རྒྱ་ནག་སྲིད་ཁྲིམས་ལྷན་ཁང་གི་འགོ་གཙོས་བོད་མིའི་ཐོག་དམ་བསྒྲགས་སྔར་ལྷག་བྱ་དགོས་པ་བཤད་འདུག

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག


ཕྱི་ཟླ་ ༡༠ ཚེས ༡ སྟེ་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྟོན་དུས་ཆེན་ཟེར་བ་སླེབས་ལ་ཉེ་བ་དང་བསྟུན། ཉེ་ལམ་རྒྱ་ནག་གི་དབུས་ཆབ་སྲིད་ལྷན་ཚོགས་ཀྱི་རྒྱུན་ལས་དང་སྲིད་ཁྲིམས་ལྷན་ཁང་གི་འགོ་གཙོ་ Chen Wenqing གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་དཀར་མཛེས། ཆབ་མདོ་སོགས་སུ་ལྟ་སྐོར་དང་འབྲེལ། ས་ཁུལ་དེ་དག་གི་དཔོན་རིགས་དང་ཐུག་འཕྲད་བརྒྱུད་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཙམ་མ་ཡིན་པར་ཟི་ཁྲོན་དང་ཡུ་ནན། མཚོ་སྔོན། ཀན་སུའུ་ཞིང་ཆེན་དུ་གནས་སྡོད་བོད་མི་རྣམས་ཀྱི་ཐོག་སྔར་ལྷག་དམ་བསྒྲགས་བྱ་དགོས་པར་ངན་སྐུལ་བྱས་པ་མ་ཟད། རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་པའི་ཁ་བྲལ་རིང་ལུགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་གཞི་བཟོ་མཁན་ཚོའི་ཐོག་ལངས་ཕྱོགས་གསལ་པོ་བཟོ་དགོས་ལུགས་བཤད་འདུག

དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་བཟུང་ནས་མི་ལོ་ ༧༥ འཁོར་བའི་རྒྱལ་སྟོན་སླེབས་ལ་ཉེ་བའི་དུས་སྐབས་འདིར། Chen Wenqing གྱིས་ཉེ་ལམ་ཟླ་བ་འདིའི་ཕྱི་ཚེས་ ༡༠ ནས་ ༡༣ བར་ཁྱོན་ཉིན་གྲངས་གསུམ་རིང་རྒྱ་ནག་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་དང་སི་ཁྲོན་གྱི་ས་ཁུལ་ཁག་གཅིག་ནང་ལྟ་སྐོར་དང་འབྲེལ། ས་ཁུལ་དེ་དག་གི་བདེ་འཇགས་དཔོན་རིགས་དང་ལྷན་བོད་ནང་ཁ་བྲལ་ལ་ངོ་རྒོལ་དང་བརྟན་ལྷིང་རྒྱུན་སྲིང་བྱེད་ཕྱོགས་སྐོར་ཚོགས་འདུ་ཚོགས་ཏེ། ལངས་ཕྱོགས་བརྟན་པོའི་སྒོ་ནས་རྒྱ་ནག་གི་ཆིག་སྒྲིལ་སྲུང་སྐྱོབ་དང་། མི་རིགས་ཁ་བྲལ་ལ་ངོ་རྒོལ་གྱིས་རྒྱལ་ཁབ་བདེ་འཇགས་བརྟན་ལྷིང་བཟོ་དགོས་པ། བོད་རང་སྐྱོང་ལྗོངས་ཙམ་མིན་པར་དེའི་ཉེ་འཁོར་ཞིང་ཆེན་ཁག་གི་བོད་རིགས་ས་ཁུལ་དུའང་། ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོབ་སླད་དཀའ་ཉེན་སྔོན་འགོག་སྟངས་འཛིན་ནན་པོ་བྱེད་དགོས་སྐོར་སོགས་བཤད་ཡོད་པ་མངོན་གསལ་གནང་འདུག

མ་ཟད་རྒྱ་ནག་གཞུང་གི་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་ Chen གྱིས་དཀར་མཛེས་ནང་ཚོགས་པའི་ཚོགས་འདུའི་ཐོག་བཤད་པའི་སྐད་ཆ་ཞིག་ལུང་འདྲེན་བྱས་ཡོད་པ་དེའི་ནང་། བདེ་སྲུང་གི་བྱ་བ་གལ་ཆེ་ཤོས་ནི་ཁ་བྲལ་རིང་ལུགས་པ་དང་འཇིགས་སྐུལ་དྲག་སྤྱོད་རིགས་འགོག་སྲུང་བྱ་རྒྱུ་དེ་ཡིན་སྐོར་བཤད་དེ། འདི་ལྟ་བུའི་རྒྱ་ནག་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་གནོད་འཚེ་བྱེད་མཁན་ཚོར་ཁྲིམས་མཐུན་གྱི་དྲག་གནོན་ཤུགས་ཆེ་བྱ་དགོས་པ་དང་། བོད་མི་ཚོའི་ཆོས་ཕྱོགས་ཀྱི་གནང་སྒོ་ཐོག་ཁྲིམས་མཐུན་གྱི་འཛིན་སྐྱོང་ཤུགས་ཆེ་བྱ་དགོས་པ། དེ་བཞིན་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་། འཚེ་བ་དང་འཇིགས་སྐུལ་དྲག་སྤྱོད་ཀྱི་གནད་དོན་འགོག་ཆེད་དགོས་ངེས་ཀྱི་ཐབས་བྱུས་ཚགས་ཚུད་ལག་བསྟར་བྱ་དགོས་ཀྱི་འདུག་ཅེས་བརྗོད་འདུག ལྷག་པར་བོད་ཁུལ་ཀྱི་གནས་སྟངས་དེ་བཞིན་ད་དུང་ཛ་དྲག་པོ་ཡིན་སྟབས། སྤྱི་བདེ་ཉེན་རྟོག་ཕྱོགས་ནས་འཇིགས་སྐུལ་དྲག་སྤྱོད་ཀྱི་བྱ་འགུལ་ལ་ཁ་གཏད་ནན་པོ་གཅོག་དགོས་སྐོར་བཤད་ཡོད་པ་ཆེས་མངོན་གསལ་གནང་འདུག

