Tibetan Royal Year of 2151 | Year of the Wood Dragon

ཧོང་ཀོང་གི་མང་གཙོ་དོན་གཉེར་བ་གསུམ་ལ་ཁྲིམས་ཐག་བཅད་འདུག

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

ཁ་སང་རེས་གཟའ་ལྷག་པའི་ཉིན། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་གསུམ་ལ་སྲིད་གཞུང་ལ་ཁ་གཏད་བཅག་པའི་ཉེས་མིང་གི་འོག་ཁྲིམས་ཐག་བཅད་པར་ཕྱི་ལོག་གི་དཔོན་རིགས་དང་ལས་འགུལ་བ་མང་པོས་དགག་གཞག་གི་རྣམ་འགྱུར་སྟོན་བཞིན་འདུགདེ་ཡང་ཁ་སང་ཧོང་ཀོང་ཁྲིམས་ཁང་གིས་མང་གཙོའི་ན་གཞོན་ལས་འགུལ་བ་གྲགས་ཅན་ Joshua Wong ལགས་ཀྱིས་ཕྱི་ལོ་༢༠༡༩ ལོར་སྲིད་གཞུང་ལ་རྒོལ་ལན་སློག་པའི་ཉེས་མིང་གི་འོག་ཁོང་ལ་ལོ་གཅིག་དང་ཟླ་བ་གཅིག་དང་ཕྱེད་ཀའི་ཁྲིམས་ཐག་བཅད་པ་དང་། དེ་བཞིན་ཁོང་གི་ལས་རོགས། ན་གཞོན་བུད་མེད་ Agnes Chow དང་ Ivan Lam ལགས་གཉིས་ཀྱིས་ཀྱང་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་ཀྱི་སྐབས་སུ་མི་མང་ལ་སྐུལ་སློང་གིས་གཞུང་རྒོལ་གྱི་ལས་འགུལ་སྤེལ་བར་བསྙད་ནས་ཟླ་བ་བདུན་ནས་ཟླ་བ་བཅུའི་བར་ཁྲིམས་ཐག་བཅད་འདུག

ཁོང་ཚོར་ཁྲིམས་ཐག་བཅད་ཚར་རྗེས། ན་གཞོན་ལས་འགུལ་བ་ Joshua Wong ལགས་ཀྱིས་འབྱུང་འགྱུར་གྱི་ལོ་ཟླ་ནི་དཀའ་ཚེགས་ཆེ་བ་ཞིག་ཏུ་འགྱུར་རྒྱུ་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། ང་ཚོའི་འཐབ་རྩོད་ད་དུང་མཇུག་སྒྲིལ་མེད། དཔའ་ངར་ལྡན་པའི་འཐབ་གྲོགས་མང་པོ་ཞིག་དང་ལྷན་མུ་མཐུད་བཙོན་ཁང་ནང་ནས་མངོན་གསལ་མེད་ཀྱང་དགོས་ངེས་རང་བཞིན་གྱི་ཐོག་ནས་ཧོང་ཀོང་གི་མང་གཙོ་དང་རང་དབང་གི་ཕྱིར་ཏུ་འཐབ་རྩོད་བྱེད་རྒྱུ་ཡིན་ཞེས་གསུངས་འདུག

ལས་འགུལ་བ་གསུམ་པོའི་ཁྲིམས་ཆད་ཕྱིར་བསྒྲགས་བྱས་མ་ཐག   དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་Dominic Raab ལགས་ཀྱིས་ཧོང་ཀོང་ས་གནས་གཞུང་ངོས་ནས་རང་ཉིད་ལ་ཁ་གཏད་བྱེད་མཁན་ཚོར་དམ་དྲག་བྱ་རྒྱའི་ལས་འགུལ་མཚམས་འཇོགས་དགོས་པའི་སྐུལ་མ་གནང་བ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མིའི་འཐུས་མི་སྐུ་ཞབས་ Blackburn ལགས་ཀྱིས་ཀྱང་ན་གཞོན་ Joshua Wong ནི་ས་ཕྱོགས་གང་སར་བཞུགས་པའི་རང་དབང་འཐབ་རྩོད་པ་རྣམས་ལ་སྐུལ་སློང་སྤེལ་ཐུབ་མཁན་གྱི་ལས་འགུལ་བ་ཞིག་རེད་ཅེས་གསུངས་ཡོད་པ་མ་ཟད་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་མང་པོས་ཀྱང་ཐེངས་འདིའི་ཧོང་ཀོང་གི་ལས་འགུལ་བར་ཁྲིམས་ཐག་བཅད་པར་སེམས་འཚབ་བྱེད་བཞིན་པ་རེད་འདུགདེ་ཡང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་འགན་འཛིན། ལྕམ་སྐུ་Yamini Mishraལགས་ཀྱིས་ཐེངས་འདིར་ན་གཞོན་ལས་འགུལ་བ་གསུམ་ལ་ཁྲིམས་ཐག་བཅད་པ་དེ་ཡིས། གཞུང་འཛིན་པ་རྣམས་ཀྱིས་ཧོང་ཀོང་བ་སུ་ཞིག་གིས་ཕྱི་གསལ་ནང་གསལ་གྱིས་གཞུང་འཛིན་ལ་དགག་གཞག་བྱས་ན་ཁོང་ཚོ་ལྟར་འཛིན་བཟུང་གིས་ཁྲིམས་ཐག་གཅོད་རྒྱུའི་ཉེན་བརྡ་བཏང་བ་ཞིག་ཡིན་སྐོར་མངོན་གསལ་གནང་བ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངོས་ནས་ཀྱང་ཁྲིམས་ཆད་དེར་བློ་ཕམ་དང་ཁོང་ཁྲོའི་རྣམ་པ་ཤུགས་ཆེར་བསྟན་འདུག

