Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱིའི་སྤྱི་དམངས་ཚོགས་སྡེ་ཁག་གིས་ཧོང་ཀོང་གི་ཁྲིམས་ཡིག་ལ་ངོ་རྒོལ་བསྒྲགས་གཏམ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་གཙོས་རྒྱལ་སྤྱིའི་སྤྱི་དམངས་ཚོགས་པ་འདྲ་མིན་ ༨༦ ནས་ཧོང་ཀོང་གི་ཁྲིམས་ཡིག་ཨང་ ༢༣ པར་ངོ་རྒོལ་དང་འབྲེལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁྲིམས་ཡིག་དེར་སྐྱོན་བརྗོད་དང་དེའི་ཐད་འགན་འཁྲི་ཡོད་པའི་ཧོང་ཀོང་དང་རྒྱ་ནག་གི་འགོ་ཁྲིད་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་ཞུ་སྐུལ་གནང་འདུག

Hongkong Article 23
Image Source: NHK

ཧོང་ཀོང་གཞུང་གིས་ཉེ་ལམ་ཕྱི་ཟླ་ ༡ ཚེས་ ༣༠ ཉིན་ཡུལ་དེའི་རྩ་ཁྲིམས་ནང་འཁོད་ས་གནས་བདེ་འཇགས་དང་འབྲེལ་བའི་ཁྲིམས་ཡིག་ཨང་ ༢༣ ཐད་མང་ཚོགས་དང་བགྲོ་གླེང་སླད་བདུན་ཕྲག་བཞི་ཅན་གྱི་ཁྲིམས་བཟོའི་བྱ་རིམ་ཞིག་འགོ་འཛུགས་བྱས་པ་ལྟར། དེ་རིང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ ༨༦ ནས་ཁྲིམས་ཡིག་དེས་ཧོང་ཀོང་ས་གནས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྔར་ལྷག་ཇེ་སྡུག་ཏུ་གཏང་རྒྱུ་ཡིན་པ་དང་སྦྲགས། ཁྲིམས་ཡིག་དེར་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་རེད།

Hongkong Article 23
Image Credit: The Guardian

ཁྲིམས་ཡིག་དེ་ནི་གཞུང་གི་གསང་བའི་གནད་དོན་རྐུ་འཁྱེར་དང་། སོ་ཉུལ། རང་གི་རྒྱལ་ཁབ་ལ་ངོ་རྒོལ་སོགས་ཁྲིམས་འགལ་གྱི་བྱ་བ་རིགས་བདུན་བཀག་སྡོམ་བྱ་ཆེད་བཅོས་སྒྲིག་བྱས་པ་ཞིག་ཡིན་པ་དེ་ལྟར་ཡང་། ཁྲིམས་འཆར་དེའི་ནང་དོན་ཁ་གསལ་མེད་པ་མ་ཟད། ཞི་བའི་ངང་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་པའི་བྱ་སྤྱོད་རིགས་ཉེས་ཅན་དུ་བསྒྱུར་ཐབས་བྱེད་ཀྱི་ཡོད་པ་རེད་འདུག

མ་ཟད་ཁྲིམས་འཆར་དེ་དང་འབྲེལ་མང་ཚོགས་དང་བགྲོ་གླེང་གི་ཡིག་ཆའི་ནང་། ཧོང་ཀོང་སྲིད་གཞུང་གིས་ཉེན་རྟོག་པས་གང་ཟག་སུ་ཡང་རུང་བ་ཉེས་འཛུགས་མེད་པར་བཀག་ཉར་དང་། འཛིན་བཟུང་བྱས་པའི་གང་ཟག་དང་ཁོང་གི་འདམ་ག་ཡོད་པའི་ཁྲིམས་རྩོད་པ་གཉིས་དབར་ཐུག་འཕྲད་ཟློག་ཐབས་བྱ་རྒྱུ། མ་ཟད་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་བཙོན་འཇུག་བྱས་པ་རྣམས་བཀག་ཉར་ཁྲོད་སྤྱོད་ལམ་བཟང་པོས་ཉེས་ཆད་དུས་ཡུན་གཅོག་འཁྲི་ཡིས་ཆ་རྐྱེན་མེད་པ་བཟོ་ཐབས། དེ་བཞིན་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་དང་འབྲེལ་བའི་གྱོད་ཞིབ་ཀྱི་མྱུར་ཚད་སྤར་ཐབས་སོགས་ཧོང་ཀོང་མང་ཚོགས་ཀྱི་དྲང་བདེན་གྱོད་ཞིབ་དང་། ཁྲིམས་ཀྱི་རང་དབང་ལ་རྡོག་རོལ་ཤུགས་ཆེ་གཏོང་ཐབས་བྱས་ཡོད་པ་རེད་འདུག

