Tibetan Royal Year of 2151 | Year of the Wood Dragon

ཕྱི་ལོ་ ༢༠༢༢ ལོའི་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་རོགས་དངུལ་ཞུ་མཁན་ཕལ་མོ་ཆེ་ཉམས་ཞིབ་ཐོག་ཆགས་ཀྱི་འདུག

Tibetan News Headlines

  • Dalai Lama honored with PV Narasimha Rao Memorial Award
  • Xi Jinping appoints senior diplomat Xu Feihong as China’s new envoy to India
  • US revokes licences for supply of chips to China’s Huawei
  • China’s Xi Arrives in Serbia to Bolster Ties With Europe’s East
  • Kyirong Jowo welcomed into the Main Temple in Dharamshala for public viewing and worship

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༨

  • ༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།
  • Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག
  • ཨ་རིས་རྒྱ་ནག་ཧྭའོ་ཝེ་བཟོ་ལས་ཁང་ལ་ཁ་པར་བཟོ་སྐྲུན་སོགས་ཀྱི་ནང་བཀོལ་སྤྱོད་བྱེད་པའི་ Chip མཁོ་སྤྲོད་ཀྱི་ཆོག་མཆན་ཕྱིར་
  • ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཁྲོད་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ Serbia ནང་དུ་འབྱོར་བ།
  • སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་རྟེན་ངོ་སྤྲོད།

ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གྱི་ལས་འཆར་ཐེངས་ལྔ་པ་སྟེ་ཕྱི་ལོ་ ༢༠༢༢ ལོའི་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་རོགས་དངུལ་ཞུ་མཁན་ ༧༡ མཐའ་མའི་འདེམས་སྒྲུག་ནང་ཚུད་དོན་ལྟར་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་ངོ་འཕྲད་དང་དྲ་ཐོག་འདྲི་གླེང་གནང་ཡོད་པ་རེད།ཁ་སང་ཕྱི་ཟླ་ ༦ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩༌༣༠ ཐོག་ཚོགས་མི་བཞི་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་གིས་བཞུགས་སྒར་དྷརྨ་སཱ་ལཱར་གནས་བཞུགས་སྙན་འབུལ་བ་རྣམས་ལ་ངོ་འཕྲད་འདྲི་གླེང་གནང་བ་དང་། ཕྱོགས་བཞུགས་སྙན་འབུལ་བ་རྣམས་ལ་དྲ་རྒྱའི་བརྒྱུད་ལས་འཆར་གྱི་མ་དངུལ་ཞུ་དམིགས་གང་ཡིན་སོགས་དང་འབྲེལ་བའི་དྲི་བ་དྲིས་ལན་གནང་ཡོད་པ་དང་། དེ་རིང་སླར་ཡང་སྙན་འབུལ་ལྷག་འཕྲོས་རྣམས་ལ་མུ་མཐུད་དྲི་བ་དྲིས་ལན་གནང་སྟེ་འདེམས་སྒྲུག་གནང་བཞིན་འདུགརྩ་བའི་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་རྐང་འགན་དང་ཨ་རིའི་རོགས་ཚོགས་(USAID) ནས་དཔལ་འབྱོར་མཐུན་འགྱུར་གནང་སྟེ། བོད་ཀྱི་ཐུན་མིན་སྲོལ་དེང་གཉིས་ཀྱི་རིག་གཞུང་དང་འབྲེལ་བའི་སྐད་ཡིག ཡུལ་གོམས་གཤིས་ལུགས། ལེགས་བྱང་། པར་སྐྲུན། བོད་ཀྱི་བཟོ་རིག་སྒྱུ་རྩལ་རྒྱུན་འཛིན་དང་གོང་སྤེལ་ཐུབ་ཐབས་སུ་ཆེད་དམིགས་ཀྱིས་ཚོགས་སྒེར་ཁག་ལ་གནང་བའི་རོགས་དངུལ་གྱི་ལས་འཆར་ཞིག་ཆགས་ཀྱི་ཡོད་པ་རེད། རླུང་འཕྲིན་ཁང་གི་གསར་འགོད་པས་ཆོས་རིག་ལས་ཁུངས་ཀྱི་རིག་གཞུང་འགན་འཛིན་དོན་གྲུབ་ཚེ་རིང་ལགས་སུ་ལས་འཆར་དབུ་འཛུགས་གནང་བའི་དགོས་དམིགས་དང་ལས་འཆར་གྱི་རྣམ་གྲངས་ཇི་ཡོད་བཅས་ཐོག་བཅར་འདྲི་ཞུས་པར་ཁོང་གིས་ཐེངས་འདིའི་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་རོགས་དངུལ་ཞུ་མཁན་ཁོངས་ནས་ལས་འཆར་གྱི་རྣམ་གྲངས་མང་དག་ཅིག་ཡོད་པ་ལས་ཕལ་མོ་ཆེ་བ་ཉམས་ཞིབ་ཐོག་ཞུ་མཁན་ཆགས་ཀྱི་ཡོད་པར་གསུངས་སོང་བ་དང་ཆབས་ཅིག རིག་གཞུང་གི་མ་དངུལ་གསོལ་སྩལ་གནང་བ་ལྟར་རོགས་དངུལ་ཞུ་མཁན་ཚོ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་གསུངས་སོང་། དེ་བཞིན་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གྱི་ལས་འཆར་ཐེངས་ལྔ་པར་མཉམ་ཞུགས་གནང་མཁན་ཁོངས་ནས་ལྷ་ཤིང་བོད་ཀྱི་སྒྱུ་རྩལ་འགན་འཛིན་ཁྱད་ཆོས་བཟང་པོ་ལགས་སུ་ཐེངས་འདིའི་རིག་གཞུང་མ་དངུལ་ནང་ཞུགས་དོན་གང་ཡིན་དང་མ་འོངས་པའི་ལས་འཆར་སོགས་དང་འབྲེལ་བའི་བཅར་འདྲི་ཞུས་པར་ཁོང་གིས་བོད་ཀྱི་ཐུན་མིན་ཤིང་བཟོའི་སྒྱུ་རྩལ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བཅས་ལ་དམིགས་ནས་འཛུལ་ཞུགས་གནང་བ་དང་། སླད་མར་སྒྱུ་རྩལ་དེའི་ཐོག་བོད་པའི་གཞོན་སྐྱེས་རྒྱུན་འཛིན་པ་སྐྱེད་སྲིང་ཐུབ་ཐབས་སུ་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་སོང་།

ཤེས་རྟོགས་བྱུང་བར་ཐེངས་འདིའི་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་རོགས་དངུལ་ཞུ་མཁན་ཁྱོན་ ༧༤ བྱུང་བའི་ཁོངས་ནས་ ༧༡ དྲག་འདེམས་ཐོག་འདྲི་རྩོད་གནང་ཡོད་དང་། དེ་དག་ནི་ཉམས་ཞིབ་དང་། རྩོམ་སྒྱུར། བཟོ་རིག ཟློས་གར། པར་སྐྲུན་སོགས་ཀྱི་ལས་འཆར་ཐོག་འཚང་སྙན་ཕུལ་འདུག་པ་དང་། རིག་གཞུང་མ་དངུལ་ཞུ་མཁན་ཁོངས་ནས་ཕལ་མོ་ཆེ་བ་ཉམས་ཞིབ་ཐོག་ཞུས་འདུག ད་བར་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་རོགས་དངུལ་ཞུ་མཁན་ཁྱོན་མི་གྲངས་ ༥༥ བྱུང་ཡོད་པ་དང་། འདེམས་སྒྲུབ་ཟིན་ཁག་རྣམས་ལ་རོགས་དངུལ་ཧིན་སྒོར་འབུམ་གཅིག་ནས་འབུམ་གསུམ་བར་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།