Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་ཨེམས་ཊར་ཌེམ་ས་གནས་བོད་རིགས་མང་ཚོགས་དང་ཐུག་འཕྲད།

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

ཟླ་འདིའི་ཚེས་ ༢༣ ནས་ ༢༥ བར་ཉིན་གྲངས་གསུམ་རིང་ Belgium སྦེལ་ཇི་ཡམ་གྱི་རྒྱལ་ས་  Brussels སྦར་སིལ་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ དེ་ལེགས་གྲུབ་ཟིན་པའི་རྗེས་ཏེ་ཕྱི་ཚེ་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨེམས་ཊར་ཌེམ་ Amsterdam དུ་ཐེངས་དང་པོ་ཕེབས་འབྱོར་གྱིས་ས་གནས་མང་ཚོགས་དང་མཇལ་འཕྲད་གནང་འདུག

Sikyong Amsterdam Visit

དེ་ཡང་སྲིད་སྐྱོང་མཆོག་ཨེམས་ཊར་ཌེམ་ Amsterdam དུ་ཕེབས་འབྱོར་གནང་སྐབས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ལགས་ཀྱི་དབུས་པའི་ནཱི་དར་ལེནྜ་ས་གནས་མང་ཚོགས་དང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་བཅས་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་འདུག་པ་མ་ཟད། སྲིད་སྐྱོང་མཆོག་གིས་ཨེམས་ཊར་ཌེམ་ས་གནས་བོད་རིགས་མང་ཚོགས་ལ་མཇལ་འཕྲད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་ངོ་སྤྲོད་གསུངས་བཤད་དང་སྦྲགས། ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཚད་མཐོ་པོའི་མང་མོས་ཀྱི་ཐོག་ནས་གཏན་འབེབས་གནང་ཐུབ་ཡོད་པའི་སྐོར་གསུངས་བཤད་གནང་ཡོད་འདུག

Sikyong Amsterdam Visit

སྐབས་དེར་མང་ཚོགས་ཁྲོད་ནས་སྲིད་སྐྱོང་མཆོག་གི་སྣེ་འཁྲིད་པའི་བཀའ་ཤག་སྐབས་ ༡༦ པའི་ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་ལ་འདྲི་རྩེད་གནང་མཁན་མང་དག་ཞིག་བྱུང་བའི་ཁྲོད། འདས་ཟིན་པའི་ལོ་གསུམ་ཙམ་གྱི་ལས་ཡུན་གྱི་གྲུབ་འབྲས་གཙོས་པའི་གནད་དོན་ཁག་གཅིག་གི་ཐོག་དྲི་བ་ཕུལ་མཁན་བྱུང་འདུག

Sikyong Amsterdam Visit

འདི་ག་རླུང་འཕྲིན་ཁང་ནས་སྲིད་སྐྱོང་མཆོག་གི་ Netherland ནཱི་ཐར་ལན་ཌིའི་ཁུལ་གྱི་མཛད་འཆར་དང་འབྲེལ་ནས་ནཱི་ཐར་ལན་ཌི་བོད་རིགས་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་སྐབས་སྲིད་སྐྱོང་མཆོག་གིས་ཨེམས་ཊར་ཌེམ་ས་གནས་བོད་རིགས་མང་ཚོགས་དང་མཇལ་འཕྲད་ཟིན་པའི་རྗེས་སུ་ནཱི་ཐར་ལན་ཌིའི་བོད་རིགས་གཞོན་སྐྱེས་རྣམས་དང་ཟུར་དུ་མཇལ་འཕྲད་ཀྱིས་བོད་ཀྱི་གནད་དོན་གཙོས་བོད་དེ་སྣེ་མོ་གསུམ་པ་དང་། བོད་དེ་ཨ་ཤེའི་རྒྱལ་ཁབ་མང་དག་ཅིག་གི་ཆུ་བའི་བྱུང་ཁུངས་ཡིན་པ་སོགས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་སོགས་ཀྱི་སྐོར་ལ་གཏམ་བཤད་དང་དྲི་བར་དྲི་ལན་གནང་ཡོད་པ་གསུངས་སོང་།

Sikyong Amsterdam Visit

ཚོགས་གཙོ་ལགས་ཀྱིས་ད་དུང་སྲིད་སྐྱོང་མཆོག་ཕྱི་ཚེས་ ༢༨ ཉིན་ Geneva ཇི་ནི་ཝར་རྟེན་གཞི་བྱེད་པའི་བྷར་ཛིལ་ Brazil UOL News Media ཞེས་པའི་གསར་ཁང་གི་བཅར་འདྲི་དང་ལེན་ཞུས་པ་དང་། སྲིད་སྐྱོང་མཆོག་ཁུལ་དེར་ཆེད་ཕེབས་དང་བསྟུན་ནས་སྦེལ་ཇམ་སྐུ་ཚབ་དོན་ཁང་དང་ནཱི་ཐར་ལན་ཌིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་ནཱི་ཐར་ལན་ཌིའི་བོད་རིགས་ལྷན་ཚོགས་བཅས་ཀྱིས་སྲིད་སྐྱོང་དབུས་པའི་བོད་དོན་དང་འབྲེལ་བའི་ཚོགས་པ་ཆེ་ཆུང་ཁག་ ༡༦ ཀྱི་སྐུ་ཚབ་མི་སྣར་གསོལ་ཚིགས་འདེགས་འབུལ་ཞུས་པ་དང་། སྲིད་སྐྱོང་མཆོག་གིས་སྐབས་དེར་ཚོགས་པ་ཁག་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་བརྟན་པོ་གནང་བར་ཐུགས་རྗེ་ལེགས་འབུལ་གྱི་འཚམས་འདྲི་ཞུས་ཡོད་པ་གསུངས་སོང་།

Sikyong Amsterdam Visit

གཞི་རྩའི་སྲིད་སྐྱོང་མཆོག་གི་ Netherland ནཱི་ཐར་ལན་ཌིའི་ཁུལ་གྱི་མཛད་འཆར་ཁག་གྲུབ་ཟིན་པའི་རྗེས་སུ་ཉིན་རྒྱབ་ས་གནས་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཐུན་མོང་གིས་སྲིད་སྐྱོང་མཆོག་གནམ་ཐང་དུ་ཕེབས་སྐྱེལ་ཞུ་སྟེ་རྒྱ་གར་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།