Tibetan Royal Year of 2151 | Year of the Wood Dragon

གྲོས་ཆོད་ཨང་ ༣༩ པའི་ཐོག་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་གཏན་ཁེལ་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

དེ་རིང་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་དང་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་ད་རེས་གྲོས་ཚོགས་ཀྱི་ཚོགས་དུས་ཐོག་སྙན་སྒྲོན་ཞུས་པའི་སྔོན་རྩིས་ཀྱི་གསུང་བཤད་དང་སྙན་ཐོ་གཉིས་ཀྱི་ཐོག་ལན་འདེབས་གསལ་བཤད་གནང་གྲུབ་མཚམས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་དང་ལས་ཁུངས་ཁག་གི་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་ཡོད།སྐབས་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངེས་ཅན་དང་རྒྱུན་གྲོན་སོགས་ཀྱི་སྔོན་རྩིས་དགོས་དངུལ་གཏན་འབེབས་གནང་སྐབས་སྤྱི་འཐུས་ཁག་ཅིག་ནས་དེ་སྔ་སྐབས་ ༡༦ པའི་གྲོས་ཚོགས་ཐོག་བཞག་པའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དང་འབྲེལ་ཏེ་ད་ཡོད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་གཉིས་ཁྲིམས་འགལ་ཆགས་ཡོད་པ་སོགས་གསུངས་ནས་དགག་པ་གནང་བ་དང་། སྤྱི་འཐུས་ཁག་ཅིག་གིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ པའི་ཐོག་བསྐྱར་དུ་གླེང་སློང་གནང་མི་དགོས་པ་སོགས་ཀྱི་དགོངས་ཚུལ་དང་ལས་རིམ་རྣམ་གཞག་བསྟུད་མར་གནང་མཁན་བྱུང་མཚམས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་འབྲེལ་བའི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཁག་རེ་ཞིག་ཕྱིར་འཐེན་གནང་དགོས་པའི་གནས་སྟངས་བྱུང་ཡོད།སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གནད་དོན་དེ་དང་འབྲེལ་ནས་སྟངས་འཛིན་གནང་སྐབས་དེ་སྔ་ཕྱི་ལོ་ ༢༠༢༡ ཕྱི་ཟླ་ ༣ ཕྱི་ཚེས་ ༢༥ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐོག་བཞག་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་གྲོས་ཆོད་ཨང་ ༣༩ པ་ཐོག་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་གཏན་ཁེལ་ཡོད་པར་གསུངས་ཡོད།   དེ་རྗེས་བཀའ་དྲུང་ཡིག་ཚང་དང་འབྲེལ་བའི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྐབས་སྤྱི་འཐུས་ཁག་ཅིག་ནས་ལས་བྱེད་འཕོ་འགྱུར་གི་གནད་དོན། སྤྱི་འཐུས་རྣམ་པའི་འཚམས་གཟིགས་ཁྲོད་མི་མང་གི་བདེ་སྡུག་ཞུས་པ་ཁག་ལ་འཛིན་སྐྱོང་ནས་དགོངས་པ་བཞེས་དགོས་པ་སོགས་ཀྱི་བཀའ་འདྲི་དང་དགོངས་ཚུལ་ཁག་ཅིག་ཞུས་པར་སྲིད་སྐྱོང་མཆོག་གིས་དེ་དག་ལ་གསལ་བཤད་གནང་ཡོད་པ་རེད།བདེ་སྲུང་ལས་ཁུངས་ཀྱི་རྒྱུན་གྲོན་དང་འབྲེལ་བའི་སྔོན་རྩིས་གཏན་འབེབས་གནང་སྐབས་སྤྱི་འཐུས་ཁག་ཅིག་ནས་རྒྱ་གར་ནང་ལག་དེབ་སེར་པོ་ IC ཐོག་ཕྱིར་སྐྱོད་གནང་བཞིན་པ་རྣམས་ལ་ཕྱིར་ཐོན་དང་ནང་འཛུལ་ཆོག་མཆན་ཡིག་ཆའམ། Exit དང་ Return Vissa ངེས་པར་ཞུས་དགོས་པའི་ངལ་བ་ཁག་སེལ་ཐབས་གནང་དགོས་སྐོར་གསུངས་པ་དང་། སྐབས་དེར་བདེ་སྲུང་བཀའ་བློན་མཆོག་གིས་གང་ཐུབ་འབད་བརྩོན་གནང་རྒྱུ་དང་མང་ཚོགས་ཚོའི་ངོས་ནས་ཀྱང་ཆོག་མཆན་ཡིག་ཆ་ཁག་དུས་ཐོག་ཏུ་ཞུ་ལེན་ཐུབ་གལ་ཡིན་པའི་ལམ་སྟོན་སོགས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།