འདི་ལོའི་ཟླ་ ༡ ཚེས་ ༡༦ ནས་བཟུང་རྒྱ་གར་གྱི་ནང་དུ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་བརྒྱབ་ཡོད་པ་ལྟར་བོད་མིའི་སྤྱི་ཚོགས་ནང་དུའང་སྔོན་ཁབ་དེ་ཐོབ་ཐབས་ཀྱི་ལས་དོན་ཆེས་ཆེར་སྤེལ་བའི་ངང་ནན་མདུན་སྐྱོད་གནང་བཞིན་ཡོད་པར་འགྲེལ་བརྗོད་དང་སྦྲགས། ད་ལྟའི་ཆར་རྒྱ་གར་ནང་གི་བོད་མིའི་གཞིས་སྒར་ཁག་ཏུ་སྔོན་ཁབ་རིམ་པ་དང་པོ་ཐོབ་ཟིན་པ་མི་གྲངས་ ༢༡༣༧༠ དང་སྔོན་ཁབ་རིམ་པ་གཉིས་ཀ་བརྒྱབ་ཟིན་པ་མི་གྲངས་ ༡༤༠༩༦ ཆགས་ཀྱི་ཡོད་སྐོར་གསུངས་པ་མ་ཟད་བལ་ཡུལ་ནང་ལ་མཚོན་ན་ད་བར་ཁྱོན་བོད་མི་ ༣༥༣ ལ་སྔོན་ཁབ་རིམ་པ་གཉིས་ཀ་བརྒྱབ་ཟིན་པ་དང་དེ་བཞིན་ ༡༠༨༤ ལ་སྔོན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་ཡོད་ཀྱང་། ད་དུང་རྒྱ་བལ་གཉིས་ཀྱི་ནང་སྔོན་ཁབ་མ་ཐོབ་པའི་གྲངས་འབོར་དེ་ ༢༠༦༨༥...

