Tibetan Royal Year of 2151 | Year of the Wood Dragon

༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

༸སྐུའི་གཅུང་མོ་བཀའ་ཟུར་ཨ་མ་རྗེ་བཙུན་པདྨ་ལགས་སུ་ཨ་རིའི་བུད་མེད་རྩོམ་རིག་ཐོག་ནོ་སྦེལ་གཟེངས་རྟགས་བཞེས་མཁན་ཐོག་མ་ Pearl S. Buck ལགས་ཀྱི་མཚན་གནས་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་གནང་འདུག

Ama Jetsun Pema Awarded

དེ་ཡང་ཨ་རིར་རྟེན་གཞི་བྱས་པའི་རེན་ཌོལྥ་ Randolph མཐོ་སློབ་ཀྱིས་རྒྱལ་སྤྱིའི་ཐོག་སྤྱི་ཚོགས་ཀྱི་བདེ་དོན་དང་། བུད་མེད་དང་ཕྲུ་གུའི་རང་དབང་སྲུང་སྐྱོབ། དེ་བཞིན་ཤེས་ཡོན་གོང་འཕེལ་སོགས་ཀྱི་ཐོག་ལ་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་རྣམས་ལ་ Pearl S. Buck མཚན་གནས་རྗེས་དྲན་གྱི་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུ་སྲོལ་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་མཐོ་སློབ་དེའི་ Smith ཚོགས་ཁང་ནང་། ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་ནས་ད་བར་བཙན་བྱོལ་ནང་གི་བོད་ཕྲུག་ཚོའི་ཤེས་ཡོན་དང་བདེ་དོན་ཆེད་བློས་བཏང་ཆེན་པོས་ཕྱག་ལས་གནང་བར་གཟེངས་རྟགས་དེ་འབུལ་བཞེས་གནང་འདུག་པ་དང་། རྗེ་བཙུན་པདྨ་ལགས་གཟེངས་རྟགས་དེ་བཞེས་མཁན་ ༧ པ་དེ་ཆགས་ཀྱི་འདུག

Ama Jetsun Pema Awarded

གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་ཉིད་༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་ལགས་ཀྱི་༸སྐུ་ཚེའི་ལོ་རྒྱུས་ཨ་མ་ལགས་ཞེས་པའི་དངོས་བྱུང་གློག་བརྙན་གཟིགས་འབུལ་བརྒྱུད་དབུ་འཛུགས་གནང་ཡོད་པ་དང་འབྲེལ། མཛད་སྒོའི་ཐོག་ Randolph རེན་ཌོལྥ་མཐོ་སློབ་ཀྱི་གཙོ་འཛིན་ Sue Ott Rowlands ལགས་ཀྱིས་གཙོས་པའི་མཐོ་སློབ་དེའི་སློབ་དཔོན་ཆེན་མོ་ Suzanne Bessenger ལགས་དང་སློབ་དཔོན་ཁག་གཅིག ཨ་མ་རྗེ་བཙུན་པདྨའི་ནང་མི་ཉེ་འབྲེལ། དེ་བཞིན་བོད་ཁྱིམ་སློབ་ཟུར་དང་། ཨ་རིའི་ས་གནས་བོད་མི་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་འགའ་ཤས་ལྷན་ཞུགས་གནང་ཡོད་པ་རེད་འདུག

སྐབས་དེར་སློབ་དཔོན་ཆེན་མོ་ Suzanne Bessenger ལགས་ཀྱིས། སློབ་ཕྲུག་རྣམས་ལ་སློབ་གྲྭ་དང་རོགས་མགོན་གནང་རྒྱུ་དེ་ནི་ཨ་མ་རྗེ་བཙུན་པདྨའི་བཀའ་དྲིན་མེད་ཚེ། དེ་ལྟར་ཡོང་ཐུབ་རྒྱུ་མིན་ཞེས་བརྗོད་ན་ཐལ་དྲགས་པ་མ་རེད་ཅེས་བསྔགས་བརྗོད་གནང་ཡོད་པ་མ་ཟད། སློབ་དཔོན་ཆེན་པོ་ཁག་གཅིག་གིས་ཀྱང་། ཁོང་ནི་གཟེངས་རྟགས་ཀྱི་ངོས་འཛིན་ཐོབ་པའི་སྤྱི་ཚོགས་ཞབས་ཞུ་དང་སྙིང་རྗེའི་སྲོལ་རྒྱུན་མཚོན་པར་བྱེད་མཁན་ངོ་མ་དེ་རེད་ཅེས་ཆེ་བསྟོད་ཞུས་འདུག

Ama Jetsun Pema Awarded

གཟེངས་རྟགས་ཕུལ་གྲུབ་མཚམས་སུ་ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་གཟེངས་རྟགས་འབུལ་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། གསུང་བཤད་གནང་བའི་ཁྲོད། བོད་ཁྱིམ་སློབ་གྲྭའི་དབུ་འཛུགས་ཀྱི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། བོད་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་ཡག་པོ་སྤྲོད་རྒྱུའི་རང་གི་གཅེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་མངགས་མཛད་པ་སོགས་ཀྱང་དྲན་གསོ་གནང་སྟེ། ང་ཚོས་བོད་རིགས་གཞོན་སྐྱེས་རྣམས་ལ་ཤེས་ཡོན་སློབ་སྦྱོང་སྦྱིན་པ་དེས་ཁོང་རྣམ་པར་ཕན་ཐོགས་ཆེན་པོ་དང་ནུས་པ་གོང་འཕེལ་དུ་འགྲོ་ཡོད་པ་མ་ཟད། གང་དུ་སོང་ཡང་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་མང་པོ་མཐོང་རྒྱུ་ཡོད་པས་སེམས་ཤུགས་འཕེལ་གྱི་འདུག་ཅེས་གསུངས་འདུག

