Tibetan Royal Year of 2151 | Year of the Wood Dragon

བོད་ནང་ཁ་བྲལ་ལ་གདོང་ལེན་དང་རྒྱལ་ཞེན་གྱི་བསམ་བློ་ཆེ་རུ་གཏོང་དགོས་པ་བརྗོད་འདུག

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ ཐོག་བོད་ནང་ཁ་བྲལ་ལ་གདོང་ལེན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་གཞི་རིམ་སློབ་གྲྭ་ཁག་ཏུ་སློབ་གསོ་སོགས་ཀྱི་ཐོག་ནས་རྒྱལ་ཞེན་གྱི་བསམ་བློ་ཆེ་རུ་གཏོང་དགོས་པ་སོགས་བརྗོད་འདུག

ཉེ་ཆར་ཟླ་ ༨ ཚེས་ ༢༨ དང་ ༢༩ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྲིད་འཛིན་ཞི་ཅིན་ཕིང་ཡོད་ཐོག་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ པ་དེ་ཚོགས་ཡོད་པ་དང་སྐབས་དེར་ཞི་ཅིན་ཕིང་གིས་གཙོས་པའི་རྒྱ་ནག་དབུས་ཆབ་སྲིད་ཁང་གི་དབུས་རྒྱུན་ལི་ཁ་ཆཱང་དང་ལི་ཀྲན་ཧྲུའུ། སང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེན་། ཝང་དབྱང་བཅས་ནས་མཉམ་ཞུགས་བྱས་འདུག

སྐབས་དེར་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་མང་གི་འཚོ་བ། དེ་བཞིན་རང་བྱུང་ཁོར་ཡུག་དང་མཐའ་མཚམས་སྲུང་སྐྱོབ་བཅས་འགན་སྲུང་གི་གནད་དོན་བཞིའི་སྐོར་ལ་གཏམ་བཤད་སྤེལ་བའི་ཁྲོད་རྒྱལ་ཁབ་སྐྱོང་བའི་སྔོན་ལ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བའི་སྔོན་ལ་བོད་ནང་བརྟན་ལྷིང་དགོས་པ། ལྷག་པར་དུ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན། དེ་བཞིན་བོད་བརྒྱུད་ནང་བསྟན་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་ཞིག་བཟོ་དགོས་གལ་ཡིན་པར་བཤད་འདུག་པ་དང་། མང་ཚོགས་ཁྲོད་ཁ་བྲལ་རིང་ལུགས་ལ་གདོང་ལེན་གྱི་བསམ་བློ་ཆེས་ཆེར་སྤེལ་དགོས་པ། སློབ་གྲྭ་ཁག་ཏུ་ངའི་ཀྲུང་ཧྭ་ཞེས་པའི་ས་བོན་གཙོས་པའི་དེ་དང་འབྲེལ་བའི་སློབ་གསོ་སོགས་ཀྱི་ཐོག་ནས་རྒྱལ་ཞེན་གྱི་བསམ་བློ་ཆེ་རུ་གཏོང་དགོས་པ་སོགས་བརྗོད་འདུག

ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ Matteo Meccaci ལགས་ཀྱིས་ཞི་ཅིན་ཕིང་དང་རྒྱ་ནག་དཔོན་རིགས་གཞན་ཚོས་བཤད་པ་བཞིན་བོད་ནང་དུ་བཞུགས་པའི་གཞིས་ལུས་རྒྱ་ཆེ་མང་ཚོགས་དག་ལ་དོན་དམ་གྱིས་ལྟ་རྟོག་བྱེད་མུས་ཡིན་ཚེ་རྒྱ་གཞུང་ནས་བོད་མིའི་ཁྲོད་ཁ་བྲལ་གྱི་བྱ་འགུལ་སྤེལ་བར་བློ་འཚབ་བྱེད་དོན་མེད་པ་དང་། བོད་མི་རྣམས་ལ་ཆབ་སྲིད་ཀྱི་སློབ་གསོ་རིགས་སྤེལ་དགོས་དོན་མེད་པ་སོགས་ཀྱི་གནད་དོན་ཁག་ཅིག་མངོན་གསལ་གནང་སྟེ་སྐྱོན་བརྗོད་གནང་འདུག

རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སུ་ད་རེས་སྲིད་འཛིན་ཞི་ཅིན་ཕིང་གི་གཏམ་བཤད་དང་། ཉེ་ཆར་བོད་རང་སྐྱོང་ལྗོང་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wu Yingjie ནས་ཀྱང་ཁུལ་དེའི་དམར་ཤོག་དཔོན་རིགས་ཚོས་ཆེས་དབང་སྒྱུར་དཀའ་བའི་ཁ་བྲལ་ལ་འཐབ་འཛིང་གི་ལས་དོན་ལས་རྣམ་པར་རྒྱལ་དགོས་པ་དང་། ཏཱ་ལའི་བླ་མ་དང་ཏཱ་ལའི་རུ་ཚོགས་ཀྱི་ངོ་གདོང་དམར་རྗེན་དུ་ཆེད་འདོན་གྱིས་མངོན་གསལ་དོད་པོས་གཏིང་ཚུགས་པའི་སྒོ་ནས་སྐྱོན་བརྗོད་དང་གདོང་ལེན་ནན་པོ་བྱེད་དགོས་ཞེས་བརྗོད་ཡོད་པ་བཅས་དང་འབྲེལ་ཏེ་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གཞུང་གིས་དུས་རྟག་ཏུ་སྤེལ་བཞིན་པའི་བྱ་སྤྱོད་ལ་གཞིགས་ན་བཟང་ཕྱོགས་ཀྱི་འགྱུར་ལྡོག་གང་ཡང་མེད་པར་བློ་འཚབ་གནང་གཞི་གཞི་ཏུ་གྱུར་ཡོད་པར་གསུངས་ཡོད།

རྩ་བའི་ཞི་ཅིན་ཕིང་གི་སྲིད་འཛིན་ལས་ཡུན་ནང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། དཔྱད་ཞིབ་པ་རྣམས་ཀྱིས་ཐེངས་འདིའི་ཚོགས་འདུ་ཐོག་ནང་དོན་མང་ཆེ་བ་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་ཚོགས་པའི་བོད་ཀྱི་ལས་དོན་སྐོར་བཞུགས་མོལ་ཚོགས་འདུ་ཐེངས་ ༦ པའི་ནང་དོན་དང་གཅིག་མཚུངས་ཡིན་པར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།