༸གོང་ས་མཆོག་གིས་དབུས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ཀྱིས་སྟོབས་ཆེན་རྒྱལ་ཁབ་ཁག་ལ་སྔོན་ཁབ་མཁོ་འདོན་གྱི་ཞུ་སྐུལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ Archbishop of Canterbury འམ་དབྱིན་ཇིའི་ཡི་ཤུའི་ཆོས་དཔོན་ཟུར་པ་ Rowan Williams གཙོས་དབུས་པའི་རྒྱལ་སྤྱིའི་ཆོས་ལུགས་ཀྱི་དབུ་ཁྲིད་ཁག་ཅིག་གིས་ G7 ཞེས་པའི་རྒྱལ་སྤྱིའི་སྟོབས་ཆེན་གྱི་རྒྱལ་ཁབ་བདུན་ལ་དེང་སྐབས་ཏོག་དབྱིབས་རིམས་ནད་སྔོན་ཁབ་བགོ་འགྲེམས་ཆ་སྙོམས་མེད་པ་དེ་མཚམས་འཇོག་གནང་དགོས་པའི་ཞུ་ཡིག་ཅིག་ཕུལ་འདུགདེ་རིང་ནས་དབྱིན་ཡུལ་དུ་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་ལྷན་ཚོགས་དེ་འཚོགས་ཀྱི་ཡོད་པ་དང་བསྟུན་མགོན་པོ་༸གང་ཉིད་མཆོག་གིས་དབུས་བའི་ཆོས་ལུགས་ཀྱི་དབུ་ཁྲིད་ཁག་ཅིག་གིས་དབུ་ཁྲིད་མཛད་པ་བརྒྱུད་དབྱིན་ཡུལ་གྱི་སྲིད་འཛིན་ Boris Johnson མཆོག་གིས་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོར་ཞུ་ཡིག་ཅིག་ཕུལ་བའི་ནང་དུ་སྟོབས་ཆེན་གྱི་རྒྱལ་ཁབ་དེ་དག་གིས་རིམས་ནད་སྔོན་ཁབ་ཀྱི་བདག་དབང་ཚོང་བསྒྱུར་གྱི་གནས་བབ་དེ་ཕྱིར་བསྡུ་གནང་སྟེ་འཛམ་གླིང་ནང་གི་དཔལ་འབྱོར་གྱི་ཡོངས་འབབ་ཆེས་ཞན་པའི་རྒྱལ་ཁབ་ཁག་གི་ནང་དུ་རིམས་ནད་སྔོན་ཁབ་བགོ་འགྲེམས་ཀྱི་མཐུན་རྐྱེན་སྐྲུན་པར་ཤུགས་སྣོན་གནང་དགོས་རར་ཐུགས་བརྩོན་མཛད་འདུག བཀའ་ཡིག་དེའི་ནང་དུ་དེང་གི་སྤྱི་ཚོགས་ཀྱི་ནང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་སྔོན་འགོག་གནང་རྒྱུར་འགོག་ཁབ་འགྲེམས་སྤེལ་གནང་བར་བསྔགས་བརྗོད་དང་སྦྲགས་ཏེ། ད་ཆ་རྒྱལ་སྤྱིའི་ཁྲོད་རིམས་ནད་འགོག་ཁབ་ཀྱི་བརྒྱུད་རིམ་ཁྲོད་དུ་རྒྱལ་ཁབ་ཕན་ཚུན་དབར་དབུལ་ཕྱུག་གི་ཧེ་བག་ཉིན་རེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་པར་བཀའ་སྩལ་བ་དང་ད་ལྟའི་བར་འགོག་ཁབ་ས་ཡ་ ༩༠༠ ལྷག་བགོ་འགྲེམས་ཀྱི་ཁྲོད་དཔལ་འབྱོར་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཁག་ཏུ་བརྒྱ་ཆ་ ༨༣ ལྷག་རག་ཡོད་ཀྱང་། འཚོ་བའི་ཡོང་འབབ་ཞན་པའི་དབུལ་ཕོངས་ཀྱི་རྒྱལ་ཁབ་ཁག་གི་ནང་འགོག་ཁབ་བརྒྱ་ཆ་ ༡ ལས་ཉུང་བ་ལས་རག་མེད་ཅེས་བཀའ་སྩལ་ཏེ། ད་ཆ་སྟོབས་ཆེན་རྒྱལ་ཁབ་ཁག་གིས་དབུ་ཁྲིད་པའི་ཐོག་ནས་དབུལ་ཕོངས་ཀྱི་རྒྱལ་ཁབ་ཁག་གི་ནང་དུ་འགོག་ཁབ་མང་ཙམ་མཁོ་འདོན་གནང་དགོས་པའི་ཞུ་སྐུལ་གནང་འདུག འཛམ་གླིང་གི་འབྱོར་ལྡན་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་ཁོངས་སུ་ཨ་མི་རི་ཀ་དང་ཕ་རན་སི། འཇར་མན། དབྱིན་ཇི། ཁེ་ན་ཌ། ཨི་ཊ་ལི།...

