Tibetan Royal Year of 2151 | Year of the Wood Dragon

བོད་མི་ ༡༥༠ ལྷག་གིས་ཝ་ཤིང་ཊོན་ཌི་སིར་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བ།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

ཁ་སང་ཕྱི་ཚེས་ ༢༧ ནས་དེ་རིང་ཕྱི་ཚེས་ ༢༨ བར་ཉིན་གྲངས་གཉིས་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་ཨ་རིའི་ས་གནས་འདྲ་མིན་ནས་བོད་མི་རྣམས་རྒྱལ་ས་ཝ་ཤིང་ཊོན་དུ་འདུ་འཛོམས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཆེད་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་ ༡༥ སྤེལ་བཞིན་འདུག

བོད་དོན་ཞུ་གཏུག་གི་ལས་འགུལ་ནང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རིགས་སྤྱི་མཐུན་ཚོགས་པ། བོད་ཀྱི་གྲོགས་པོ་སོགས་ས་གནས་ཁག་ཉི་ཤུ་ལྷག་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༡༥༠ ལྷག་མཉམ་ཞུགས་ཀྱིས་ས་གནས་སོ་སོའི་མངའ་སྡེའི་འཐུས་མི་དང་ལས་བྱེད་རྣམ་པར་དངོས་སུ་ཐུག་འཕྲད་བརྒྱུད་ནས་བོད་ནང་གི་དངོས་ཡོད་གནས་སྟངས་རྣམས་སྙན་སེང་དང་ལྷག་པར་ཉེ་སྔོན་ཨ་རིའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་འདོན་སྤེལ་གནང་བར་རྒྱབ་སྐྱོར་ཐོབ་ཐབས་སོགས་ཀྱི་ཞུ་གཏུག་གནང་བཞིན་ཡོད་པ་རེད། 

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་ནི་ཨ་རིར་གནས་བཞུགས་བོད་མི་རྣམས་ཀྱི་ནུས་པ་གཅིག་ཏུ་སྒྲིལ་ཏེ་བོད་དོན་ཐོག་ནུས་པ་མཉམ་སྤུངས་རྒྱུར་དམིགས་པ་ཞིག་ཡིན་པ་དང་། ང་ཚོས་བོད་ཀྱི་འཐབ་རྩོད་ཆེད་དུ་སེམས་ཤུགས་ནམ་ཡང་མ་ཆགས་པར་འབད་དགོས་གལ་དང་། ཨ་རིར་གནས་བཞུགས་བོད་མི་རྣམས་ཨ་རིའི་མི་སེར་དང་གཅིག་མཚུངས་ཡིན་པ་ལས་གཉའ་གནོན་འོག་དཀའ་སྡུག་མྱོང་བའི་མི་རིགས་ཤིག་མིན་པར་བོད་དོན་ཞུ་གཏུག་གི་ལས་འགུལ་འདིའི་བརྒྱུད་ནས་བརྡ་ལན་སྤྲོད་ཀྱི་ཡོད་ཅེས་གསུངས་འདུག

སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས་ཀྱིས་བོད་རིགས་གཞོན་སྐྱེས་མང་པོ་བོད་དོན་ཞུ་གཏུག་གི་ལས་འགུལ་ནང་མཉམ་ཞུགས་གནང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་འབྲེལ། ཁོང་ཐོག་མར་བོད་པའི་སྤྱི་ཚོགས་དང་འབྲེལ་བ་ཇི་ལྟར་བྱུང་ཚུལ་གྱི་དེ་བྱུང་དྲན་གསོ་དང་ལྷག་པར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་བྱུང་བ་ནས་བཟུང་ཁོང་གི་མི་ཚེར་འགྱུར་ལྡོག་ཆེན་པོ་ཐེབས་སོང་ཞེས་སོགས་གསུངས་འདུག

ཁོང་གིས་ད་དུང་ང་ཚོའི་ལས་འགུལ་འདི་ནི་འཚེ་བ་མེད་པའི་ལས་འགུལ་ཞིག་དང་། ལས་འགུལ་སྤེལ་བའི་རྐྱེན་གྱིས་འགྱུར་ལྡོག་འཕྲལ་མར་ཡོང་རྒྱུ་ཁག་པོ་ཡིན་པ་དེ་ལྟར་ནའང་། འཐབ་རྩོད་ཆེད་འབད་བརྩོན་རྒྱུན་སྲིང་དགོས་གལ་ཡིན་པར་གསུངས་པ་དང་ཆབས་ཅིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ནི་ཆེས་གཏིང་དཔོག་དཀའ་བའི་རླབས་ཆེན་ཡིན་པ་སོགས་གསུངས་ཡོད། 

བོད་དོན་ཞུ་གཏུག་དང་འབྲེལ་ཏེ་དེ་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ CECC ཞེས་པའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་བོད་དོན་ཉན་ཞིབ་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་དོན་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དྲ་ཐོག་བརྒྱུད་མཉམ་ཞུགས་གནང་རྒྱུ་དང་། སྐབས་དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་དང་བོད་དོན་ལས་འགུལ་ཁང་གི་ངེས་སྟོན་པ་ལྷ་སྒྲོན་བཀྲས་མཐོང་ལགས། ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་ལགས་བཅས་མཉམ་ཞུགས་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།