Tibetan Royal Year of 2151 | Year of the Wood Dragon

ཕ་རན་སིའི་སྲིད་འཛིན་ Macron ལགས་ཀྱིས་ཝང་ཡིར་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་བ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

རྒྱ་ནག་གྱི་ཕྱི་སྲིད་བློན་ཆེན་ Wang Yi ཟླ་ ༨ ཚེས་ ༢༥ ནས་ཨི་ཊ་ལི་དང་ནི་ཐར་ལན་ཌི། ནོར་ཝེ། ཕ་རན་སི།  དེ་བཞིན་འཇར་མན་བཅས་ཡོ་རོབ་རྒྱལ་ཁབ་ལྔའི་ནང་གཞུང་འབྲེལ་སྐོར་སྐྱོད་བྱེད་བཞིན་ཡོད་པ་ལྟར་ཕྱི་ཚེས་ ༢༩ ནས་ཁ་སང་བར་ཡོ་རོབ་ཕ་རན་སི་རྒྱ་ཁབ་ནང་བསྐྱོད་དེ་སྲིད་འཛིན་ Emmanuel Macron ལགས་དང་ཕྱི་སྲིད་བློན་ཆེན་ Jean-Yves Le Drian ལགས་གཉིས་དང་ཐུག་འཕྲད་བྱས་ཡོད་པ་རེད།

སྐབས་དེར་ཡུལ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་དབར་ཚོང་འབྲེལ་དང་ཏོག་དབྱིབས་རིམས་ནད་དང་འབྲེལ་མཉམ་ལས་ཀྱི་ལས་དོན་གཉེར་ཕྱོགས་སོགས་ཀྱི་ཐོག་གྲོས་བསྡུར་བྱས་ཡོད་པ་ལྟར། དབྱིན་ཇིའི་ Reuters ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་སྐབས་དེའི་གྲོས་བསྡུར་ཁྲོད་ཕ་རན་སི་སྲིད་འཛིན་ Emmanuel Macron ལགས་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ལ་ད་ལྟའི་ཧོང་ཀོང་ནང་གི་གནས་སྟངས་དང་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་མང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད་ཕ་རན་སི་གཞུང་ནས་སེམས་འཚབ་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་བཀོད་འདུག

དེ་བཞིན་ཕ་རན་སིའི་ཕྱི་སྲིད་བློན་ཆེན་ Jean-Yves Le Drian ལགས་ནས་ཀྱང་ Wang Yi དང་ཐུག་འཕྲད་སྐབས་ཧོང་ཀོང་དང་ཤིན་ཅང་། དེ་བཞིན་རྒྱ་ནག་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་ཆེན་པོ་ཡོད་སྐོར་ནན་བརྗོད་བྱས་འདུག་པ་དེ་ལྟར་ཡང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིེས་དུས་རྒྱུན་ལྟར་ཧོང་ཀོང་དང་ཤིན་ཅང་གཉིས་རྒྱ་ནག་རྒྱལ་ནང་གི་གནད་དོན་ཡིན་པས་ཕྱིའི་རྒྱལ་ཁབ་ཚོས་དེར་ཐེ་བྱུས་གནང་རྒྱུ་ཡོད་མ་རེད་ཅེས་བཤད་འདུག

གཞི་རྩའི་ཝང་ཡི་ད་རེས་ཕ་རན་སིར་སྐྱོད་སྐབས་མང་ཚོགས་ཀྱིས་ངོ་རྒོལ་སྐད་འབོད་སོགས་གནང་བ་ལས་གཡོལ་ཐབས་སུ་སྐོར་སྐྱོད་ཀྱི་ཚེས་གྲངས་དང་དུས་ཚོད་ཁག་གསང་བ་དམ་པོ་བྱས་ཡོད་ཀྱང་། ས་གནས་བོད་རིགས་མི་མང་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་བ་སོགས་ནས་ Wang Yi ཁུལ་དེར་འབྱོར་སྐབས་ཙམ་མ་ཟད་ཕ་རན་སིའི་འགོ་ཁྲིད་ཁག་དང་ཐུག་འཕྲད་སྐབས་ངོ་རྒོལ་སྐད་འབོད་ཤུགས་ཆེ་གནང་འདུག   

ཝང་ཡི་དེ་རིང་ཕ་རན་སི་ནས་འཇར་མ་ནི་ནང་འགྲོ་ཡི་ཡོད་པ་དང་བསྟུན་འཇར་མ་ནི་ཆབ་སྲིད་ཀྱི་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་ཕྱི་སྲིད་བློན་ཆེན་ Heiko Maas ལགས་ནས་Wang Yi དང་ཐུག་འཕྲད་གནང་སྐབས་ཤིན་ཅང་ནང་གི་གནས་སྟངས་གཙོས་འགྲོ་བ་མིའི་ཐོབ་ཐང་སྐོར་ངེས་པར་དུ་གླེང་དགོས་པ་མ་ཟད། རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུང་མང་པོ་ཞིག་འཇར་མ་ནི་གཙོས་ཡོ་རོབ་ཁྱོན་ཡོངས་ཀྱི་གཞི་རྩའི་མང་གཙོའི་ལྟ་གྲུབ་དང་འགལ་ཟླ་ཆགས་ཀྱི་ཡོད་སྟབས་ཕྱི་འབྲེལ་ལས་དོན་སྐོར་གླེང་སྐབས་འཆར་ཅན་ལྟར་མིན་པར་དོ་ནན་གནང་དགོས་པའི་ཞུ་སྐུལ་གནང་འདུག

དེ་བཞིན་སྐབས་དེའི་སྐོར་སྐྱོད་ཁྲོད་གསར་འགོད་པ་ཁག་ཅིག་གིས་ Wang Yi ལ་ཉེ་ཆར་ Czech སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Milos Vystrcil ལགས་ཀྱིས་སྣེ་ཁྲིད་པའི་གནད་ཡོད་མི་སྣ་ ༩༠ ཙམ་ཐེ་ཝན་ནང་ཕེབས་པའི་སྐོར་ལ་འདྲི་རྩད་གནང་བར་ཝང་ཡིས་ཐེ་ཝན་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱེད་སྟངས་དེ་ནི་ཁོང་ཁྲོ་སློང་གཞི་ལས་མ་འདས་པས་སླད་མར་མཇུག་འབྲས་ངན་པ་ཞིག་ཡོང་གི་རེད་ཅེས་བཤད་འདུག

འོན་ཀྱང་ཚོགས་གཙོ་སྐུ་ཞབས་ Milos Vystrcil ལགས་ཀྱིས་རྒྱ་ནག་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ལ་གང་བཤད་ལྟར་ནམ་ཡང་དབུ་འཁོར་མི་སྲིད་ཅེས་གསུངས་པ་དང་སྦྲགས། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་ཨ་རི། ཁེ་ན་ཌ། དེ་བཞིན་ཨོ་གླིང་དང་དབྱིན་ཡུལ། ཕ་རན་སི་སོགས་རྒྱལ་ཁབ་བཅུ་ཙམ་གྱི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ ༧༠ ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་ཐེ་ཝན་ནང་ཕེབས་པར་རྒྱབ་སྐྱོར་གྱིས་བསྒྲགས་གཏམ་སྤེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།