Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་མཛད་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་སའི་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་མཛད་ཡོད་པ་དང་། སྐབས་དེར་མགོན་པོ་༸གང་ཉིན་མཆོག་གིས་ང་ཚོས་འདི་ལྟ་བུའི་གནས་རྩ་ཆེན་དྲུང་དུ་སྨོན་ལམ་བཏབ་རྒྱུ་བྱུང་བ་དེ་ནི་ཤིན་ཏུ་ནས་བསོད་ནམས་ཆེན་པོ་རེད་ཅེས་བཀའ་སྩལ་མཛད་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་འདི་ག་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་ཡོད་པ་དང་།  མཛད་འཆར་གྱི་ཐོག་མར་དེ་རིང་རྡོར་གདན་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་སུ་ཆིབས་བསྒྱུར་མཛད་ཡོད་པ་རེད།    དེ་ཡང་དེ་རིང་སྔ་དྲོའི་ཆུ་ཚོད་ ༨ ཙམ་ལ་མགོན་པོ་༸གང་ཉིད་མཆོག་རྡོར་གདན་རྣམ་གྲྭ་དགའ་ལྡན་འཕེལ་རྒྱལ་གླིང་གི་གཟིམ་ཆུང་ནས་ཆིབས་བསྒྱུར་མཛད་སྐབས་དད་ལྡན་ཆོས་ཞུ་བ་མང་ཚོགས་ནས་མགོན་པོ་༸གང་ཉིད་མཆོག་གི་གསེར་ཞལ་མཇལ་རྒྱུ་སྐལ་བ་བཟང་པོ་བྱུང་ཡོད་པ་མ་ཟད། མགོན་པོ་མཆོག་མཆོད་རྟེན་རིན་པོ་ཆེར་ཞབས་སྐོར་དང་བསྟུན། སྟོན་པའི་སྣང་བརྙན་དྲུང་དུ་ཐུགས་སྨོན་རྒྱ་ཆེར་གྲུབ་མཚམས་སུ་གསར་འགོད་པར་བཀའ་སློབ་སྩལ་དོན་དུ། འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་ཐུགས་སྨོན་མཛད་རྒྱུ་བྱུང་བ་ཐུགས་དགེ་ཚོར་ཆེན་པོ་བྱུང་ཡོད་པ་དང་འབྲེལ། དེང་གི་ཆར་གནམ་གཤིས་འགྱུར་ལྡོག་གིས་མཚོན་པའི་གོ་ལའི་ནང་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པར་དཀའ་ངལ་དེ་དག་ཞི་ཆེད་སངས་རྒྱས་ཀྱི་དྲུང་ཐུགས་སྨོན་མཛད་རྒྱུ་བྱུང་བ་ནི་བསོད་ནམས་ཆེན་པོ་ཞིག་ཡིན་པ་མ་ཟད། འདི་ལྟ་བུའི་གནས་ཆེན་དྲུང་དུ་སྨོན་ལམ་གང་བཏབ་ཀྱང་མཐུ་ནུས་ཆེན་པོ་ཡོད་པ་རེད་ཅེས་བཀའ་སྩལ་སོང་།

འདི་ག་རླུང་འཕྲིན་ཁང་གིས་རྡོར་གདན་མཆོད་རྟེན་རིན་པོ་ཆེའི་སྐུ་གཉེར་གཙོ་བོ་ནང་པའི་དགེ་སློང་ Chalinda མཆོག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དེ་རིང་གི་གནས་གཟིགས་དང་འབྲེལ་ཏེ་ཁོང་སྐུ་སྒེར་གྱི་དགོངས་ཚུལ་ཐད་བཅའ་འདྲི་ཞུས་པར། ཁོང་གིས་༸གོང་ས་མཆོག་གནས་མཆོག་འདིར་ཞབས་སོར་འཁོད་སྐབས་ས་གནས་མི་མང་གཙོས་པའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱི་སེམས་ནང་དགའ་ཚོར་ཆེན་པོ་བྱུང་གི་ཡོད་པ་དང་། འདི་ནི་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་སའི་གནས་ཡིན་པར་བརྟེན། ནང་པའི་གནས་ཁྱད་པར་ཅན་ཞིག་ཆགས་ཀྱི་ཡོད་པར་བརྟེན། ནང་པ་ཡིན་ནོ་ཅོག་སོ་སོའི་མི་ཚེའི་ནང་ཐེངས་གཅིག་གནས་འདིར་ཕེབས་འདོད་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེ་མཆོག་གནས་མཆོག་འདིར་ཡང་ཡང་ཆིབས་བསྒྱུར་མཛད་ཀྱི་ཡོད་སྟབས། ས་གནས་ཀྱི་ཁོར་ཡུག་རང་བཞིན་གྱི་བཟང་དུ་འགྲོ་ཡི་ཡོད། ནང་པའི་བསྟན་བཅོས་ཁག་གི་ནང་དུ་སྟོན་པ་ཐུབ་པའི་དབང་པོ་༸སྐུ་བལྟམས་ཡུལ་དང་། སངས་རྒྱས་ཡུལ། ཆོས་འཁོར་སྐོར་ཡུལ། མྱ་ངན་ལས་འདས་ཡུལ་བཅས་གནས་ཆེན་བཞི་ལ་ངེས་པར་དུ་གནས་མཇལ་དུ་འགྲོས་དགོས། དེ་ལས་དགེ་ཚོགས་ཆེན་པོ་བྱུང་གི་ཡོད་པ་མ་ཟད། འཛམ་གླིང་ཡུལ་གྲུ་གང་ས་ནས་དད་ལྡན་ཆོས་ཞུ་རྣམས་ཡོང་གི་ཡོད། གནས་དེ་དག་ཏུ་ནང་པ་མང་པོས་རང་རང་གི་ལུགས་དང་མཐུན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གནང་གི་ཡོད། འོན་ཀྱང་ང་ཚོ་ཚང་མའི་དམིགས་ཡུལ་གཅིག་པ་དང་། ནང་པ་ཡིན་པ་གཅིག་མཚུངས་རེད་ཅེས་འགྲེལ་བརྗོད་གནང་སོང་།

གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཁ་སང་ཞབས་སོར་འཁོད་པ་དང་བསྟུན། ས་གནས་སུ་ཉིན་རེ་བཞིན་ཆོས་ཞུ་བའི་གྲངས་འབོར་ཇི་ཆེར་འགྲོ་བཞིན་འདུག་པ་མ་ཟད།   དེ་རིང་སྔ་དྲོ་མཆོད་རྟེན་རིན་པོ་ཆེའི་གནས་གཟིགས་སྐབས་མགོན་པོ་༸གང་ཉིད་མཆོག་གི་ཞལ་མཇལ་ཆེད་མི་མང་སྟོང་ཕྲག་མང་པོ་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་ཆེད་བཅར་ཞུས་འདུག

༸སྐུ་པར་བདག་དབང་། དགའ་ལྡན་ཕོ་བྲང་།

འབྲེལ་ཡོད་གསར་གནས།

གསར་གནས།