སེར་ར་བྱེས་སྨད་གཉིས་ཀྱིས་སྦེང་ལོར་ཁ་འཐོར་བོད་མིར་སྔོན་ཁབ་མཐུན་འགྱུར་གནང་བ།

ཁ་སང་ལྷོ་ཕྱོགས་སྦེལ་ཀོབ་དུ་རྟེན་གཞི་བྱས་པའི་གདན་ས་ཆེན་མོ་སེར་ར་བྱེས་དང་སྨད་གཉིས་ཀྱིས་སྦེང་ལོར་ཁ་འཐོར་བོད་མི་རང་ལོ་ ༡༨ སོན་པ་རྣམས་ལ་ཏོག་དབྱིབས་གཉན་རིམས་ ༡༩ པའི་འགོག་ཁབ་ Covi Shield ཞེས་པ་དེ་མཐུན་འགྱུར་གནང་སོང་།སྔ་དྲོའི་ཚོུད་ ༩ ་༣༠ སྟེང་ལྷོ་སྤྱི་ལས་ཁུངས་ནས་འགོག་ཁབ་སྨན་སྦྱིན་གནང་བའི་ལས་འགུལ་དེ་གོ་སྒྲིག་གནང་ཡོད་པ་ལྟར་མི་མང་རྣམས་ཀྱི་དང་ཐོག་རང་ཉིད་ཀྱི་མིང་ཐོ་འགོད་གནང་བ་དང་རིམ་བཞིན་སྔོན་ཁབ་བཞེས་པ་མ་ཟད་བོད་ཁྱིམ་གྱི་གསོལ་ཐབ་ཁང་དུ་སྐར་མ་ཉི་ཤུ་ཙམ་གྱི་རིང་ལ་ངལ་གསོ་གནང་ཡོད། སྐབས་དེར་ལྷོ་སྤྱི་ཁྱབ་ཁོངས་སུ་ཚུད་པའི་བོད་མི་ཁྱོན་ ༣༣༩ ལ་སྔོན་ཁབ་རག་ཡོད་པ་རེད།གསར་འགོད་པས་སྔོན་ཁབ་མཐུན་འགྱུར་གནང་མཁན་སེར་སྨད་གྲྭ་ཚང་གི་ཕྱག་མཛོད་དགེ་བཤེས་བློ་བཟང་དབྱིག་གཉེན་ལགས་སུ་མང་ཚོགས་དག་ལ་སྔོན་ཁབ་མཐུན་འགྱུར་བསྐྲུན་པའི་དགོས་པ་གང་ལ་གཟིགས་སམ་ཞེས་སོགས་བཀའ་འདྲི་ཞུས་པར་ཁོང་གིས་སྤྱིར་༸གོང་ས་མཆོ་གིས་རྣམ་ཀུན་ནས་བོད་པའི་དགེ་འདུན་པ་རྣམས་ལ་ཡི་ཤུའི་ཆོས་པ་ལྟར་གཞན་ལ་ཕན་པའི་ཞབས་འདེགས་ཞུ་རྒྱུའི་གལ་ཆེ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་དུས་ནས་དུས་སུ་ཕེབས་དོན་བཞིན་དེ་རེས་གཉན་རིམས་ཁྱབ་གདལ་གྱི་ཛ་དྲག་དུས་སྐབས་འདིར་ཁ་ཡོད་ལག་ཡོད་ཕན་ཐོགས་ཡོད་པར་གཟིགས་ཏེ་ཐོག་སྨན་སྦྱིན་གནང་བར་གསུངས་སོང་།དེ་བཞིན་ཉིན་རྒྱབ་ཏུ་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཕྲུག་དང་སྨན་རྩིས་ཁང་གི་སློབ་ཕྲུག ལས་བྱེད། ཉེ་འགྲམ་སུ་བཞུགས་པའི་བོདམི་ཁྱོན་ ༢༣༨ ལ་སྔོན་ཁབ་བརྒྱབ་ཡོད་པ་རེད།སྤྱིར་བཏང་རྒྱ་གར་དབུས་གཞུང་ནས་རང་ལོ་ ༡༨ སོན་པ་རྣམས་ལ་སྔོན་ཁབ་རྒྱག་ཆོག་པའི་བཀའ་བརྒྱ་དེ་ཟླ་བ་གཅིག་གི་སྔོན་ལ་བཏང་ཟིན་ཡོད་ཀྱང་། དངོས་སུ་གཞོན་སྐྱེས་རྣམས་ལ་ཐོབ་རྒྱུ་དཀའ་ལས་ཁག་པོ་ཆགས་པའི་གནས་སྟངས་གྱུར་ཡོད་པ་རེད།གདན་ས་ཆེན་མོ་སེར་ར་བྱེས་དང་སྨད་གཉིས་ཀྱིས་གཞོན་སྐྱེས་གཙོས་མང་ཚོགས་ལ་རིན་མེད་ཐོག་སྔོན་ཁབ་ཀྱི་མཐུན་འགྱུར་གནང་དོན་ལྟར་སྔོན་ཁབ་བཞེས་མཁན་གྱི་གཞོན་སྐྱེས་འགར་བཅར་འདྲི་ཞུས་པར་སྔོན་ཁབ་རག་པར་འབད་བརྩོན་གང་ཐུབ་ཞུས་ཀྱང་རག་མེད་སྐོར་དང་ད་རེས་རིན་མེད་ཐོག་བོད་པའི་ཁོར་ཡུག་ནང་དུ་སྔོན་ཁབ་བཞེས་རྒྱུ་བྱུང་བར་དགའ་སྤྲོ་དཔག་མེད་བྱུང་སོང་ཞེས་སོགས་གསུངས་ཡོད།