Hongkong Article 23
Photo Credit: HKFP

རྒྱལ་སྤྱིའི་སྤྱི་དམངས་ཚོགས་པ་ ༨༦ གིས་འདོན་སྤེལ་གནང་བའི་བསྒྲགས་གཏམ་དེའི་ནང་ཁྲིམས་ཡིག་ཨང་ ༢༣ དེ་གཏན་འབེབས་བརྒྱུད་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དེ་སྔ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་རྒྱལ་ཡོངས་བདེ་འཇགས་ཀྱི་ཁྲིམས་གཞི་བཙན་དབང་གིས་ལག་བསྟར་བྱས་པ་ལས་ལྷག་་པར་དོ་ཕོག་ཡོང་ངེས་ཡིན་པ་འགྲེལ་བརྗོད་དང་འབྲེལ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་སྒེར་དང་ཡང་ན་མཐུན་ཕྱོགས་རྒྱལ་ཁབ་མཉམ་འབྲེལ་ཐོག་ནས། ཁྲིམས་འཆར་ཨང་ ༢༣ པར་ཡོང་གྲགས་སྒོ་ནས་འགོག་རྒོལ་གྱིས་རྒྱ་ནག་དང་ཧོང་ཀོང་སྲིད་གཞུང་གཉིས་ལ་གནད་དོན་དེའི་ཐད་འབྲེལ་མཐུད་བྱེད་དགོས་པ་མ་ཟད། ཁྲིམས་འཆར་དེ་གསར་གཏོད་བྱེད་མཁན་འབྲེལ་ཡོད་དཔོན་རིགས་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་རྒྱུ་དང་། ཧོང་ཀོང་མི་མང་གི་ཐོབ་ཐང་དང་གཞི་རྩའི་རང་དབང་སྲུང་སྐྱོབ། དེ་བཞིན་རྒྱ་གཞུང་གི་རྒྱལ་མཚམས་ལས་བརྒལ་ཏེ་དྲག་གནོན་འོག་ཚུད་པའི་སྐྱབས་བཅོལ་དུ་ཡོད་པའི་འཐབ་རྩོད་པ་རྣམས་སྲུང་སྐྱོབ་ཀྱི་ཐབས་ལམ་གསར་གཏོད་དགོས་པ། གཞན་ཡང་རྒྱལ་ཁབ་གཞན་དུ་ཡོད་པའི་ཧོང་ཀོང་གི་ཡུལ་མི་རྣམས་ལ་འཇིགས་སྐུལ་བྱེད་མཁན་སུ་ཡང་རུང་བར་ཉེས་ཆད་ཐབས་ལམ་མྱུར་པོ་གནང་དགོས་པ། ཧོང་ཀོང་དུ་རྟེན་གཞི་བྱས་པའི་ཕྱིའི་ཡུལ་གྲུ་ཁག་གི་ཚོང་ལས་ཁང་དང་། ཚོང་ལས་སྡེ་ཚོགས་རྣམས་ཀྱིས་འབྲེལ་ཡོད་གཞུང་ལ་གནད་དོན་དེའི་ཐད་སེམས་འཁུར་འདོན་དགོས་པ་མ་ཟད། རང་སོ་སོའི་ཚོང་ལས་ཀྱིས་ཡུལ་དེའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་འབྲེལ་བ་ཆགས་མིན་ཐད་བསྐྱར་ཞིབ་གནང་དགོས་པ་བཅས་ཀྱི་ཞུ་སྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།