Tibetan Royal Year of 2150 | Year of the Water Rabbit

ཆབ་སྲིད་བཙོན་ཟུར་སྒྲོལ་དཀར་ལགས་ནད་གཅོང་དུ་གྱུར་བའི་འོག་གློད་བཀྲོལ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་པའི་སྡེ་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ནས་བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་ཡོང་ཐབས་སུ་གནོན་ཤུགས་སྤྲོད་དགོས།
  • སྤྱི་འཐུས་སྐུ་ཚབ་ཚོགས་ཁག་གསུམ་རྒྱ་གར་བྱང་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་པ།
  • སྲིད་སྐྱོང་མཆོག་གིས་ཡོ་རོབ་སེ་པེན་གྲོང་ཁྱེར་སྦར་སེ་ལོ་ནའི་བོད་མིར་གསུང་བཤད།
  • རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་བརྒྱུད་བོད་ནག་སུབ་གཏོང་བཞིན་པར་འགོག་རྒོལ་གནང་དགོས་པའི་ཞུ་སྐུལ།
  • རྒྱ་ནག་གིས་རྒྱ་རིགས་བྱིས་པ་རྣམས་ལ་བཅིངས་གྲོལ་དམག་སྦྱོང་སྤྲོད་བཞིན་པར་མངོན་གསལ།

Wednesday 29/11/2023

  • Dalai Lama meets head of Himachal police officer and other ranks
  • Telo Rinpoche urges end to religious persecution in Tibet at IRFBA Ministerial in Prague
  • Tibetan MPs embark on advocacy programs in northern India
  • Sikyong Penpa Tsering addresses Tibetan community in Barcelona, Spain
  • China’s chief weapon in quashing identity of Tibetan people is not dystopian camps, but residential schools
  • In China, athletes as young as 7 in military training to ‘create iron army’

སྔར་ལོ་རྒྱ་ནག་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བསྒྲགས་པ་དང་སྤྱི་ཚོགས་ཀྱི་བདེ་འཇགས་དཀྲུག་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ལོ་གཅིག་དང་ཟླ་གསུམ་ཀྱི་བཙོན་ཐག་བཅད་པའི་སེར་ཤུལ་རྫོང་གི་བུད་མེད་སྒྲོལ་དཀར་ལགས་ཟླ་འདིའི་ཚེས་ ༡༥ ཉིན་ཀློད་གྲོལ་བཏང་ཡོད་ཀྱང་། ད་ཆ་ཁོང་ངལ་རྩོལ་གྱི་དབང་གིས་ནད་གཅོང་དུ་གྱུར་འདུག

གཞི་རྩའི་སྔར་ལོའི་ཕྱི་ཟླ་ ༤ ཚེས་ ༢༩ ཉིན་སྒྲོལ་དཀར་ལགས་ཀྱི་ཚ་བོ་དབང་ཆེན་ལགས་དང་།  རོགས་པ་བློ་བཟང་ལགས་དང་ཡོན་ཏན་ལགས་གསུམ་གྱིས་རི་མགོར་བསང་གསོལ་བཏང་བ་དང་བསྟུན་ནས། ༧པན་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་དང་། ༧རྒྱལ་བ་༧པཎ་ཆེན་རྣམ་གཉིས་བོད་རང་ཡུལ་ནས་མཇལ་འཛོམས་གནང་དགོས་པའི་སྐད་འབོད་གནང་བར་བརྟེན་རྒྱ་ནག་ཉེན་རྟོག་པས་ཁོང་རྣམས་འཕྲལ་དུ་འཛིན་བཟུང་བྱས་ཡོད་པ་རེད།  གནད་དོན་དེ་དང་འབྲེལ་ནས།  སྒྲོལ་དཀར་ལགས་ཀྱིས་ཁོང་རྣམ་གསུམ་འཛིན་བཟུང་བྱས་པའི་གནས་ཚུལ་ཕྱི་ལ་བཤད་པར་བསྙད་ནས་འཛིན་བཟུང་བྱས་ཏེ་ཁམས་མི་ཉག་ཉིང་ཞུ་བུད་མེད་བཙོན་ཁང་དུ་ལོ་གཅིག་དང་ཟླ་བ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ས་སྒོ་རྡོ་སློག་གི་ངལ་རྩོལ་བསྒྱུར་བཀོལ་ཤུགས་ཆེན་བྱེད་དུ་བཅུག་ཡོད་འདུག

ཁོང་མོ་བཙོན་གྲོལ་ཐོབ་པའི་གནས་ཚུལ་དང་འབྲེལ་ནས། འདི་གའི་གསར་འགོད་པས་ཕྱི་ལོགས་སུ་ཡོད་པའི་སྒྲོལ་དཀར་ལགས་ཀྱི་སྤུན་མཆེད་དོན་གྲུབ་བཀྲ་ཤིས་ལགས་སུ་ཁ་པར་གྱི་ལམ་ནས་བཅར་འདྲི་ཞུས་པར་ཁོང་གིས།  ད་ཆ་ཁོང་ཀློད་གྲོལ་བཏང་ཡོད་ཀྱང་བཙོན་ཁང་དུ་ངལ་རྩོལ་བསྒྱུར་བཀོད་ཤུགས་ཆེན་བྱས་རྐྱེན། རྐང་ལག་བཞི་ནད་གཅོང་དུ་གྱུར་ནས་གཡོ་འགུལ་བྱེད་དཀའ་བའི་གནས་སུ་གྱུར་ཡོད་པ་དང་། ཚེས་བཅུ་དྲུག་གི་ཉིན་སྨན་ཁང་དུ་ཁྲིད་ནས་རྐང་ལག་ལས་རྣག་ཁྲག་ཕྱིར་འཐེན་བྱས་རྗེས་རང་ཁྱིམ་དུ་ལོག་ཏེ་མུ་མཐུད་དུ་སྨན་བཅོས་བྱེད་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་།

གཞི་རྩའི་སྒྲོལ་དཀར་ལགས་བཙོན་གྲོལ་ཐོབ་ཡོད་ནའང་། ད་ཆ་ཁོང་གི་གཟུགས་གཞིའི་འཕྲོད་བསྟེན་གྱི་གནས་བབ་ཛ་དྲག་གི་ངང་གནས་ཡོད་པ་མ་ཟད། ཁ་པར་གྱི་ལམ་ནས་གཞན་ལ་འབྲེལ་འདྲིས་ཀྱང་བྱས་མི་ཆོག་པའི་བཀའ་རྒྱ་འོག་ཀློད་གྲོལ་བཏང་སྟབས་ཁོང་རང་ཁྱིམ་དུ་བཟང་བཙོན་གྱི་ཚུལ་གྱིས་གནས་ཡོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།