Tibetan Royal Year of 2151 | Year of the Wood Dragon

༸སྐྱབས་རྗེ་རྡོ་བུམ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

༸སྐྱབས་རྗེ་རྡོ་བུམ་བློ་བཟང་བསྟན་འཛིན་རིན་པོ་མཆོག་ཁ་སང་ཕྱི་ཟླ་ ༡ ཚེས་ ༢༩ རེས་གཟའ་ཟླ་བའི་ཞོགས་པ་ཚོུད་ ༦ ཡོལ་ཙམ་ལ་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་གང་ཉིད་ཀྱི་བླ་བྲང་དུ་དགུང་གྲངས་ ༨༢ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

༸སྐྱབས་རྗེ་རྡོ་བུམ་རིན་པོ་ཆེ་དམ་པ་དེ་ཉིད་མཆོག་ནི་ཕྱི་ལོ་ ༡༩༤༡ ལོར་མདོ་ཁམས་སྒ་སྐྱེ་རྒུ་མདོ་དང་ཁད་ཉེ་བར་བཞི་དབུས་མདོར་སྐུ་འཁྲུངས་ཏེ། དགུང་ལོ་གཉིས་ཙམ་སོན་སྐབས་ཕུར་ལྕོག་ཡངས་སྤྲུལ་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན་གྱིས་རྡོ་བུམ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་དང་། དགུང་ལོ་བཅུ་གཉིས་ཙམ་ལ་དཔལ་ལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད།

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གི་དྲག་པོའི་སྲིད་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་ཏེ། བྱེས་ཀྱི་ཆོས་སྡེ་དང་པོ་སྦག་ས་ཆོས་སྒར་དུ་བཞུགས། དེ་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་དགེ་སློང་གི་སྡོམ་པ་བཞེས་པ་མ་ཟད། ཕྱི་ལོ་ ༡༩༦༩ ལོར་ཝཱ་ཎ་ལེགས་སྦྱར་གཙུག་ལག་སློབ་ཁོངས་བོད་ཀྱི་མཐོ་ཡོན་སློབ་ཁང་དུ་ཞུགས་ནས་ཕྱི་ལོ་ ༡༩༧༢ ལོར་ཨ་ཙཱརྱ་ཞེས་སྐབས་དེའི་བོད་གཞུང་གིས་གཏན་འབེབས་གནང་བའི་དགེ་བཤེས་ཨང་དང་པོའི་ཕྱག་འཁྱེར་བཞེས།

ཕྱི་ལོ་ ༡༩༧༣ ལོ་མཇུག་ཏུ་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་བཀའ་བསྟན་གསུང་རབ་ཀུན་དགའ་ར་བའི་དབུ་འཛིན་དང་ཉམས་ཞིབ་པའི་ཐུགས་འགན་གཅིག་ལྕོགས་བཞེས་ཡོད་པ་དང་། ཕྱི་ལོ་ ༡༩༧༥ ལོར་འབྲས་བློ་གླིང་གྲྭ་ཚང་ནས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཀའ་བསྒྱུར་གནང་བ་བདག་གིར་བཞེས། དེ་ནས་ཕྱི་ལོ་ ༡༩༧༧ ལོར་༸གོང་ས་མཆོག་གི་བཀས་བཀོད་བཞིན་སྐུ་སྒེར་དྲུང་ཆེའི་ཕྱག་རོགས་ཀྱི་མཚན་གནས་བཞེས་པ་མ་ཟད། དགུང་གྲངས་ ༤༠ ལ་ཕེབས་སྐབས་ཏེ་ཕྱི་ལོ་༡༩༨༡ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཁང་གི་འགན་འཛིན་ཐུགས་འགན་བཞེས་ཏེ་ཁྱོན་མི་ལོ་ ༣༠ ཙམ་གྱི་རིང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཐོག་ཞིབ་འཇུག་དང་། མཁས་དབང་མཉམ་འཛོམས་ཀྱི་བགྲོ་གླེང་ཞིབ་འཇུག དཔྱད་གཏམ་དང་དེབ་ཕྲེང་དུ་མ་སྤེལ་བ་སོགས་ལ་བརྟེན། ལྡི་ལི་བོད་ཁང་འདི་ཉིད་བཙན་བྱོལ་ཁྲོད་ཀྱི་བོད་ཀྱི་གནའ་དེང་རིག་པའི་གཞུང་ལུགས་ཉམས་ཞིབ་ཁང་གི་བསྟི་གནས་སུ་བསྒྱུར།

