Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་མཁས་ལས་རྟོག་ཞིབ་མི་སྣ་ ༤༠ ལྷག་གིས་རྒྱ་གཞུང་དང་ Michelle ལ་སྐྱོན་བརྗོད།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་འགོ་འཛུགས་བྱ་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༠ པའི་སྔ་རོལ་དང་བསྟུན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དམིགས་བསལ་མཁས་ལས་མི་སྣ་ ༤༠ ལྷག་གིས་མཉམ་འབྲེལ་གསར་འགོད་སྤྱིར་བསྒྲགས་ཤིག་སྤེལ་བ་བརྒྱུད། རྒྱ་ནག་གཞུང་གིས་འཆར་གཞི་དང་ལྡན་པའི་ངང་ཁུལ་དེའི་ནང་གི་མང་ཚོགས་ཐོག་དམ་དྲག་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་གཞི་རྩའི་རང་དབང་བཅས་པ་རྡོག་རོལ་འཚབས་ཆེན་བཏང་དང་གཏོང་བཞིན་པའི་དཀའ་ངལ་ཁག་ངེས་པར་དུ་སེལ་དགོས་པ་མ་ཟད།  རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་དམིགས་བསལ་མཁས་ལས་རྟོག་ཞིབ་མི་སྣ་ཁག་བཀག་འགོག་གང་ཡང་མེད་པར་རྟོག་ཞིབ་ཆེད་ཕེབས་འཐུས་ཀྱི་སྐུ་དབང་སྤྲོད་དགོས་ཞེས་དགོས་འདུན་བཏོན་འདུགརྒྱལ་ཚོགས་ཀྱི་དམིགས་བསལ་མཁས་ལས་རྟོག་ཞིབ་མི་སྣ་ཁག་གི་མཉམ་འབྲེལ་གསར་འགོད་སྤྱིར་བསྒྲགས་སྤེལ་བའི་དུས་ཚིགས་དེ་ཡང་ཉེ་ཆར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ལྕམ་སྐུ་ Michelle མཆོག་རྒྱ་ནག་དང་ཤར་ཏུ་ཀི་སི་ཏན་ནང་འཚམས་གཟིགས་ཕེབས་རྗེས་ཕྱིར་ལོག་གནང་མཚམས་ཀྱི་དུས་ཚིགས་ཤིག་ཡིན་པ་རེད།

ཐེངས་དེའི་རྒྱལ་ཚོགས་ཀྱི་མཁས་ལས་མི་སྣ་ ༤༠ ལྷག་གིས་མཉམ་འབྲེལ་སྤྱིར་བསྒྲགས་སྤེལ་བའི་ནང་དུ་ཉེ་ཆར་གཙོ་འཛིན་ Michelle གྱི་རྒྱ་ནག་ནང་གི་འཚམས་གཟིགས་དེས་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཏན། དེ་བཞིན་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་རྟོག་ཞིབ་ཆ་ཚང་བ་ཞིག་བྱུང་ཐུབ་པ་མཚོན་གྱི་མ་རེད་ཅེས་བསྐྱོད་ནན་བརྗོད་གནང་འདུག