ད་དུང་རྒྱ་གཞུང་གི་ས་གནས་ཉེན་རྟོག་པ་དང་ཁྲིམས་ལུགས་སྒྲིག་འཛུགས་ཁག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དེ་སྔ་དུས་རབས་གསར་པའི་ནང་རྒྱ་ནག་དམར་གཞུང་གིས་བོད་སྐྱོང་སྟངས་ཀྱི་སྲིད་བྱུས་དང་ལམ་སྟོན་ཁག་ངེས་པར་དུ་ལག་བསྟར་བྱ་དགོས་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་སོགས་ཀྱི་བརྒྱུད་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོབ་བྱེད་དགོས་པའི་ནན་བཤད་བྱས་འདུག

གནད་དོན་དེ་དང་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ད་རེས་རྒྱ་ནག་གི་སྲིད་ཁྲིམས་ལྷན་ཁང་གི་འགོ་གཙོ་ Chen Wenqing གིས་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་དེ་བོད་མི་ཐོག་སྔར་ལྷག་དམ་བསྒྲགས་བྱ་དགོས་པའི་ངན་སྐུལ་དེ་ལྟར་བྱས་པ་དེ་ནི་གཙོ་བོ་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་ཐོག་ཐུགས་སྣང་ཇེ་ཆེར་དང་། རྒྱ་ནག་དེ་ཨ་རིས་གཙོས་གཞན་ནུབ་ཕྱོགས་རྒྱལ་ཁབ་དབར་འབྲེལ་ལམ་ཉམས་ཆག་ཕྱིན་ཡོད་པ་མ་ཟད། ལྷག་པར་ཉེ་ལམ་ཨ་རིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བ་དང་བསྟུན་ནས་བོད་ནང་དེ་འབྲེལ་གནད་དོན་རྐྱེན་པས་འགྱུར་བ་ཡོང་སྲིད་པའི་འཇིགས་སྣང་གིས་རྒྱ་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཙམ་མ་ཡིན་པར་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་རྣམས་ཀྱི་ཐོག་སྔར་ལྷག་དམ་བསྒྲགས་བྱ་དགོས་པའི་ངན་སྐུལ་བྱས་ཡོད་པ་སོགས་མངོན་གསལ་གནང་འདུག

མ་ཟད་འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། Chen གིས་བོད་ནང་བསྐྱོད་དེ་དཔོན་རིགས་ཁག་ཐུག་འཕྲད་བརྒྱུད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་ལམ་སྟོན་འོག་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྟངས་ཀྱི་སྲིད་བྱུས་ལག་ལེན་བསྟར་ཏེ། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོབ་བྱ་དགོས་ལུགས་བཤད་པ་དེ་ནི། གཙོ་བོ་རྒྱལ་སྤྱིའི་ཁྲོད་རྒྱ་ནག་དང་འབྲེལ་བའི་སྲིད་དོན་ལ་འགྱུར་བ་ཤུགས་ཆེན་པོ་ཡོང་བཞིན་པ་དང་། རྒྱ་ནག་ཟུར་དུ་ཕུད་རྒྱུའི་ཐབས་ཤེས་དེ་ཡང་ཇེ་ཤུགས་ཆེ་རུ་བཏང་རྐྱེན། བོད་དང་ཧོང་ཀོང་། དེ་བཞིན་ཤར་ཏུར་ཀིས་ཐན་གྱི་གནད་དོན་དང་འབྲེལ་རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པ། རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་ལ་ཐུགས་སྣང་གསར་པ་གཙོས་ཉེ་ཆར་ཨ་རིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས། ལྷག་དོན་རྒྱ་ནག་རྒྱལ་ནང་དུ་དཔལ་འབྱོར་ཉམས་རྒུད་ཆེན་པོ་འགྲོ་བཞིན་པའི་རྒྱུ་མཚན་སོགས་ལ་གཞིགས་ནས། རྒྱ་ནག་གཞུང་གིས་བོད་ཁུལ་དུ་སྔོན་མ་ནས་དམ་བསྒྲགས་ཀྱི་སྲིད་བྱུས་ཤུགས་ཆེ་རུ་གཏོང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།