Tibetan Royal Year of 2151 | Year of the Wood Dragon

ལྡི་ལིའི་བོད་མི་ན་གཞོན་ཚོར་ཏོག་དབྱིབས་སྔོན་ཁབ་མཐུན་འགྱུར་གནང་བ།

Tibetan News Headlines

  • Beijing’s goal is to turn young Tibetans Chinese : Sikyong Penpa Tsering
  • Tibetan rights group condemns China’s collective punishments of Tibetan human rights defenders’ families
  • Hungary and China sign strategic cooperation agreement during visit by Chinese President Xi
  • US Select Committee on CCP begins investigation into Georgia Tech’s partnership with China’s affiliate university
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༥། ༡༠

  • བོད་ཕྲུག་ཀྲུང་གོ་ཅན་དུ་བསྒྱུར་ཐབས་བྱ་རྒྱུ་ནི་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་དེ་རེད་ཅེས་གསུངས་འདུག
  • རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་མཉམ་བསྡུས་ཀྱི་ཉེས་ཆད་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་སོང་།
  • རྒྱ་ནག་དང་ Hungary གཉིས་དབར་ཚོང་འབྲེལ་གོང་འཕེལ་གཏང་རྒྱུའི་གྲོས་མཐུན་བཞག་འདུག
  • Georgia Tech མཐོ་སློབ་དང་རྒྱ་དམག་དབར་འབྲེལ་བ་ཡོད་མེད་ཀྱི་ཞིབ་འཇུག་འགོ་འཛུགས།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་གྱིས་ད་བར་རྒྱ་གར་ནང་མི་གྲངས་འབུམ་བཞི་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་མ་ཟད་རྒྱ་གར་དང་བལ་ཡུལ། འབྲུག་བཅས་སུ་ཡོད་པའི་བཙན་བྱོལ་བོད་མི་ཁྱོན་ ༡༢༦ ལྷག་གི་ཚེ་སྲོག་ཀྱང་ཤོར་ཡོད་པ་རེད།  ཏོག་དབྱིབས་གཉན་རིམས་དེ་ནི་ནད་རིགས་གཞན་དང་མི་འདྲ་བར་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་ལས་དམིགས་བསལ་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པ་མ་ཟད་ལྷག་པར་དུ་རྒྱ་གར་ནང་ལ་ཆ་མཚོན་ན་འདི་ལོའི་ཕྱི་ཟླ་ ༣ ཙམ་ནས་ནད་རླབས་གཉིས་པ་དེ་ཆེས་ཆེར་ཁྱབ་ནས་བོད་མིའི་འདུ་སྡོད་ས་གནས་ཁག་ཅིག་ཏུ་གནས་སྟངས་ཤིན་ཏུ་ཛ་དྲག་ཆགས་ཏེ་ཁྱོན་བོད་མི་གྲངས་ ༥༠༠༠ མ་ཟིན་ཙམ་ལ་གོད་ཆག་ཕོག་པ་དང་ནད་ཡམས་དེ་ནས་སྐྱོབ་ཐབས་ཀྱི་ལམ་ཞིག་ཡོད་པ་ནི་སྔོན་ཁབ་རྒྱག་རྒྱུ་དེ་ཡིན་ནའང་། རྒྱ་གར་གྱི་མི་འབོར་ལ་གཞིགས་པའི་ནད་འགོག་སྨན་མཁོ་སྒྲུབ་གནང་མ་ཐུབ་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་རེད། འོན་ཏང་རྒྱ་གར་དུ་ཡོད་པའི་བོད་མི་ཚོར་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག་ཅིག་དང་བརྩེ་སེམས་ལྡན་པའི་རང་རིགས་ཁག་ཅིག་གིས་བོད་མིའི་གནས་སྡོད་ཀྱི་ས་གནས་ཁག་ཏུ་རིན་མེད་ཐོག་སྔོན་ཁབ་ཀྱི་མཐུན་འགྱུར་གནང་ཡོད་པ་ལྟར། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཀུན་བཟང་སྤྲུལ་སྐུ་མཆོག་ནས་མཐུན་འགྱུར་གནང་སྟེ་ཁ་ཉིན་རེས་གཟའ་སྤེན་པ་དང་ཉི་མ་བཅས་ཉིན་གཉིས་ཀྱི་རིང་ལ་རང་ལོ་ ༡༨ ནས་ ༤༤ བར་གྱི་ན་གཞོན་གྲངས་ ༤༠༠ ལྷག་ལ་སྔོན་ཁབ་ཀྱི་མཐུན་འགྱུར་གནང་ཡོད་པ་རེད།གཞི་རྩའི་༸སྐྱབས་རྗེ་ཀུན་རྡོར་རིན་པོ་ཆེ་མཆོག་ནས་དེ་སྔོན་ཕྱི་ཟླ་ ༤ ཙམ་ནས་བོད་མིའི་གཞིས་ཆགས་ཁག་ཅིག་དང་སློབ་གྲྭ། དེ་བཞིན་མགོན་སྡེ་གྲྭ་ཚང་ཁག་ཅིག་བཅས་ལ་ནད་ཡམས་སྔོན་འགོག་གི་ཁ་རས། དུག་རྫས་སོགས་ཀྱི་མཐུན་འགྱུར་གནང་ཡོད་པ་ཟད།  སྲོག་འཛིན་རླུང་རྫས་དང་། ཚ་དྲོད་དང་སྲོག་རླུང་ཚད་འཇལ་སོགས་ཀྱི་སྨན་བཅོས་ཡོ་ཆས་ཀྱི་མཐུན་རྐྱེན་ཡང་གནང་མྱོང་ཡོད་པ་རེད། ད་རེས་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་བོད་ཁྱིམ་སློབ་གྲྭར་རེས་གཟའ་སྤེན་པ་དང་ཉི་མ་བཅས་ཀྱི་སྔོན་ཁབ་དེ་རིན་པོ་ཆེ་མཆོག་གི་རྒྱུན་གྲོན་འོག་བོད་སྒར་བསམ་ཡས་གླིང་གི་ས་གནས་འགོ་འཛིན་དང་བརྒྱ་འཐུས། ས་གནས་འཕྲོད་བསྟེན་སྨན་ཁང་བཅས་ཐུན་མོང་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།རྒྱལ་ས་ལྡི་ལི་ནང་བོད་མི་གྲངས་ ༣༠༠༠ ལྷག་ཙམ་གནས་སྡོད་གནང་གི་ཡོད་པ་དང་སྔ་ལོ་ ༢༠༢༠ ནས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འོག་བོད་མི་ ༡༧༠ ལྷག་ལ་དཀའ་ངལ་འཕྲད་ཡོད་ཀྱང་། འདས་གྲོངས་སུ་འགྱུར་བའི་གྲངས་འབོར་དེ་མི་གྲངས་ ༧  ལས་བྱུང་མེད་པ་མ་ཟད་ད་ལྟའི་ཆར་བོད་སྒར་བསམ་ཡས་གླིང་དང་ལ་དྭགས་དྷརྨ་སཱ་ལཱ་བཅས་ཀྱི་བོད་མི་གཅིག་ལ་ཡང་ནད་ཡམས་དེ་མེད་པར་ཚང་མ་བདེ་བར་གནས་ཡོད་པ་རེད།ཕྱོགས་མཚུངས་སུ་ཧི་མཱ་ཅལ་མངའ་སྡེའི་ Sirmour རྫོང་ནང་དུ་ཡོད་པའི་དཔལ་གཤེན་བསྟན་སྨན་རི་གླིང་དགོན་པས་ཀྱང་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ལ་གདོང་ལེན་དང་འབྲེལ་ཛ་དྲག་ཚོགས་ཆུང་ཆེད་འཛུགས་ཀྱིས་སྨན་རི་གླིང་དགོན་པའི་དགེ་འདུན་པ་དང་དྷོ་ལན་ཇི་བོད་གཞིས་མི་མང་བཅས་ལ་རིམས་ནད་འགོག་ཐབས་ཀྱི་ལས་གཞི་སྣ་མང་སྤེལ་མུས་ཁྲོད་དགོན་གཞིས་མི་མང་རྣམས་ཕྱི་བསྐྱོད་གནང་མ་དགོས་པར་གཞིས་ཆགས་སྨན་ཁང་ནས་སྔོན་ཁབ་རྒྱག་རྒྱུའི་ལས་གཞི་སྤེལ་མུས་རེད་འདུགདེ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་དུ་༸སྐྱབས་རྗེ་སླེ་ལུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་འབྲས་སྤུངས་སྒོ་མང་། དགོན་སྡེ་ཁག་ཅིག་གིས་ས་གནས་འགོ་འཛིན་ལས་ཁུངས་དང་ལྷན་དུ་མཉམ་འབྲེལ་ཐོག་གཞིས་ཆགས་ཀྱི་མང་ཚོགས་ ༢༨༠༠ ལྷག་དང་གྲྭ་བཙུན་བཅས་ལ་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་སྨན་ཁབ་བརྒྱབ་པ་མ་ཟད། ༸སྐྱབས་རྗེ་སླེ་ལུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་གཉན་རིམས་སྔོན་འགོག་ཁབ་རྒྱག་ཆེད་རོགས་དངུལ་སྒོར་ ༡༠༤༥༠༠༠།༠༠ ཐམ་པ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།