Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ཀྱིས་གྷཱཾ་དྷཱི་མཆོག་གི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་ཞུས་པ།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢ སྟེ་རྒྱ་གར་སྐད་དུ་ Gandhi Jayanti ཞེས་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷཱཾ་དྷཱི་མཆོག་འཁྲུངས་ནས་ལོ་ ༡༥༤ འཁོར་བའི་ཉིན་མོ་དང་བསྟུན། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་མཐར་ལམ་སྒྲོལ་མ་མཆོག་དབུ་བཞུགས་ཐོག་གཞུང་འབྲེལ་མཛད་སྒོ་སྟབས་བདེ་ཞིག་གི་ཐོག་ནས་སྲུང་བརྩི་ཞུས་སོང་།

དེ་རིང་སྔ་དྲོ་ཕྱག་ཚོད་ ༩་༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་སྲི་ཟློག་མཆོད་རྟེན་མདུན་དུ་ཞུགས་ཏོག་གི་ཕྲེང་བས་རྒྱན་པའི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷཱཾ་དྷཱི་མཆོག་གི་སྐུ་པར་སྒྲིག་གཤོམ་གནང་བར་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་མཆོད་མེ་ཞལ་ཕྱེ་དང་སྦྲགས་གུས་བཀུར་གྱི་ཞུགས་ཏོག་སྒྲོན་འབུལ། དེར་འཛོམས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་མངར་ཟས་བགོད་འགྲེམས་གནང་སྟེ་འཁྲུངས་སྐར་ཉིན་མོ་སྲུང་བརྩི་ཞུས་སོང་།

སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་གསར་འགོད་པར་གྷཱཾ་དྷཱི་མཆོག་གི་མཛད་རྗེས་དྲན་གསོ་གནང་བ་དང་ཆབས་ཅིག ཁོང་གི་བདེན་པའི་འཐབ་རྩོད་དང་འཚེ་མེད་ཞི་བའི་ལྟ་གྲུབ་ནས་དཔེ་བླངས་ཏེ་བོད་མི་རྣམས་ནས་དུས་ནམ་ཡང་སེམས་ཤུགས་ཆག་རྒྱུ་མེད་པ་སོགས་གསུངས་ཡོད།

རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལོ་ལྟར་ཉིན་མོ་དེ་གལ་ཆེ་དོན་ཆེན་དུ་བརྩིས་ནས་གཞུང་འབྲེལ་མཛད་སྒོ་དང་ཁོར་ཡུག་གཙང་བཟོ་བཅས་ཀྱི་ལས་འགུལ་སྤེལ་ནས་ཉིན་མོ་དེ་སྲུང་བརྩི་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།