Tibetan Royal Year of 2151 | Year of the Wood Dragon

ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱིས་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐོག་བོད་དོན་ངོ་སྤྲོད་གནང་བ།

Tibetan News Headlines

  • Himachal Government schools to implement SEE learning
  • Dalai Lama grants an audience to Tibet supporters from Japan
  • Mass relocations of Tibetans not voluntary, villagers coerced by extreme pressure: HRW
  • Three-day Tibetan settlement cooperative’s conference begins in Dharamshala
  • Idea to Execution: Dalai Lama College hosts EntrepExpo

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༢

  • ཧི་མཱ་ཅལ་མངའ་སྡེའི་ནང་ SEE ཤེས་ཡོན་ལག་བསྟར་དབུ་འཛུགས་གནང་རྒྱུའི་མཛད་སྒོ་ཞིག་འཚོགས་སོང་།
  • ༸གོང་ས་མཆོག་གིས་ཉི་འོང་སྐུ་ཚབ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • རྒྱ་གཞུང་གིས་ཚད་ལས་བརྒལ་བའི་གནོན་ཤུགས་འོག་བོད་མི་རྣམས་བཙན་གྱིས་གཞིས་སྤོས་བྱེད་བཞིན་པ་ར་སྤྲོད་གནང་འདུག
  • བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་བ།
  • ཏྰ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གིས་ཉིན་གྲངས་གཉིས་རིང་ཚོང་རིགས་ཁྲོམ་སྟོན་གནང་འདུག

ཐེ་ཝན་གྱི་རྒྱལ་ས་ཐའེ་པེ་གྲོང་ཁྱེར་དུ་ལོ་ལྟར་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཚོགས་སྲོལ་ཡོད་པ་ལྟར་དོན་ཁང་ཁྱབ་འོག་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པའི་དཔེ་དེབ་ཁག་འགྲེམས་སྟོན་ནང་ཐེ་ཝན་སྐུ་ཚབ་དོན་གཅོད་སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་མཉམ་ཞུགས་གནང་འདུག

བོད་མི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།  རྒྱལ་ས་ཐའེ་པེ་གྲོང་ཁྱེར་དུ་ལོ་ལྟར་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཚོགས་ཀྱི་ཡོད་ཀྱང་། འདས་པའི་ལོ་གཉིས་རིང་གོ་ལ་ཧྲིལ་པོར་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཆེ་རྐྱེན་འགྲེམས་སྟོན་འཚོགས་ཐུབ་མེད་པ་དེ་ལྟར་ནའང་། ཟླ་བ་འདིའི་ཚེས་ ༢ ནས་ ༧ བར་ཉིན་གྲངས་དྲུག་རིང་དཔེ་དེབ་འགྲེམས་སྟོན་གྱི་ལས་གཞི་མགོ་བརྩམས་པ་དང། དོན་ཁང་ཁྱབ་ཁོངས་གངས་ལྗོངས་དཔེ་སྐྲུན་ཁང་འགྲེམས་སྟོན་དེའི་ཐོག་མཉམ་ཞུགས་གནང་བ་དང་། ཕྱི་ཟླ་ ༦ ཚེས་ ༣ ཉིན་རྒྱབ་ཚོུད་ ༣ ནས་ ༤ པའི་བར་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་སྐམ་ས་ཆེན་པོར་པར་སྐྲུན་བྱ་ཐབས་བྲལ་བའི་རྒྱ་ཡིག་གི་དཔེ་དེབ་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་འདུག

སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གཞུང་གིས་དཔེ་དེབ་པར་སྐྲུན་ལ་ཞིབ་བཤེར་བཀག་བསྡོམས་བྱས་པའི་སྲིད་བྱུས་དཔེ་མཚོན་དུ་བཀོད་ནས་ངོ་སྤྲོད་གནང་བར་མ་ཟད་གངས་ལྗོངས་དཔེ་སྐྲུན་ཁང་གིས་ཆེད་མངགས་ངལ་བར་འཛེམས་མེད་ངང་རྒྱ་ཡིག་ཐོག་བོད་དོན་དང་འབྲེལ་བའི་དེབ་ཁག་པར་སྐྲུན་གནང་དགོས་པའི་དགོས་དམིགས་དང་དོན་འབྲས་སོན་པའི་ཐབས་བྱུས་ལ་སོགས་པ་ངོ་སྤྲོད་གནང་བ་དང་ཆབས་ཅིག ད་ལྟའི་ཆར་རྒྱའི་སྤྱི་ཚོགས་ནང་བོད་དོན་དང་འབྲེལ་བའི་རྒྱ་ཡིག་དཔེ་དེབ་པར་སྐྲུན་བྱེད་ས་ཐེ་ཝན་གཅིག་ཁོ་ན་ལས་ལྷག་མེད་སྟབས་ཐེ་ཝན་གཞུང་མང་གཉིས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུས་པར་མ་ཟད། དཔེ་སྐྲུན་ཁང་གི་དང་བླངས་ལས་མི་ཡོངས་ལ་དེ་ལྟར་པར་སྐྲུབ་ཐུབ་པར་ཐུགས་རྗེ་ཆེ་ཞེས་ཞུས་འདུག

གཞན་ཡང་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དཔེ་དེབ་ངོ་སྤྲོད་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་དཔེ་དེབ། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ། ཆོས་དང་རིག་གཞུང་དང་འབྲེལ་བའི་དཔེ་དེབ། རྒྱ་མིས་བྲིས་པའི་དེབ། ཐེ་ཝན་མིས་བྲིས་པའི་དེབ། བོད་མིས་བྲིས་པའི་དེབ། བོད་རྒྱ་འབྲེལ་ལམ་དང་འབྲེལ་བའི་དེབ་སོགས་ཀྱི་ནང་དོན་སྙིང་བསྡུས་སུ་ངོ་སྤྲོད་གནང་འདུག

རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐོག་ཐེ་ཝན་སྐུ་ཚབ་དོན་གཅོད་སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་མཉམ་ཞུགས་གནང་སྟེ་བོད་དོན་ངོ་སྤྲོད་གནང་དོན་ལྟར་དཔེ་དེབ་འགྲེམས་སྟོན་གྱི་སྡིངས་ཆའི་གལ་གནད་སོགས་ཀྱི་སྐོར་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་དེ་ལྟར་གསུངས་སོང་།

རྩ་བའི་ཐེངས་འདིའི་དཔེ་དེབ་འགྲེམས་སྟོན་ཐོག་དཔེ་སྐྲུན་ཁང་ ༣༠༠ ལྷག་མཉམ་ཞུགས་གནང་འདུག་པ་དང། རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོར་ཐེ་ཝན་སྲིད་འཛིན་སྐུ་གཞོན་མཆོག་དང་རིག་གཞུང་བློན་ཆེན་མཆོག ཕ་རན་སིའི་གཞུང་ཚབ་སོགས་མཉམ་ཞུགས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།