རིན་པོ་ཆེ་མཆོག་དམ་པ་དེ་ཉིད་ཀྱིས་བོད་ཁང་དབུ་འཛིན་གྱི་ཐུགས་འགན་བཞེས་པའི་སྐབས་ཕྱི་རྒྱལ་དང་རྒྱ་གར་གྱི་ས་གནས་འདྲ་མིན་གྱི་ཚོགས་འདུ་མང་པོར་༸གོང་ས་མཆོག་གི་སྐུ་ཚབ་ཏུ་ཕེབས་ཡོད་པ་དང་། ཕྱི་ལོ་ ༡༩༨༣ ལོར་༸གོང་ས་མཆོག་གི་བཀའ་མངགས་མཛད་དོན་བཞིན་རྒྱ་གར་དབུས་གཞུང་ལ་འབྲེལ་མཐུད་གནང་ཞིང་། ཕྱི་ལོ་ ༡༩༨༧ ལོར་རྒྱ་གར་གྱི་སྲིད་བློན་དམ་པ་ར་ཇིབ་གྷན་དྷི་དང་དངོས་སུ་མཇལ་འཕྲད་གནང་སྟེ། བོད་ཀྱི་རྗེ་འབངས་ནས་རྒྱ་གར་གཞུང་དམངས་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་ལྡི་ལིར་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཆེན་པོ་ཞིག་བཞེངས་རྒྱུའི་ཆོག་མཆན་ཞུས་དོན་བཞིན། སྲིད་བློན་མཆོག་གི་ཐུགས་དགྱེས་ཚོར་ཆེན་པོས་བཀའ་འཁྲོལ་གནང་བ་ལྟར་དངོས་སུ་ལས་མགོ་བཙུགས་ཏེ་ཕྱི་ལོ་ ༡༩༩༣ ལོར་ལེགས་གྲུབ་བྱུང་སྟེ་ད་ལྟའི་ཆར་ལྡི་ལི་ BUDDHAGARDEN ཞེས་སངས་རྒྱས་རྗེས་དྲན་གྱི་སྐྱེད་ཚལ་དངོས་སུ་མཇལ་རྒྱུ་ཡོད་པ་རེད།

རིན་པོ་ཆེ་མཆོག་ལ་ཐའེ་ལེན་ MBU ཚོགས་པས་ཆེ་བསྟོད་འབུམ་རམས་པའི་ཕྱག་འཁྱེར་ཕུལ་ཡོད་ཅིང་། རིན་པོ་ཆེ་དམ་པ་འདི་ཉིད་ཀྱིས་དེ་སྔ་ཕྱི་ལོ་ ༡༩༩༩ དང་ ༢༠༠༠ ལོའི་ནང་འཛམ་གླིང་ཡུལ་གྲུ་བདུན་གྱི་ས་གནས་ཁག་ ༡༣ ཙམ་གྱི་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཚན་གནས་ཐོག་རྩ་ཆེའི་རོལ་དབྱངས་དུས་སྟོན་ཞིག་གོ་སྒྲིག་གནང་མྱོང་ཡོད་པ་མ་ཟད། སྔ་ཕྱིར་རྒྱལ་བའི་ཆོས་ཚུལ་དང་། ལྷད་མེད་དངུལ་དཀར་མེ་ལོང་སོགས་དབྱིན་བོད་གཉིས་ཀྱི་ཐོག་ནས་ལྗགས་རྩོམ་མཛད་པ་དང་། ༸རྗེ་བདག་ཉིད་ཆེན་པོའི་གསུང་ལམ་གཙོ་རྣམ་གསུམ་དབྱིན་སྐད་དུ་བསྒྱུར་བ། བོད་དོན་དང་འབྲེལ་བའི་གསུང་རྩོམ་ཐུང་ངུ་ཤིན་ཏུ་མང་པོ་རྒྱ་བོད་དབྱིན་གསུམ་གྱི་དུས་དེབ་དང་ཚགས་པར་བརྒྱུད་འགྲེམས་སྤེལ་སོགས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཞབས་འདེབས་བླ་མེད་ཞུ་མྱོང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།