Tibetan Royal Year of 2151 | Year of the Wood Dragon

བོད་བརྒྱུད་ནང་བསྟན་ཚད་མའི་ལྟ་གྲུབ་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་བཞིན་པ།

Tibetan News Headlines

  • Report Card: Exclusive interview with Sikyong Penpa Tsering as his Kashag completes 3 years in office

རེས་གཟའ་ཉི་མ། ༢༠༢༤།༠༥།༢༦

  • སྲིད་སྐྱོང་མཆོག་དང་ལྷན་དུ་སྐབས་ ༡༦ པའི་བཀའ་ཤག་གི་འདས་པའི་ལོ་གསུམ་གྱི་ལས་དོན་སྐོར་གླེང་མོལ།

 

ཁ་སང་ཟླ་ ༡༠ ཚེས་ ༣ ཉིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བོད་བརྒྱུད་ནང་བསྟན་ཚད་མའི་ལྟ་གྲུབ་ཐོག་རྒྱལ་ཡོངས་བ30གྲོ་གླེང་ཆེན་མོ་ཐེངས་དང་པོ་བསྐོང་ཚོགས་གནང་ཡོད་པ་རེད།

ཐེངས་འདིའི་ཚོགས་འདུ་དེའི་ཐོག་ས་དགེ་བཀའ་རྙིང་དང་བོན། ཇོ་ནང་ལ་སོགས་པའི་གདན་ས་ཁག་ནས་དམིགས་བསལ་ཚད་མའི་གཞུང་ལུགས་ལ་མཁས་པའི་དགེ་བཤེས་དང་མཁན་པོ། དེ་བཞིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་དང་རང་གཞུང་བཅས་ཀྱི་སློབ་དཔོན་རྣམ་པ་དང་ཚོགས་མི། དེ་བཞིན་སློབ་དཔོན་འཛིན་གྲྭའི་སློབ་གཉེར་བ་ཅས་ཁྱོན་ཚོགས་བཅར་བ་ ༢༥༠ ལྷན་ཞུགས་གནང་འདུག

བགྲོ་གླེང་དེའི་དགོས་དམིགས་གཙོ་བོ་ནི་ཚད་མའི་རྣམ་གཞག་སྤྱི་དང་བདག་ཅག་གི་སྟོན་པ་མཉམ་མེད་ཤྭཀྱ་ཐུབ་པ་དེ་ཉིད་ཚད་མའི་སྐྱེས་བུར་བསྒྲུབ་རྒྱུའི་རིག་པའི་རྣམ་གཞག་ཇི་ཡོད་ཤེས་རྟོགས་ཐུབ་ཐབས་གཙོས། ཚད་གཞུང་ནས་གསུང་པའི་རྟོག་པ་དང་མངོན་སུམ་གྱི་རྣམ་གཞག་དེ་དེང་དུས་དང་མཐུན་པར་འགྲེལ་ཐབས་གནང་རྒྱུ་སོགས་ཀྱི་དགོས་དམིགས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།