Tibetan Royal Year of 2151 | Year of the Wood Dragon

བོད་རིགས་སྒྱུ་རྩལ་བ་དང་ཉམས་ཞིབ་པའི་ཚོགས་འདུ་དབུ་འཛུགས།

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

དེ་རིང་ཕྱི་ཟླ་ ༩ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཚོུད་ ༩།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་བོད་ཀྱི་རིག་གཞུང་རྒྱུན་གནས་ཐུབ་ཐབས་སུ་བོད་རིགས་གཞོན་སྐྱེས་ཚོའི་འོས་འགན་ཞེས་པའི་བརྗོད་གཞི་གཙོ་བཟུང་ཐོག་ཉིན་གྲངས་གསུམ་རིང་གི་བོད་རིགས་གཞོན་སྐྱེས་སྒྱུ་རྩལ་བ་དང་ཉམས་ཞིབ་པའི་ཚོགས་འདུ་ཞིག་དབུ་འཛུགས་གནང་སོང་།དེ་ཡང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གྱི་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། དྷ་ས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་བདེ་ཆེན་རྣམ་རྒྱལ་ལགས། དེ་བཞིན་ས་གནས་ཁག་འདྲ་མིན་ནས་ཕེབས་པའི་བོད་རིགས་སྒྱུ་རྩལ་བ་དང་། ཉམས་ཞིབ་པ། གཞན་ཡང་རིག་གཞུང་ཐོག་ཕྱག་ལས་གནང་བཞིན་པའི་གཞོན་སྐྱེས་མི་གྲངས་ ༣༥ ཙམ་ལྷན་འཛོམས་གནང་ཡོད།སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མི་རྣམས་བཙན་བྱོལ་ནང་ཐོག་མར་འབྱོར་སྐབས་ཧ་ཅང་ཉག་ཕྲ་བའི་གནས་སྟངས་ཁྲོད་གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་དང་། མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་པ་ལས་ད་ལྟའང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་མུས་ཡིན་པ་དང་འབྲེལ། མ་འོངས་པར་བོད་རིགས་གཞོན་སྐྱེས་རྣམས་ནས་སྤྱི་པ་ལ་དམིགས་པའི་ཐོག་ནས་རིག་གཞུང་ཐད་ཕྱག་ལས་མུ་མཐུད་གནང་དགོས་སྐོར་གསུངས་བྱུང་།དེ་བཞིན་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་རྣམས་ལ་སོ་སོའི་ལག་ཤེས་ཐོག་ནས་སྤྱི་པར་ཕན་པའི་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། དེང་གི་འཆར་མི་རབས་འགྱུར་བ་ཤུགས་ཆེར་འགྲོ་བཞིན་ཡོད་སྟབས་སྤྱི་ཚོགས་ཀྱང་དེ་བཞིན་འགྱུར་བ་འགྲོ་བཞིན་ཡོད་སྐོར་དང་། དེའི་ཁྲོད་མུ་མཐུད་ནས་རང་ཉིད་ཀྱི་སྤྱི་ཚོགས་སྲ་བརྟན་བཟོ་དགོས་གལ་དང་། དེ་བཞིན་བོད་པའི་སློབ་ཕྲུག་རྣམས་ལ་ཆུང་དུས་ནས་སྒྱུ་རྩལ་མི་འདྲ་བ་ཡོད་པ་རྣམས་བདག་སྲུང་དང་དེའི་ཆེད་མཐུན་རྐྱེན་སྦྱོར་སྤྲོད་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས་ཡོད།

གཞན་ཡང་བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་ཀྱིས་བོད་མི་རིགས་ཀྱི་རིག་གཞུང་འདི་ཉིད་མུ་མཐུད་གནས་རྒྱུར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་ཐུགས་ཁུར་གནང་དགོས་གལ་དང་འབྲེལ། ད་ལྟ་ང་ཚོ་རང་དབང་ལུང་པར་ཡོད་པས་སོ་སོའི་འདོད་མོས་བཞིན་ཕྱག་ལས་གནང་ཆོག་པའི་གོ་སྐབས་དང་། དེ་བཞིན་སྒྱུ་རྩལ་གྱི་ལམ་ནས་རང་ཉིད་ཀྱི་རིག་གཞུང་ངོ་སྤྲོད་བྱ་རྒྱུའི་གོ་སྐབས་ཡོད་སྐོར་སོགས་གསུངས་ཡོད།རྩ་བའི་ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་ནི་ད་ལྟའི་འཆར་བོད་ཀྱི་རིག་གཞུང་ཐོག་ཕྱག་ལས་གནང་བཞིན་པའི་བོད་པའི་གཞོན་སྐྱེས་རྣམས་མི་རབས་གོང་མའི་ཤུལ་འཛིན་དང་། འབྱུང་འགྱུར་མི་རབས་རྣམས་ཀྱི་སྣེ་འཁྲིད་མཁན་ཞིག་ཡིན་སྟབས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་རྒྱུན་གནས་ཡོང་ཆེད་དེ་འབྲེལ་བསམ་ཚུལ་དང་། དོ་འཁུར་སྤྲོ་སྣང་གསར་པ་ཞིག་ཇི་ལྟར་བསྐྲུན་ཐབས་སོགས་ཀྱི་ཆེད་དུ་ཡིན་འདུག་པ་དང་། དེ་བཞིན་ཉིན་གསུམ་གྱི་མཛད་རིམ་ཁྲོད་ཉིན་དང་པོར་བོད་ཀྱི་རིག་གཞུང་རྒྱུན་གནས་ཐུབ་ཐབས་སུ་བོད་རིགས་གཞོན་སྐྱེས་ཚོའི་འོས་འགན་ཞེས་པའི་བརྗོད་གཞི་ཐོག་༸སྐུའི་ན་བཟའ་ཆེན་མོ་བསྟན་འཛིན་ཆོས་དར་ལགས་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་ལགས། དེ་བཞིན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་འཇུ་བསྟན་སྐྱོང་ལགས་བཅས་ཀྱི་གསུང་བཤད་དང་། ཉིན་གཉིས་པ་དང་གསུམ་པར་ཚོགས་བཅར་བའི་ནང་ཁུལ་ཚོགས་ཆུང་ཆ་བགོས་ཀྱིས་བརྗོད་གཞི་དེའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།