Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ཨ་རིའི་ཚོང་ལས་ཁང་གཉིས་ལ་སྲིད་དོན་ཉེས་ཆད་འགེལ་བ།

Tibetan News Headlines

  • Sikyong dismisses China’s remarks on Tibet talks as ‘nothing new’, calls MWA only solution to Tibet problem
  • Sikyong begins Europe visit with public talk in Switzerland, to meet MPs today
  • UK MP detained and deported by China-allied nation for his outspoken advocacy on Tibetans, Uighurs, and Hong Kongers
  • Talks with China going on smoothly, India will never bow down: Rajnath Singh
  • 9th working committee meeting of NDPT concludes with a new mid term President

རེས་གཟའ་ཟླ་བ། ༢༠༢༤།༠༤།༢༩

  • བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མ་ཡིན་པར་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པ་གསུངས་སོང་།
  • སྲིད་སྐྱོང་མཆོག་སུད་སི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་ནག་གི་གནོན་ཤུགས་འོག་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཞིག་ཨ་ཕི་རི་ཀའི་རྒྱལ་ཁབ་ཞིག་ནས་ཕྱིར་འབུད།
  • རྒྱལ་སྲུང་བློན་ཆེན་ Rajnath Singh མཆོག་གིས་རྒྱ་གར་གྱི་རྒྱ་ནག་ལ་ནམ་ཡང་མགོ་དགུར་གྱི་མ་རེད་གསུངས་འདུག
  • བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་འབྲེལ་བར་བརྒལ་ཚོགས་གཙོ་འོས་འདེམས་གནང་འདུག

རྒྱ་ནག་གཞུང་གིས་ཨ་རིའི་ཚོང་ལས་ཁང་ཆེ་གྲས་གཉིས་སུ་ཐེ་ཝན་ལ་གོ་མཚོན་ཚོང་གི་ཡོད་པའི་རྒྱུ་མཚན་གྱིས་སྲིད་དོན་ཉེས་ཆད་འགེལ་རྒྱུ་གསལ་བསྒྲགས་བྱས་འདུག

དེའང་ཁ་སང་རྒྱ་ནག་་ཕྱི་སྲིད་ལས་ཁུངས་ཀྱིས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་འདོན་སྤེལ་བརྒྱུད། རྒྱལ་ཁབ་དེའི་ངོས་ནས་ཨ་རིའི་ General Atomics Aeronautical Systems དང་། General Dynamics Land Systems ཞེས་དམག་གི་གནམ་གྲུ་གཙོས་པའ་དམག་ཐབས་ཀྱི་འཕྲུལ་རིགས་བཟོ་ཚོང་བྱེད་མཁན་གྱི་ཚོང་ལས་ཁང་གཉིས་ཀྱི་རྒྱ་ནག་ནང་གི་རྒྱུ་དངོས་ཚོང་ལས་དག་བཀག་སྡོམ་བྱ་རྒྱུ་མ་ཟད།  ཚོང་ལས་ཁང་དེ་དག་གཉིས་པོའི་འགན་འཛིན་རྣམས་རྒྱ་ནག་ནང་འགྲུལ་བཞུད་ཀྱི་ཆེས་མཐོང་བཀག་སྡོམ་བྱ་རྒྱུ་ཡིན་པ་བརྗོད་འདུག

China US Sanction

སྤྱིར་རྒྱ་གཞུང་གིས་ཨ་རིའི་ཚོང་ལས་ཁང་ལ་དེ་ལྟ་བུའི་ཉེས་ཆད་འགེལ་རྒྱུ་ཡིན་པའི་སྡིགས་ར་དེ་སྔ་མང་པོ་སྐུལ་ཡོད་ནའང་ཉེ་བའི་ལོ་ཤས་ནས་ཏོག་དབྱིབས་ནད་ཡམས་རྐྱེན་པས་རྒྱ་ནག་ཏུ་ལས་མེད་དལ་ལུས་ཀྱི་ཚད་གཞི་ཧ་ཅང་མཐོ་བོར་སླེབས་པ་དང་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་བའི་ཁྲོད། རྒྱ་ནག་གིས་ཨ་རིའི་ཚོང་ལས་ཁང་ལ་དེ་ལྟ་བུའི་ཉེས་ཆད་འགེལ་བ་ཧ་ཅང་དཀོན་པོ་ཡིན་པ་རེད།  རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཁ་སང་འདོན་སྤེལ་གནང་བའི་བསྒྲགས་གཏམ་དེའི་ནང་ཨ་རིས་མུ་མཐུད་ནས་ཐེ་ཝན་ལ་གོ་མཚོན་ཚོང་པ་དེ་ནི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྡོག་རོལ་ཚབ་ཆེ་བྱས་པ་མཚོན་གྱི་ཡོད་པ་མ་ཟད།  ཨ་རི་དང་རྒྱ་ནག་མཉམ་ལས་ཀྱི་གྲོས་མཐུན་གསུམ་ལ་བརྩི་མེད་དང་། རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་གཏོགས། དེ་བཞིན་རྒྱ་ནག་གི་ས་ཁོངས་བདག་དབང་དང་གོང་བུར་དོ་ཕོག་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་འདུག

