Tibetan Royal Year of 2151 | Year of the Wood Dragon

འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

འཁོན་རིགས་བསྟན་པའི་གསལ་བྱེད་༸སྐྱབས་མགོན་གོང་མ་ཁྲི་ཆེན་ཁྲི་རབས་ཞེ་གཅིག་པ་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༩ ཉིན་འབྲུག་ཡུལ་དུ་ཐེངས་དང་པོ་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་མ་ཟད། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཚམས་གཟིགས་དེའི་ཁྲོད་འབྲུག་གི་མང་ཚོགས་ལ་ཆོས་འབྲེལ་རིམ་པ་མཛད་པ་དང་འབྲེལ། འབྲུག་གི་རྒྱལ་པོ་མཆོག་དང་ལྷན་མཇལ་མོལ་མཛད་པ་དེ་ལྟར་ཡང་། རིན་པོ་ཆེ་མཆོག་གིས་ཐེངས་འདིའི་འབྲུག་གི་ཆིབས་བསྒྱུར་དེ་ཆོས་ཕྱོགས་གྱི་མཛད་པ་ཁོ་ན་ལས་གནད་དོན་གཞན་གང་ཡང་མེད་པ་བཀའ་བསྩལ་སོང་།

Sakya Gongma Bhutan

དེའང་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ཟླ་བ་འདིའི་ཚེས་ ༩ ཉིན་འབྲུག་ཡུལ་དུ་ཐེངས་དང་པོ་ཆིབས་བསྒྱུར་གྱིས་ཁུལ་དེར་གནས་མཇལ་དང་མང་ཚོགས་ཀུན་ལ་ཆོས་འབྲེལ་གྱི་མཛད་འཕྲིན་རླབས་ཆེན་བསྐྱངས་གནང་མཛད་པ་མ་ཟད། འབྲུག་རྒྱལ་པོ་མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་མཇལ་མོལ་མཛད་ཡོད། ལྷག་པར་དུ་རིན་པོ་ཆེ་མཆོག་གིས་ཐང་སྟོང་བདེ་བ་ཅན་བཙུན་དགོན་དུ་ཆོས་འབྲེལ་བཀའ་དྲིན་བསྐྱངས་སྐབས་༸གང་ཉིད་འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་དེ་ཤིན་ཏུ་ནས་རྩ་ཆེ་བའི་དགོན་སྡེ་ཁག་དང་མཆོད་རྟེན་སོགས་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་རང་བཞིན་ལྡན་པའི་སྦྱིན་རླབས་ཅན་རྣམས་མཇལ་རྒྱུ་བྱུང་བ་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་བ་དང་འབྲེལ། འབྲུག་ཆོས་ལྡན་ཞིང་གི་ཆོས་རྒྱལ་སྐུ་འཁོར་རྣམས་དང་མཇལ་འཕྲད་བྱུང་བར་ཁོང་རྣམས་ཐུགས་རྒྱུད་བཟང་པོ་ཡོད་སྐོར་བཀའ་སྩལ་ཏེ། མི་མང་རྣམས་ལ་དེང་དུས་དང་འཚམས་པའི་མཐུན་རྐྱེན་སྦྱོར་སྤྲོད་རྣམས་ཆོས་རྒྱལ་རྣམ་པའི་སྐུ་དྲིན་ཡིན་པ་བཀའ་སྩལ་མཛད་ཡོད་ལ། རིན་པོ་ཆེ་མཆོག་གི་དབུས་པའི་སྐུ་འཁོར་ལྷན་རྒྱས་ཟླ་བ་འདིའི་ཚེས་ ༡༨ ཉིན་འབྲུག་ཡུལ་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་ཡོད།

Sakya Gongma Bhutan

འདི་ག་རླུང་འཕྲིན་ཁང་ནས་འདི་ལོ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་བོད་ལུགས་ལྟར་དགུང་གྲངས་ ༨༠ ལ་ཕེབས་ཀྱི་ཡོད་པའི་དུས་ཚིགས་དང་བསྟུན། རིན་པོ་ཆེ་མཆོག་གི་སྐུ་ཚེ་མཛད་རྣམ་དང་འབྲེལ་དམིགས་བསལ་བཅར་འདྲི་ཞུ་རྒྱུའི་གསོལ་འདེབས་ཞུས་དོན་ལྟར། དེ་རིང་རྒྱ་གར་བྱང་ཕྱོགས་དྷེ་ར་དྷུན་ཁུལ་དུ་རྟེན་གཞི་བྱས་པའི་སྒྲོལ་མ་ཕོ་བྲང་ནང་རིན་པོ་ཆེ་མཆོག་དང་ལྷན་དུ་བཅར་འདྲི་ཞུས་སྐབས། འབྲུག་ཡུལ་ནང་གྱི་མཛད་འཆར་སྐོར་གྱི་དྲི་བར་བཀའ་ལན་ཁྲོད། རིན་པོ་ཆེ་མཆོག་གིས་དེ་སྔ་ནས་འབྲུག་ཡུལ་དུ་གནས་མཇལ་ལ་ཆིབས་བསྒྱུར་མཛད་རྒྱུ་དགོངས་པ་ཡོད་པ་ལྟར། ད་ལན་༸སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་མཐུན་འགྱུར་རོགས་འདེབས་འོག་ཡུལ་དེའི་ནང་དངོས་སུ་ཆིབས་བསྒྱུར་བསྐྱངས་རྒྱུ་བྱུང་བ་ཞིག་དང་འབྲུལ་ཡུལ་གྱི་མཛད་འཆར་དེ་ཆོས་ཕྱོགས་གྱི་མཛད་འཆར་ཁོ་ན་ལས་གནད་དོན་གཞན་གང་ཡང་མེད་པ་བཀའ་བསྩལ་སོང་།

འདི་ག་རླུང་འཕྲིན་ཁང་ནས་ས་སྐྱ་གོང་མ་ཁྲི་ཆེན་ཁྲི་རབས་ ༤༡ པ་ཆེན་པོ་མཆོག་དང་ལྷན་དུ་བཅར་འདྲི་ཞུས་པའི་ལས་རིམ་རྒྱས་པ་དེ་བདུན་ཕྲག་འདིའི་རེས་གཟའ་ཉི་མའི་ཉིན་རྒྱང་བསྲིང་ཞུ་རྒྱུ་ཡིན།

འབྲེལ་ཡོད་གསར་གནས།

གསར་གནས།