Tibetan Royal Year of 2151 | Year of the Wood Dragon

ཁེ་ན་ཌའི་སྲིད་བློན་མཆོག་གིས་ཡུལ་དེའི་འོས་བསྡུའི་ནང་རྒྱ་ནག་གི་ཐེ་གཏོགས་ཡོད་པ་མངོན་གསལ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཁེ་ན་ཌའི་སྲིད་བློན་ Justin Trudeau མཆོག་གིས་རྒྱ་གཞུང་གིས་ཁུལ་དེའི་འོས་བསྡུའི་ནང་ཐེ་གཏོགས་བྱེད་ཀྱིན་ཡོད་པའི་སྐྱོན་འཛུགས་དེ་ཉིད་དངོས་ཡོད་ཡིན་པ་དེ་ལྟར་ཡང་། རྒྱ་ནག་གི་ཤུགས་རྐྱེན་དེར་ལམ་ལྷོངས་བྱུང་མེད་པ་གསུངས་འདུག

རྩ་བའི་དེ་སྔ་ཁེ་ན་ཌའི་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་དང་ཨ་རུ་སུ། དེ་བཞིན་ཨི་རན་སོགས་ཕྱིའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཕྱོ་ལོ་ ༢༠༡༩ དང་ ༢༠༢༡ ལོར་ཁུལ་དེའི་འོས་བསྡུར་ཐེ་བྱུས་བྱས་པའི་གནས་ཚུལ་ཁག་མངོན་གསལ་གནང་བ་ནས་བཟུང་། ཁུལ་དེའི་ཕྱོགས་འགལ་ཚོགས་པ་ཁག་གིས་སྲིད་བློན་ Justin Trudeau མཆོག་གི་གཞུང་འཛིན་ནས་ཁེ་ན་ཌའི་འོས་བསྡུར་རྒྱ་ནག་སོགས་ཀྱིས་ཐེ་ཇུས་བྱེད་ཀྱི་ཡོད་མེད་ཐད་ངེས་པར་ཞིབ་འཇུག་གནང་དགོས་གལ་གྱི་གནོན་ཤུགས་སྤྲོད་ཡོད་པ་ལྟར། སྲིད་བློན་མཆོག་གིས་སྔ་ལོའི་ཕྱི་ཟླ་ ༣ པའི་ནང་ Ottawa གྲོང་ཁྱེར་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ། ཁེ་ན་ཌའི་ནང་མང་གཙོའི་ལམ་ལུགས་དང་འོས་འདེམས། སྒྲིག་འཛུགས་ཁག་ལ་ཡིད་ཆེས་འཕེར་བ་ཞིག་ཡོང་རྒྱུ་ནི་གལ་གནད་ཆེན་པོ་ཞིག་ཡིན་སྟབས། ཁུལ་དེའི་འོས་བསྡུར་རྒྱ་ནག་གིས་ཐེ་ཇུས་བྱེད་ཐབས་བྱས་ཡོད་མེད་ཐད་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

དེ་འབྲེལ་ཟླ་བ་འདིའི་ཕྱི་ཚེས་ ༡༠ ཉིན་སྲིད་བློན་མཆོག་གིས། ཚོགས་ཆུང་གི་བཅར་འདྲི་དང་ལེན་གནང་སྐབས། ཁེ་ན་ཌའི་འོས་བསྡུས་གཙོས་ཆབ་སྲིད་ལ་རྒྱ་ནག་གིས་ཐེ་བྱུས་ཇི་ཙམ་བྱས་ཡོད་པ་དེ་ནི་ཤེས་རྟོགས་ཐུབ་དཀའ་བ་ཞིག་ཡིན་པ་དེ་ལྟར་ཡང་། རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༡༩ དང་ ༢༠༢༡ ལོའི་འོས་བསྡུ་གཉིས་ཀའི་ནང་ཐེ་གཏོགས་བྱས་ཡོད་པ་དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན་པ་དང་། ལྷག་པར་རྒྱ་གཞུང་གིས་ཁེ་ན་ཌའི་རྙིང་ཞེན་ཚོགས་པ་དང་གུ་ཡངས་མང་གཙོ་ཚོགས་པ་བཅས་ཆབ་སྲིད་ཚོགས་པ་གཉིས་ཀའི་འོས་མིས་གཙོས་མི་སྒེར་དང་ཚན་པ་ཁག་ཅིག་ལ་ཐེ་གཏོགས་བྱས་ཡོད་པར་མངོན་གསལ་གནང་འདུག

འོན་ཀྱང་འོས་བསྡུ་གཉིས་ཀའི་སྐབས་རྒྱ་གཞུང་གིས་ཐེ་གཏོགས་ཀྱི་བྱ་སྤྱོད་དེར་ལམ་ལྷོངས་བྱུང་མེད་པ་དང་མང་ཚོགས་ཀྱི་བློ་ཁ་བསྒྱུར་ཐུབ་མེད་པ་ཙམ་མ་ཟད། མང་ཚོགས་ཀྱི་མང་གཙོའི་ལམ་ལུགས་ཡང་དག་པར་སྤྱོད་པའི་ཐོག་ནས་གུ་ཡངས་ཚོགས་པར་ཐེངས་གཉིས་འོས་འདེམས་ཀྱིས་རྒྱལ་ཁ་ཐོབ་ཡོད་པ་འགྲེལ་བརྗོད་གནང་འདུག