ལོ་ན་བཅོ་བརྒྱད་ཡན་ལ་སྔོན་ཁབ་ཐོབ་ཐབས་ལ་འབད་བཞིན་པ།

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ ༡༩ ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༦༢ པའི་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་རྒྱ་གར་ནང་ད་ཆ་ལོ་ན་བཅོ་བརྒྱད་ཡན་ལ་སྔོན་ཁབ་བསྐྱོན་རྒྱུ་བཀའ་འཁྲོལ་ཐོབ་ཡོད་ཀྱང་མང་ཚོགས་སྤྱིར་སྔོན་ཁབ་རག་ཐབས་ད་ཆ་དཀའ་བས་བོད་མིའི་སྒྲིག་འཛུགས་ནས་ལོ་ན་བཅོ་བརྒྱད་ཡན་ལ་ཏོག་དབྱིབས་སྔོན་ཁབ་ཐོབ་ཐབས་ལ་འབད་བརྩོན་གནང་གི་ཡིན་སྐོར་གསུངས་པ་དང་འབྲེལ་ཏེ་འདས་པའི་དུས་ཡུན་ནང་བོད་པར་ཤ་ཚ་ཡོད་མཁན་དང་བོད་མི་རྣམས་ནས་ནད་ཡམས་འགོག་ཐབས་སླད་ཁ་རས་དང་སྲོག་རླུང་སོགས་ཀྱི་ཞལ་འདེབས་ཕོན་ཆེ་གནང་ཡོད་པ་དང། ད་ཆ་སྔོན་ཁབ་ཐད་དཀའ་ངལ་འཕྲད་བཞིན་ཡོད་སྟབས་དེའི་ཐད་ཞལ་འདེབས་གནང་མཁན་ཡོད་ན་དགའ་བསུ་ཡོད་སྐོར་གསུངས་སོང་།དྲུང་ཆེ་མཆོག་གིས་བཙན་བྱོལ་བོད་མིའི་འདུས་སྡོད་ནང་ནད་རླབས་གཉིས་པར་བོད་མི་ནད་གཞི་ཕོག་པ་དང་འདས་གྲོངས་སུ་གྱུར་བའི་ཁ་གྲངས་དེ་ནད་རླབས་དང་པོ་ལས་ལྡབ་འགྱུར་གྱི་མང་བ་བྱུང་ཡོད་པས་བོད་མི་མང་ཚོགས་ནས་མུ་མཐུད་ནད་ཡམས་ཁྱབ་གདལ་འགོག་ཐབས་སླད་སྔོན་འགོག་གི་ལམ་སྟོན་ཁག་བསྟེན་དགོས་པ་དང་ལྷག་པར་དུ་ནད་རླབས་གཉིས་པའི་ཁྲོད་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཆེ་བ་ཁག་ཅིག་ནང་ནད་གཞི་ཕོག་པ་ ༡༢༠ ཙམ་ཞིག་ལསྨན་བཅོས་གནང་བཞིན་པ་དང་དེ་མིན་གཞན་ནད་གཞི་ཛ་དྲག་མེད་པ་རྣམས་རང་ཤག་ཏུ་བཞུགས་ཡོད་སྐོར་གསུངས་པ་དང་ཆབས་ཅིག   སྨན་ཁང་སོ་སོར་ནད་པ་ཛ་དྲག་དེ་ཙམ་མེད་པ་རྣམས་སྨན་བཅོས་གནང་ནས་དྲག་སྐྱེད་འགྲོ་མཁན་ཚོར་ཟླ་བ་འདིའི་ཚེས་ ༡ ནས་སྨན་བཅོས་ཡོངས་འཕྲོད་བསྟེན་ལས་ཁུངས་ནས་རིན་མེད་གནང་གི་ཡིན་ཞེས་གསུངས་ཡོད། དེ་བཞིན་ད་ལྟའི་ཆར་ལོ་ན་བཅོ་བརྒྱད་ཡན་ལ་ཏོག་དབྱིབས་སྔོན་ཁབ་བསྐྱོན་གྱི་ཡོད་པས་སྔོན་ཁབ་རག་དཀའ་བའི་གནས་སྟངས་ཆགས་སྟབས་སྒྲིག་འཛུགས་ནས་སྔོན་ཁབ་ཐོབ་ཐབས་ལ་འབད་བརྩོན་གནང་གི་ཡོད་སྐོར་གསུངས་སོང་བ་མ་ཟད། ཁག་ཅིག་གིས་ནད་རླབས་གསུམ་པ་ཡོང་གི་རེད་ཅེས་བཀའ་མོལ་གནང་གི་ཡོད་སྟབས་བོད་མིའི་སྒྲིག་འཛུགས་ནས་བྱིས་པ་ལོ་ ༤ ནས་བཅོ་བརྒྱད་དང་། དེ་བཞིན་དེའི་ཡན་སྔོན་ཁབ་མ་ཐོབ་མཁན་ཚོར་སྨན་རྩིས་ཁང་ནས་བཟོ་སྐྲུན་གནང་བའི་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཕུལ་གྱི་ཡིན་ཅེས་གསུངས་སོང་བ་དང་། ད་ལྟ་ནད་ཡམས་ཀྱི་དུས་ཚོད་ལ་འདུ་འཛོམས་གནང་ནས་ཆོས་ཕྱོགས་ཀྱི་ལས་དོན་མ་གནང་རོགས་ཞེས་འབོད་སྐུལ་གནང་སོང་།  ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་གསོ་རིག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ད་རེས་གཟའ་འཁོར་འདིའི་ནང་བོད་མིའི་འདུས་སྡོད་ཁག་ཏུ་མི་གྲངས་ ༢༩༦ ལ་ནད་གཞི་ཕོག་པ་དང་དེའི་ཁྲོད་དགུང་གྲངས་མཐོ་ཤོས་དེ་ལོ་ན་ ༦༦ དང་ཆུང་ཤོས་ནི་བྱིས་པ་ལོ་ ༢ ཡིན་པར་གསུངས་པ་མ་ཟད་བདུན་ཕྲག་འདིའི་ནང་བོད་མི་ ༨ འདས་གྲོངས་སུ་ཕྱིན་པ་དང་ཁོང་རྣམས་ནི་ལོ་ན་ ༥༠ ནས་ ༩༠...