དེ་བཞིན་རྒྱ་ནག་གཞུང་གིས་འཆར་གཞི་དང་ལྡན་པའི་ངང་ཁུལ་དེའི་ནང་གི་མང་ཚོགས་ཐོག་དམ་དྲག་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་གཞི་རྩའི་རང་དབང་བཅས་པ་རྡོག་རོལ་འཚབས་ཆེན་བཏང་དང་གཏོང་བཞིན་པའི་དཀའ་ངལ་ཁག་ངེས་པར་དུ་སེལ་དགོས་པ་མ་ཟད། རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་དམིགས་བསལ་མཁས་ལས་རྟོག་ཞིབ་མི་སྣ་ཁག་བཀག་འགོག་གང་ཡང་མེད་པར་བོད་དང་ཤར་ཏུར་ཀི་སི་ཏན། དེ་བཞིན་ཧོང་ཀོང་བཅས་ཀྱི་ནང་རྟོག་ཞིབ་ཆེད་ཕེབས་འཐུས་ཀྱི་སྐུ་དབང་སྤྲོད་དགོས་ཞེས་དགོས་འདུན་བཏོན་འདུག་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་ནས་ཁས་ལེན་བྱས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་ཁག་ཕྱི་གསལ་ཐོག་ནས་དོན་འཁྱོལ་ལག་བསྟར་གནང་ཆེད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་རྒྱལ་ཚོགས་ཀྱི་དམིགས་བསལ་མཁས་ལས་རྟོག་ཞིབ་མི་སྣ་དབར་འབྲེལ་གཏུག་ཤུགས་ཆེ་རུ་གཏོང་གལ་རེད་ཅེས་ནན་བརྗོད་གནང་འདུགརྩ་བའི་དེ་སྔ་ཕྱི་ལོ་ ༢༠༢༠ ཕྱི་ཟླ་དྲུག་པའི་ནང་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དམིགས་བསལ་མཁས་ལས་རྟོག་ཞིབ་མི་སྣ་༥༠ ལྷག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་ཀྱིས་མཉམ་འབྲེལ་སྤྱིར་བསྒྲགས་ཤིག་ཀྱང་སྤེལ་བ་མ་ཟད། རྒྱ་ནག་གཞུང་གིས་བོད་དང་ཤར་ཏུ་ཀི་སི་ཏན་གཙོས་མངའ་འོག་ས་ཁུལ་གཞན་ཁག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མང་ཚོགས་ཀྱི་ཐོག་དྲག་གནོན་བྱེད་བཞིན་པའི་གནད་དོན་དང་དང་འབྲེལ། རྒྱལ་ཚོགས་ནས་རྒྱ་ནག་རང་གི་ཐོག་དམིགས་བསལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྟེ་རྒྱ་ནག་ཐོག་དམིགས་བསལ་མཁས་ལས་རྟོག་ཞིབ་ཚོགས་ཆུང་ཆེད་འཛུགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་ཞིབ་འཇུག་གནང་ནས་ལོ་རེའི་སྙན་ཐོ་འདོན་སྤེལ་དགོས་པའི་རེ་འདུན་བཏོད་ཡོད་ཅིང་། ཐེངས་འདིའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དམིགས་བསལ་མཁས་ལས་རྟོག་ཞིབ་མི་སྣ་རྣམས་མཉམ་འབྲེལ་གྱིས་སྤེལ་བའི་སྤྱིར་བསྒྲགས་བརྒྱུད་དེ་སྔའི་རྒྱལ་ཚོགས་ཀྱི་རྒྱལ་ཚོགས་ལ་བཏོན་པའི་རེ་འདུན་བསྐྱར་ནན་གནང་ཡོད་པ་རེད།

སྤྱིར་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་གཙོས་པའི་ཤར་ཏུར་ཀི་སིཐན་སོགས་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་འབྲེལ་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ Michelle མཆོག་རྒྱ་ནག་ཏུ་འཚམས་གཟིགས་ཕེབས་པ་དེར་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཚོགས་སྡེ་ཁག་དང་མང་ཚོགས་ཀྱིས་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་ལ། དེ་བཞིན་བོད་མི་དང་ཧོང་ཀོང་། ཤར་ཏུར་ཀི་སི་ཏན་དང་རྒྱ་རིགས་མང་གཙོ་དོན་གཉེར་བ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཚོགས་སྡེ་ཁག་ ༣༣༠ ཡིས་གཙོ་འཛིན་ Michelle མཆོག་ལས་གནས་དགོངས་ཞུ་གནང་དགོས་པའི་ཕྱག་བྲིས་ཕུལ་ཡོད།

 

འབྲེལ་ཡོད་གསར་གནས།

གསར་གནས།