གནད་དོན་དེ་དང་འབྲེལ། ཕྱོགས་འགལ་ཚོགས་པའམ་རྙིང་ཞེན་ཚོགས་པའི་འགོ་ཁྲིད་ Erin O’Toole  ལགས་ཀྱིས། རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༩ ལོའི་ Federal Election  སྐབས་གུ་ཡངས་ཚོགས་པའི་འོས་མི་ཉུང་མཐར་ ༡༡ ཙམ་ལ་གསང་བའི་ཐོག་རྒྱབ་སྐྱོར་བྱས་ཡོད་པ་དང་།  ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གིས་དྲིལ་བསྒྲགས་ལོག་པར་བྱས་རྐྱེན་རྙིང་ཞེན་ཚོགས་པའི་འོས་མི་ ༩  འདེམས་ཐོན་བྱུང་མེད་པ་ཙམ་མ་ཟད། རྒྱ་ནག་ལ་མཛའ་འབྲེལ་འཛིན་པའི་འོས་མི་ཚོར་དངུལ་སྒོར་ཞལ་འདེབས་སྤྲོད་ཡོད་ཅེས་གསུངས་ཡོད་འདུག

སྲིད་བློན་ Trudeau མཆོག་གིས་རྒྱ་གཞུང་གིས་ཁུལ་དེའི་འོས་བསྡུའི་ནང་ཐེ་གཏོགས་བྱེད་ཀྱིན་ཡོད་པའི་སྐྱོན་འཛུགས་དེ་ཉིད་དངོས་ཡོད་ཡིན་སྐོར་གསུངས་པར། ཁ་སང་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ལན་འདེབས་བསླེབས་ཡོད་པའི་ནང་།  རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་གི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་ཐོག་ཤར་བསྐྱོད་བྱེད་བཞིན་ཡོད་ཚུལ་དང་། དེ་སྔོན་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱས་མ་མྱོང་བ་དང་མ་འོངས་པར་ཡང་དེ་ལྟར་བྱ་རྒྱུ་མིན་ལུགས་མ་ཟད། རྒྱ་ནག་ལ་དེ་ལྟ་བུའི་ཉེས་མེད་སྐྱོན་འཛུགས་བྱས་པ་དེ་ངོས་ལེན་བྱ་ཐབས་བྲལ་བ་ཞིག་ཡིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་སོགས་ལན་འདེབས་བྱས་འདུག

དེ་བཞིན་ཁེ་ན་ཌའི་གཞུང་ནས་བོད་དང་ཤར་ཏུར་ཀིས་ཐན། དེ་བཞིན་ཧོང་ཀོང་གི་གནད་དོན་ཁ་ལ་འཁྱེར་ནས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་འདུག་པར་མ་ཟད། ཁེ་ན་ཌའི་གཞུང་ཕྱོགས་ནས་དེ་ལྟ་བུའི་རྒྱ་ནག་ལ་མིང་རྗེས་ངན་པ་བཟོ་རྒྱུའི་ལས་དོན་རྣམས་མཚམས་འཇོག་དགོས་ཤིང་། འགན་ཁུར་མེད་པའི་བྱ་སྤྱོད་དེ་དག་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་གཏོང་ངེས་ཡིན་པ་སོགས་ཀྱི་ལན་འདེབས་བྱས་འདུག

གཞི་རྩའི་གནས་ཚུལ་དཔྱད་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཆབ་སྲིད་དང་དཔལ་འབྱོར། ཚོང་ལས་དང་དམག་དོན་སོགས་ཀྱི་དབང་ཤུགས་བརྒྱུད་མང་གཙོའི་རྒྱལ་ཁབ་ཁག་གི་འོས་བསྡུར་ཐེ་གཏོགས་དང་། རང་གི་མཐུན་ཕྱོགས་ཀྱི་འོས་མི་ཚོར་རྒྱབ་སྐྱོར་གྱིས་རྒྱལ་ཁབ་དེའི་སྲིད་བྱུས་ལ་འགྱུར་བ་གཏོང་ཐབས་དང་། དམར་ཤོག་གི་ལྟ་གྲུབ་སྤེལ་ཐབས་བྱེད་བཞིན་པ་དེ་ནི་རྒྱུན་ལྡན་ལྟ་བུ་ཆགས་ཡོད་པ་དེ་ལྟར་ཡང་།  མང་གཙོའི་རྒྱལ་ཁབ་ཚོས་དེར་ཡིད་གཟབ་གནང་གལ་ཡིན་པ་གསུངས་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།