Tibetan Royal Year of 2151 | Year of the Wood Dragon

འགྲུལ་བཞུད་ལམ་ཡིག་ཐོག་ eVisa ཞུས་ནས་མ་ཕེབས་རོགས།

Tibetan News Headlines

  • Rice planting with Tashi Tobgyal, Mainpat Tibetan Settlement’s Premier Farm Cultivator
  • Saga Dawa by Yangteng Rinpoche

རེས་གཟའ་ཉི་མ། ༢༠༢༤།༠༥།༡༢

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་བཀྲིས་སྟོབས་རྒྱལ་ལགས་དང་གླེང་མོལ།
  • ས་ག་ཟླ་བ་ངོ་སྤྲོད།

དེ་རིང་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་ཁང་གིས་ཛ་དྲག་གསལ་བསྒྲགས་ཤིག་གནང་བར་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་བཞུགས་བོད་མི་རྣམས་ནས་ Travel Documents འམ་འགྲུལ་བཞུད་ལམ་ཡིག་ཐོག་ eVisa ཞུས་ནས་རྒྱ་གར་ལ་མ་ཕེབས་རོགས་ཞེས་གཞེན་སྐུལ་གནང་འདུགརྩ་བའི་འདས་པའི་ལོ་གཉིས་ཙམ་ནས་འཛམ་གླིང་ཁྱོན་དུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་གྱིས་འགྲུལ་བཞུད་བྱ་རྒྱུར་ངལ་བ་དུ་མ་འཕྲད་ཡོད་ཀྱང་རིམ་བཞིན་ནད་ཡམས་ཞི་འཇམ་དུ་སོང་ནས་རྒྱལ་ཁབ་སོའི་ངོས་ནས་འགྲུལ་བཞུད་ཐོག་ལ་ཅུང་གུ་ཡངས་གནང་ཡོད་པ་ལྟར། རྒྱ་གར་གཞུང་གི་ངོས་ནས་ཀྱང་དེ་སྔ་མང་ཚོགས་ལ་ eVisa གནང་རྒྱུའི་ལམ་ལུགས་ཤིག་གསར་གཏོད་གནང་ཡོད་པ་དེར་ད་ཆ་བསྐྱར་གསོ་གནང་ཡོད།

འོན་ཀྱང་དེ་རིང་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་བརྙན་པར་བརྒྱུད་ཛ་དྲག་གི་གསལ་བསྒྲགས་གནང་སྟེ། ད་ཆ་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་བཞུགས་བོད་རིགས་སུ་འདྲ་ཞིག་རྒྱ་གར་ལ་ཕེབས་འདོད་ཡོད་ཚེ་རང་ཉིད་གནས་ཡུལ་རྒྱལ་ཁབ་དེའི་ཕྱི་སྐྱོད་ལམ་ཡིག་ Passport ཐོག་མཐོང་མཆན་ཞུས་ནས་ཕེབས་འཐུས་ཆོག་པ་ལས་དེ་མིན་ Travel Document འམ་འགྲུལ་བཞུད་ལམ་ཡིག་ཐོག་ eVisa ཞུས་ཏེ་ཕེབས་པར་ངོས་འཛིན་གནང་ཐབས་མེད་སྟབས་མང་ཚོགས་ནས་དེ་དོན་དགོངས་འཇགས་ཡོང་བའི་གཞེན་སྐུལ་དང་ཆབས་ཅིག ཉེ་ཆར་ eVisa ཞུས་ནས་རྒྱ་གར་ལ་ཕེབས་མཁན་བོད་མི་ཁག་ཅིག་ལ་ངལ་བ་འཕྲད་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།