China US Sanction

ཡིག་ཆ་ཁག་གི་ནང་གསལ་ལྟར་ན། General Dynamics ཚོང་ལས་ཁང་གིས་རྒྱ་ནག་ནང་དམག་གི་གནམ་གྲུ་ཚོང་ལས་ཀྱི་ལས་གཞི་གཉེར་བཞིན་པ་མ་ཟད། ཐེ་ཝན་གྱིས་ཉོ་བཞིན་པའི་ Abrams Tanks ཞེས་རྒྱ་ནག་གི་འཐབ་རྒོལ་ལ་གདོང་ལེན་སླད་བེད་སྤྱོད་བྱ་རྒྱུའི་ཐང་ག་རི་བཟོ་བསྐུན་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ General Atomics ཚོང་ལས་ཁང་ནས་ཨ་རིའི་ Predator and Reaper ཞེས་པའི་ Drone མི་མེད་གནམ་གྲུ་བཟོ་བསྐྲུན་བྱེད་ཀྱི་ཡོད་ཀྱང་ཐེ་ཝན་ལ་གོ་མཚོན་ཚོང་རྒྱུར་བྱས་པའི་གནས་ཚུལ་ཁ་གསལ་བཀོད་མེད་ཅིང་། གསར་ཁང་ཁག་གིས་ཚོང་ལས་ཁང་དེ་དག་གཉིས་ལ་བཅར་འདྲི་བྱས་ཀྱང་ད་ལྟའི་ཆར་ལན་འདེབས་གང་ཡང་བྱས་མིན་འདུག

རྒྱ་ནག་གིས་ཨ་རིའི་ཚོང་ལས་ཁང་གཉིས་ལ་སྲིད་དོན་ཉེས་ཆད་འགེལ་བ་དེ་ནི་དེ་སྔ་ཨ་རིའི་ངོས་ནས་རྒྱ་ནག་གི་དཔོན་རིགས་ཁག་གཅིག་ལ་ཧོང་ཀོང་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་ཉེས་འཛུགས་འོག་དཔལ་འབྱོར་བཀག་སྡོམ་དང་ཨ་རིའི་ནང་འགྲོ་འོང་བཀག་སྡོམ་ཀྱིས་ཉེས་ཆད་འགེལ་བ་དེ་དག་ལ་དགྲ་ཤ་ལེན་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ལྷག་དོན་དུ་ཉམས་ཞིབ་པ་ཁག་གཅིག་གིས་ད་ལྟའི་ཉེས་ཆད་དེ་ཁ་སང་རེས་གཟའ་ལྷག་པའི་ཉིན་ཉི་ཧོང་གི་སྲིད་བློན་ Kishida དང་ཨ་རིའི་སྲིད་འཛིན་ Joe Biden ནས་ཟུང་སྦྲེལ་གྱིས་བསྒྲགས་གཏམ་ཞིག་སྤེལ་བ་དེར་ལན་འདེབས་ཀྱི་ཚུལ་དུ་ཡིན་པའི་འགྲེལ་བརྗོད་གནང་གི་ཡོད་འདུག

