Tibetan Royal Year of 2151 | Year of the Wood Dragon

འདས་ལོར་བོད་ནང་ཆབ་སྲིད་དོན་རྐྱེན་གང་ཡང་བྱུང་མེད་པའི་རྫུན་བཤད།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

ཟླ་བ་འདིའི་ཚེས་ ༤ དང་ ༥ སོ་སོར་རྒྱ་ནག་རྒྱལ་ས་པེ་ཅིང་དུ་སྐབས་ ༡༤ པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཅས་ལོ་འཁོར་ཚོགས་འདུ་གཉིས་ཚོགས་བཞིན་པ་དང་བསྟུན། ཁ་སང་བོད་རང་སྐྱོང་ལྗོངས་ཟེར་བའི་ཚོགས་གཙོ་དང་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ Yan Jinhai ཡེན་ཅིན་ཧཱེ་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག འདས་པའི་ ༢༠༢༣ ལོར་བོད་ནང་ཆབ་སྲིད་ཀྱི་དོན་རྐྱེན་གཅིག་ཀྱང་བྱུང་མེད་སྐོར་བཤད་ཡོད་པ་དང་འབྲེལ། བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་རྫུན་གཏམ་དེར་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

Reuters

Reuters གསར་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་བོད་ལྗོངས་ཟེར་བའི་འཐུས་མི་རྣམས་པེ་ཅིང་དུ་འབྱོར་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wang Junzheng ཝང་ཅུན་ཀྲེང་གི་གཙོ་སྐྱོང་འོག བོད་ལྗོངས་ཀྱི་འཐུས་མིའི་ཚོགས་འདུ་ཞིག་ཟུར་དུ་ཚོགས་ཡོད་ཡོད་པ་མ་ཟད།  གསར་འགོད་ལྷན་ཚོགས་ཤིག་གི་ཐོག Yan Jinhai གིས་འདས་ལོར་བོད་ནང་མང་ཚོགས་ཀྱི་ཞི་རྒོལ་སོགས་ཆབ་སྲིད་ཀྱི་དོན་རྐྱེན་གང་ཡང་བྱུང་མེད་ཅིང་། ང་ཚོས་དུས་རྟག་ཏུ་རྒྱལ་ཁབ་ཆིག་སྒྲིལ་དང་མི་རིགས་མཐུན་སྒྲིལ་སྲ་བརྟན་བཟོ་རྒྱུ་དེ་བོད་ཀྱི་ལས་དོན་ཁྲོད་དམིགས་འབེན་གཙོ་བོར་འཛིན་བཞིན་ཡོད་པ་བཤད་འདུག

ད་དུང་བོད་ནང་རྒྱ་ནག་གི་སྐད་ཡིག་ཁྱབ་སྤེལ་ཤུགས་ཆེན་པོ་ཕྱིན་ཡོད་པ་དང་འབྲེལ། ལྷག་པར་མཐའ་འཛིན་གྱི་ལྟ་བ་འགོག་ཐབས་དང་། གསང་འཛུལ་འགོག་ཐབས། དེ་བཞིན་ཉེས་དོན་ལ་གདོང་ལེན་བྱེད་པའི་ལངས་ཕྱོགས་བརྟན་པོར་སྲུང་རྒྱུ་ཡིན་པ་བཤད་འདུག

མ་ཟད་ཕྱི་ལོ་ ༢༠༡༢ ནས་བཟུང་རྒྱ་ནག་དབུས་གཞུང་ནས་བོད་ནང་གི་གནས་སྟངས་ཡར་རྒྱས་སླད་ད་བར་ཨ་སྒོར་འཐེར་འབུམ་ ༢༣༦ ཙམ་གྱི་རོགས་དངུལ་འགྲོ་གྲོན་བཏང་གི་ཡོད་པར་ས་གནས་སྲིད་གཞུང་གིས་འགྲོ་གྲོན་ཁྱོན་བརྒྱ་ཆ་ ༩༠ ལྷག་ཆགས་ཀྱི་ཡོད་པར་འདས་ལོ་ཁོ་ནའི་ནང་བོད་ལ་ཨ་སྒོར་འཐེར་འབུམ་ ༣༤ ལྷག་གི་རོགས་དངུལ་སྤྲད་ཡོད་པ་དེ་ནི་རྒྱ་ནག་གི་ཞིང་ཆེན་དང་ས་ཁུལ་ཁྱོན་ ༣༡ ཙམ་ཡོད་པའི་ནང་ནས་མང་ཤོས་དེ་ཆགས་ཀྱི་ཡོད་པ་བཤད་འདུག ལྷག་པར་བོད་ནང་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཤུགས་ཆེ་ཕྱིན་པའི་བརྒྱུད་བོད་ནང་བཅའ་སྡོད་བོད་མི་ས་ཡ་ ༣་༦ གི་འཚོ་བའི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་ལུགས་དང་། ཁོང་རྣམས་ནས་བོད་ནང་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་ཐབས་ཀྱི་སྲིད་བྱུས་མུ་མཐུད་གོང་འཕེལ་གཏང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་བཤད་འདུག

International Campaign for Tibet

དེ་དོན་དེ་རིང་ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་ x ཞེས་པའི་དེ་སྔ་ (Twitter) མིང་ཅན་གྱི་དྲ་ལམ་ཐོག སྔ་ལོར་བོད་ནང་རྒྱ་ནག་གཞུང་གི་དམ་བསྒྲགས་ལ་ལྟོས་མེད་བོད་མི་སྟོང་ཕྲག་མང་པོས་མཛོད་དགེ་རྫོང་གཙོས་གྲོང་ཁྱེར་ནང་དུས་འཁོར་དབང་ཆེན་ཞུ་བར་བཅར་བའི་གནད་དོན་དང་། ལྷག་དོན་ཟླ་བ་སྔོན་མར་ཁམས་སྡེ་དགེ་ནང་དུ་རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞིར་ཞི་རྒོལ་དང་ཞུ་གཏུག་བྱེད་མཁན་བོད་མི་ ༡༠༠༠ ལྷག་འཛིན་བཟུང་བྱས་པའི་གནད་དོན་ཁག་ལུང་འདྲེན་གྱིས་ Yan Jinhai གིས་གསར་འགོད་ལྷན་ཚོགས་ཐོག་འགྲེལ་བརྗོད་བྱས་པ་དེ་རྫུན་གཏམ་ཞིག་ཡིན་པ་སྐྱོན་བརྗོད་གནང་འདུག

ཁོང་གིས་དུང་། བོད་མི་རྣམས་ཀྱིས་རང་གི་ངོ་བོ་མཚོན་པའི་ཆོས་དང་སྐད་ཡིག་བཅས་པར་སྲུང་སྐྱོབ་ཆེད་འདས་པའི་ལོ་ངོ་ ༦༥ ལྷག་གི་རིང་རྒྱ་གཞུང་ལ་གདོང་ལེན་བྱས་དང་བྱེད་མུས་ཡིན་པར་རྒྱ་གཞུང་གིས་བོད་མིའི་བློ་འགུགས་ཐུབ་ཐབས་མེད་པ་མ་ཟད། གལ་ཏེ་བོད་ནང་ངོ་རྒོལ་རིགས་འདོད་ཀྱི་མེད་ན། བོད་མིའི་གཞི་རྩའི་རང་དབང་ཁག་ལ་བརྩི་བཀུར་ཞུ་དགོས་པ་ནན་བརྗོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།