ད་དུང་གཟེངས་རྟགས་ཀྱི་རྟགས་མ་དང་ལྷན་དུ་ཨ་སྒོར་ ༢༥༠༠༠ འབུལ་བཞེས་གནང་བ་དེ་བོད་ཕྲུག་ཁྱིམ་སྡེའི་སློབ་མའི་ཤེས་ཡོན་ཡར་རྒྱས་ཆེད་དུ་ཞལ་འདེབས་དབུལ་རྒྱུ་ཡིན་པ་གསུངས་འདུག

ལྷག་པར་མཛད་སྒོ་དབུ་འཛུགས་སྐབས་སློབ་དཔོན་ཆེན་མོ་ Suzanne Bessenger ལགས་ཀྱིས་ཨ་མ་རྗེ་བཙུན་པདྨའི་ངོ་སྤྲོད་ཁྲོད། བོད་ཁྱིམ་སློབ་ཟུར་ཁག་གཅིག་གིས་ཆེ་བསྟོད་ཚིག་བརྗོད་ཁག་ལུང་འདྲེན་ནང་བའི་ནང་། ཁག་གཅིག་གིས་ཨ་མ་རྗེ་བཙུན་པདྨ་ལགས་ནི་བཙན་བྱོལ་ནང་གི་བོད་ཕྲུག་རྣམས་ལ་བྱམས་བརྩེ་སྤྲོད་མཁན་གྱི་བདག་ཉིད་ཅིག་ཡིན་པ་དང་། ཁག་གཅིག་གིས་ཨ་མ་ལགས་ཀྱི་བཀའ་དྲིན་འགྲན་ཟླ་བྲལ་བ་ཞིག་ཡིན་པ་སོགས་ལུང་འདྲེན་གནང་འདུག

Ama Jetsun Pema Awarded

ཐེངས་འདིའི་གཟེངས་རྟགས་དེ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་ནང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཨ་རིའི་བུད་མེད་རྩོམ་པ་པོ་ལྕམ་ Pearl S. Buck ལགས་ཀྱི་མཚན་གནས་རྗེས་དྲན་ཆེད་ཡིན་པ་དང་། དེ་སྔ་གཟེངས་རྟགས་དེ་བྷང་ལ་དེ་ཤའི་སྲིད་བློན་ལྕམ་ Sheikh Hasina ལགས་དང་ཕི་ལི་པི་ནིས་ཀྱི་སྲིད་འཛིན་ཟུར་པ་ལྕམ་ Corazon Aquino ལགས། དེ་བཞིན་ཨིར་ལན་ཌིའི་སྲིད་འཛིན་ཟུར་པ་ལྕམ་ Mary Robinson ལགས་སོགས་བུད་མེད་དང་ཕྲུག་གུ། སྤྱི་མང་ཐོབ་ཐང་སོགས་ཀྱི་སྡེ་ཚན་སྣ་ཚོགས་ནང་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་རྣམས་ལ་ཕུལ་ཡོད་ཅིང་། ༸སྐུའི་གཅུང་མོ་བཀའ་ཟུར་ལྷ་སྐུ་རྗེ་བཙུན་པདྨ་མཆོག་ནི་གཟེངས་རྟགས་དེ་བཞེས་མཁན་མི་སྣ་ ༧ པ་ཆགས་ཡོད།

༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ནི་ཕྱི་ལོ་ ༡༩༤༠ ལོར་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང་། ཆུང་དུས་རྒྱ་གར་ནང་སློབ་གཉེར་གནང་སྟེ་རིམ་པས་དབྱིན་ཡུལ་དང་སུད་སི་སོགས་སུ་ཆེད་ཕེབས་ཀྱིས་སློབ་གཉེར་གནང་བའི་རྗེས། ཕྱི་ལོ་ ༡༩༦༤ ལོར་རྒྱ་གར་ལ་ཕྱིར་ཕེབས་ཀྱིས་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་གྱི་ཐུགས་འགན་བཞེས་པ་དང་། དེ་རྗེས་ཕྱི་ལོ་ ༡༩༨༠ ལོར་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་དབུ་ཁྲིད་ནས་བོད་ནང་དངོས་དོན་རྟོག་ཞིབ་ཀྱི་གཟིགས་སྐོར་སྐུ་ཚབ་ཐེངས་གསུམ་པ་ཕེབས་ཡོད་པར་མ་ཟད། དེ་སྔ་ཤེས་རིག་བཀའ་བློན་གྱི་ཐུགས་འགན་ཡང་བཞེས་མྱོང་ཡོད་པ་རེད།

Ama Jetsun Pema Awarded

ལྷག་དོན་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་ད་བར་རྒྱལ་སྤྱིའི་གཟེངས་རྟགས་མང་དག་ཅིག་བཞེས་མྱོང་ཡོད་པའི་ཁྲོད་སུད་ཌན་གྱི་ཕྲུག་གུའི་རང་དབང་དང་འབྲེལ་བའི་སྙན་གྲགས་ཆེ་བའི་གཟེངས་རྟགས་དང་། བུད་མེད་ནུས་སྟོབས་གོང་འཕེལ་དང་འབྲེལ་བའི་གཟེངས་རྟགས། དེ་བཞིན་རྒྱ་གར་གཞུང་གི་བེུད་ནུས་སྟོབས་གོང་འཕེལ་དང་འབྲེལ་བའི་གཟེངས་རྟགས་སོགས་བཞེས་མྱོང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།