བདེ་ལེགས་སྨན་ཁང་ལ་གཉན་རིམས་བཅུ་དགུའི་སྔོན་ཁབ་བརྒྱབ་རྒྱུར་བཀའ་འཁྲོལ་ཐོབ་པ།  

རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཆེས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ནད་གཞི་ལ་གདོང་ལེན་སླད་ད་ལྟའི་ཆར་རྒྱ་གར་ནང་གཞུང་སྒེར་གཉིས་ཀྱི་སྨན་ཁང་ཁག་ཏུ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་རྒྱག་བཞིན་པ་དང་། དེའི་ཁྲོད་ཉེ་ལམ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་ལ་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་ནས་མང་ཚོགས་ལ་སྔོན་ཁབ་བརྒྱབ་ཆོག་པའི་བཀའ་འཁྲོལ་ཐོབ་ཡོད་པ་རེད། སྤྱིར་ད་ཆ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་ཁབ་དེ་ལོ་ན་ ༦༠ ཡན་དང་དེ་བཞིན་ ༤༥ ཡན་གང་ཞིག་ལ་ཁྲག་ཤེད་དང་གཅིན་སྙི་སོགས་བླ་གཉན་གྱི་ནད་གཞི་ཡོད་རིགས་ལ་བརྒྱབ་དང་རྒྱག་མུས་ཡིན་པ་རེད།གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་གྲངས་ཐོར་གཞིགས་ཚེ་ད་བར་བོད་མིའི་འདུ་སྡོད་ཁག་ཏུ་གནས་བཞུགས་བོད་མིའི་ཞལ་གྲངས་ ༡༦༢༥ ཙམ་ལ་གཉན་རིམས་ཕོག་ཡོད་པ་དང་། དེའི་ཁྲོད་བོད་མི་ ༤༥ འདས་གྲོངས་སུ་གྱུར་བའི་གནས་སྟངས་བྱུང་བ་དེ་ལྟར་ཡང་། དྲག་སྐྱེད་བྱུང་བ་ ༡༥༤༩  དང་དེ་བཞིན་ད་ལྟ་ནད་ཀྱིས་མནར་བཞིན་པ་ ༣༡ ཆགས་ཀྱི་ཡོད་པ་རེད།རྒྱ་གར་ནང་སྔོན་ཁབ་དབུ་འཛུགས་གནང་བ་ནས་ད་བར་མདུན་བསྐྱོད་ཞབས་ཞུ་བ་མི་གྲངས་ ༦༨༡ དེ་བཞིན་བོད་མི་ལོ་ན་ ༦༡ ཡན་དང་ ༤༥ ཡན་བླ་གཉན་གྱི་ནད་གཞི་ཡོད་པ་མི་གྲངས་...

Latest news

- Advertisement -spot_img