འདི་ག་རླུང་འཕྲིན་ཁང་ནས་ཐེངས་འདིའི་ཧོང་ཀོང་གི་མང་གཙོ་ལས་འགུལ་བ་རྣམས་ལ་ཁྲིམས་ཐག་བཅད་པ་དང་འབྲེལ་ནས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་སུ་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གིས་རྣམ་འགྱུར་ཅི་ཞིག་སྟོན་བཞིན་པའི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། དེ་སྔ་ནས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་ངོས་ནས་རྒྱ་ནག་གིས་ཧོང་ཀོང་གི་ཁུལ་དུ་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་ཀྱི་སྐབས་སུ་ལས་འགུལ་འདྲ་མིན་གྱི་ཁྲོད་ནས་ཧོང་ཀོང་གི་ལས་འགུལ་བ་རྣམས་ཀྱི་གཙོ་བྱས་པའི་མི་མང་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་ཡོད་པར་ངོ་སྤྲོད་ཀྱིས། ད་ཆ་རིམས་ནད་ཀྱི་རྐྱེན་གྱིས་ལས་འགུལ་སྤེལ་རྒྱུ་ཡང་ཁག་པོ་ཆགས་ཡོད་སྟབས་དམིགས་བསལ་གྱི་ལས་འགུལ་སྤེལ་ཐབས་མེད་ནའང་། ན་གཞོན་ལས་འགུལ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད་པར་གསུངས་སོང་།

ཁོང་གིས་ད་དུང་། རྒྱ་ནག་དམར་ཤོག་གཞུང་གི་གདུག་རྩུབ་ཀྱི་སྲིད་བྱུས་ཀྱི་འོག་ནས། ཡིག་ཐོག་གི་ཁྲིམས་གཞི་ཅི་ཞིག་ཡིན་ཡང་ལག་ལེན་གྱི་ཁྲོད་ན་མེད་སྟབས། མ་འོངས་བར་བོད་མི་རྣམས་ཀྱིས་ཀྱང་རྒྱ་ནག་གི་བྱེད་བབ་དེར་གཟབ་གཟབ་གནང་དགོས་བ་ཞིག་ཡིན་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། བོད་མི་རྣམས་ཀྱིས་ཧོང་ཀོང་གི་གཞོན་སྐྱེས་ལས་འགུལ་ལ་མིག་དཔེར་ལྟ་དགོས་བ་ཞིག་ཡིན་སྐོར་གསུངས་སོང་།

གཞི་རྩའི་རྒྱ་ནག་གིས་ཧོང་ཀོང་གི་ཁུལ་དུ་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་ལག་བསྟར་གྱིས་སྤྱི་ཡོངས་ཀྱི་ཐད་ནས་མང་གཙོ་ལས་འགུལ་བ་རྣམས་ལ་འབུར་འཇོམ་གཏོང་གི་ཡོད་པ་མ་ཟད། ཟླ་བ་སྔོན་མའི་ནང་ཧོང་ཀོང་གི་ནང་གི་ཁྲིམས་བཟོ་འཐུས་མི་བཞི་ཕྱིར་ཕུད་བཏང་བ་དང་བརྟེན་ནས་ཁྲིམས་བཟོ་བ་བཅོ་ལྔ་ལྷག་གིས་ངོ་རྒོལ་གྱི་རྣམ་འགྱུར་འོག་གྲོས་ཚོགས་ལས་ཕྱིར་འཐེན་བྱས་ཡོད་པ་ལྟར། ད་ཆ་ཧོང་ཀོང་གི་ནང་དུ་རྒྱ་ནག་གི་ཤན་ཤུགས་སྔར་ལས་ཆེ་རུ་འགྲོ་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་སེམས་འཚབ་བྱེད་མཁན་མང་དུ་འགྲོ་བཞིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།