Tibetan Royal Year of 2151 | Year of the Wood Dragon

བོད་དོན་རྒྱབ་སྐྱོར་བ་ Richard Gere ལགས་ལ་འཇར་མ་ནིའི་རྒྱལ་ཡོངས་གཟེངས་རྟགས་ཕུལ་བ།

Tibetan News Headlines

  • Himachal Chief Minister Sukhwinder Singh Sukhu calls on the Dalai Lama
  • US Senate passes Resolve Tibet Act unanimously
  • FTCI urged to take more responsibility as CTA begins settlement rehabilitation work
  • New Delhi observes Buddha Purnima Divas, Kundeling Rinpoche leads the event
  • China seeks to build world’s largest national park system, targets Tibet

རེས་གཟའ་པ་སངས། ༢༠༢༤།༠༥།༢༤

  • ༸གོང་ས་མཆོག་གིས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་མཇལ་ཁ་བསྩལ་འདུག
  • ཨ་རིའི་གྲོས་ཚོགས་གོང་མས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སྤྱི་མོས་ཀྱིས་གཏན་འབེབས་གནང་འདུག
  • ད་ལྟའི་གཞིས་སྤོས་ཀྱི་ལས་གཞིའི་ཁྲོད་མཉམ་འབྲེལ་ཁག་གི་འགན་བཞེས་ཕྱོགས་ཐད་དམིགས་བསལ་དགོངས་པ་བཞེས་དགོས་པ་གསུངས་འདུག
  • རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་མཐུན་འགྱུར་འོག་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུས་སོང་།
  • རྒྱ་ནག་གིས་བོད་ནང་འཛམ་གླིང་གི་སྤྱི་གླིང་ཆེ་ཤོས་དེ་རྒྱག་རྒྱུ་རེད་འདུག

འཇར་མ་ནིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Christian Wulff མཆོག་དང་འཇར་མ་ནི་གཞུང་གི་ཁྲིམས་ཞིབ་པ་དང་བློན་ཆེན་ལྕམ་ Katarina Barley མཆོག ཁོར་ཡུག་བློན་ཆེན་ལྕམ་ Svenja Schulze མཆོག དེ་བཞིན་ཚོང་འབྲེལ་དང་འཛུགས་སྐྲུན་བློན་ཆེན་སྐུ་ཞབས་ Gerd Muller མཆོག་བཅས་གནད་ཡོད་མི་སྣ་མང་དག་ཅིག་དབུ་བཞུགས་ཡོད་པའི་མཛད་སྒོའི་ཐོག་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱལ་སྤྱིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་ལ་ Germany Sustainability Award ཞེས་འཇར་མ་ནི་ཡུལ་དང་ཡུ་རོབ་ཁུལ་གྱི་གཟེངས་རྟགས་གྲགས་ཅན་དེ་འབུལ་བཞེས་གནང་འདུག
གཟེངས་རྟགས་འདི་སྐུ་ཞབས་ Richard Gere ལགས་ཀྱིས་རང་ཉིད་ཀྱི་མཚན་སྙན་བེད་སྤྱོད་བརྒྱུད་བོད་མིའི་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་གཉན་ནད་རེག་དུག་གི་ནད་པར་རོགས་སྐྱོར་གྱི་ལས་གཞི་རྒྱ་ཆེ་སྤེལ་བར་ཆེ་བསྟོད་མཚོན་ཕྱིར་ཕུལ་བ་ཞིག་རེད་འདུགཉེ་སྔོན་ཟླ་ ༡༠ པའི་ནང་ German Sustainability གཟེངས་རྟགས་ཐེབས་རྩ་ཚོགས་པའི་དྲ་གནས་ཐོག་ལོ་འདིའི་གཟེངས་རྟགས་བཞེས་མཁན་རྣམས་ཀྱི་མཚན་གཞུང་འདོན་སྤེལ་གནང་བའི་ནང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Richard Gere ལགས་དང་ Africa ནང་གི་གཞས་མ་གྲགས་ཅན་ Angelique Kidjo ལགས། དེ་བཞིན་ Irish གཞས་པ་གྲགས་ཅན་ Rea Garvey ལགས་བཅས་གསུམ་གྱི་མཚན་བཀོད་གནང་ཡོད་པ་རེད།སྐབས་དེར་ཐེབས་རྩ་ཚོགས་པ་གསར་འཛུགས་གནང་མཁན་སྐུ་ཞབས་ Stefan Hausmann ལགས་ཀྱིས་གཟེངས་རྟགས་དེ་ཐོབ་མཁན་རྣམས་ཉིན་རེའི་བྱེད་སྒོའི་ནང་ Sustainability འམ་འཛམ་གླིང་རྒྱུན་འཛིན་ཐུབ་པར་ཕྱག་ལས་གནང་ཕྱོགས་ཐད་མིག་དཔེ་ལྟ་བུ་ཡིན་པ་དང་། ཁོང་རྣམས་ཀྱིས་རང་ཉིད་ཀྱི་མཚན་སྙན་ཡོད་པ་དེ་སྤྱི་ཚོགས་ལ་ཕན་པ་སྒྲུབ་པར་མེད་དུ་མི་རུང་བ་ཆགས་ཡོད་སྐོར་གསུངས་འདུག
རྩ་བའི་ German Sustainability Award ཞེས་པ་དེ་ཕྱི་ལོ་ ༢༠༠༨ ལོར་གསར་འཛུགས་གནང་སྟེ་འདི་ལོ་ཐེངས་ ༡༡ པ་དེ་ཆགས་ཀྱི་ཡོད་པ་རེད། གཙོ་བོ་སྤྱི་ཚོགས་དང་ཁོར་ཡུག་གི་གནད་དོན་ཐད་འགན་ཁུར་གྱི་འདུ་ཤེས་གོང་འཕེལ་གནང་རྒྱུ་དང་དེའི་ཐོག་མིག་དཔེ་སྟོན་མཁན་རྣམས་ལ་ངོས་འཛིན་ཞུ་ཆེད་དུ་དབུ་འཛུགས་གནང་བ་ཞིག་ཡིན་པ་རེད།
གཟེངས་རྟགས་དེར་འཇར་མི་ནི་གཞུང་གཙོ་གྱུར་ UNESCO དང་ UNICEF སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་གྲས་འདྲ་མིན་ནས་རྒྱབ་སྐྱོར་ཡོད་པ་ལྟར། ཚོགས་པ་དེས་ལོ་ལྟར་བཞིན་གྲོང་ཁྱེར་དང་ཚོང་ལས་ཁང་། སྒེར་སོགས་གང་རུང་གིས་གོ་ལ་རྒྱུན་གནས་ཐུབ་ཐབས་ཐོག་ཕྱག་ལས་གནང་བར་ངོས་འཛིན་གྱིས་ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་གནང་སྲོལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།