China US Sanction

སྤྱིར་ལོ་སྔོན་མར་རྒྱ་ནག་གི་གསང་ཉུལ་སྒང་སྦུག་ཞིག་ཨ་རིའི་རྒྱལ་ཁབ་ཐོག་ཕུར་སྐབས་ཨ་རིས་གནམ་དམག་གོ་མཚོན་གྱིས་དེ་གཏོར་བས་འཁོན་ལེན་དུ་རྒྱ་ནག་ནས་ཨ་རིའི་ཐུན་མོང་ཚོང་ལས་ཁང་  Lockheed Martin Corp. དང་ Raytheon Missiles & Defense གཉིས་རྒྱ་ནག་གི་ཁྲོམ་ར་ནས་བཀག་འགོག་བྱས་ཡོད་པ་རེད།

རྩ་བའི་ཨ་རིས་ ༡༩༧༩ ལོར་རྒྱ་ནག་དམར་པའི་གཞུང་ལ་ངོས་འཛིན་དང་འབྲེལ། ཡུལ་དེ་དག་གཉིས་དབར་ཕྱི་འབྲེལ་གྱི་འབྲེལ་ལམ་འགོ་འཛུགས་བྱས་ནས་བཟུང། ཐེ་ཝན་དང་ཨ་རི་གཉིས་དབར་ཕྱི་འབྲེལ་གྱི་འབྲེལ་ལམ་མེད་ཀྱང་། ཨ་རི་དེ་བཞིན་ཐེ་ཝན་ལ་རྒྱབ་སྐྱོར་དང་ལྷག་པར་དམག་གི་གོ་མཚོན་སོགས་མཁོ་སྤྲོད་བྱེད་མཁན་གྱི་རྒྱལ་ཁབ་གལ་ཆེ་ཤོས་ཞིག་ཆགས་ཀྱི་ཡོད་པ་དང་། རྒྱ་གཞུང་ནས་ཐེ་ཝན་ལ་རྒྱལ་སྲུང་སླད་གོ་མཚོན་མཁོ་སྤྲོད་བྱེད་མཁན་གྱི་ཕྱི་རྒྱལ་ཚོང་ལས་ཁང་དང་གཞུང་། དེ་བཞིན་ཐེ་ཝན་དུ་ཨ་རིའི་དམག་དཔུང་རྟེན་གཞི་བྱས་པ་སོགས་ལ་ཉེས་ཆད་འགེལ་རྒྱུའི་ཉེན་བརྡ་རིམ་པ་བཏང་ཡོད་པ་རེད།

ཐེ་ཝན་གྱིས་རང་གི་རྒྱལ་སྲུང་བཟོ་ལས་ཆེད་མ་འཛུགས་ཧ་ཅང་གི་མང་པོ་གཏོང་སྟེ་གོ་མཚོན་དང་གྲུ་རིགས་རྒྱས་པ་བཟོ་བསྐྲུན་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གིས་མཚོ་གླིང་དེ་བཞིན་ཡུལ་དེའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་ངོས་འཛིན་གྱིས་དུས་ནས་དུས་སུ་ཐེ་ཝན་མཚོ་གླིང་གཡས་གཡོན་དུ་དམག་གི་སྦྱོང་ལྟར་རིམ་པ་བྱས་དང་བྱེད་མུས་ཁྲོད། AP གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། ཉེ་ཆར་གཟའ་འཁོར་འདིའི་རེས་གཟའ་ལྷག་པ་དང་ཕུར་བུ་གཉིས་ཀྱི་ཉིན་རྒྱ་ནག་གི་གནའ་དམག་དང་མཚོ་དམག་གི་གྲུ་ ༡༤  ཐེ་ཝན་གྱི་ཉེ་འཁོར་དུ་ཕུར་བ་མ་ཟད། དེའི་ཁོངས་དམག་གྲུ་ ༦ ཐེ་ཝན་གྱི་ས་མཚམས་ལས་བརྒལ་ཏེ་ཕུར་ནས་མང་ཚོགས་ལ་ཞེད་སྣང་སྐུལ་བཞིན་ཡོད་ཀྱང་། ད་བར་རྒྱ་ནག་གི་བྱ་སྤྱོད་དེ་དག་གིས་ཐེ་ཝན་ལ་དེ་ཙམ་གྱིས་ཤུགས་རྐྱེན་སྤྲད་ཐུབ་མེད་ལ། ས་ཡ་ ༢༣ གྱི་ཐེ་ཝན་མི་མང་ནས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་མཉམ་དུ་ཞུགས་རྒྱུ་འདོད་མོས་མེད་པར་དེ་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།