Tibetan Royal Year of 2151 | Year of the Wood Dragon

ནོར་གླིང་ཁུལ་གྱི་བོད་མི་ ༣༣ ཙམ་ལ་གཉན་རིམས་ཕོག་རྐྱེན་བཀག་སྐྱིལ་གྱི་ས་ཚིགས་སུ་བཞག་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

དྷརྨ་ས་ལའི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ནོར་བུ་གླིང་ཁར་གནས་བཞུགས་བོད་མི་ ༣༣ ཙམ་ལ་གཉན་རིམས་ཕོག་འདུག་ཀྱང་ནད་གཞི་ཕོག་མཁན་རྣམས་ཀྱི་གནས་སྟངས་ཛ་དྲག་གང་ཡང་མི་འདུག ཟླ་བ་འདིའི་ཕྱི་ཚེས་ ༡༧ ཉིན་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དི་མཆོག་གི་འཁྲུངས་སྐར་དང་བསྟུན་བདེ་ལེགས་སྨན་ཁང་གིས་རིན་མེད་ཐོག་ཏོག་དབྱིབས་ནད་གཞི་ཕོག་ཡོད་མེད་ཀྱི་བརྟག་དཔྱད་གནང་སྐབས་ནོར་བུ་གླིང་ཁའི་ཁྱབ་ཁོངས་ནས་བོད་མི་ ༩ ལ་ནད་གཞི་ཕོག་ཡོད་པར་ཤེས་རྟོགས་བྱུང་ཡོད་པ་དང་། ཕྱོགས་མཚུངས་ཕྱི་ཚེས་ ༢༠ ཉིན་བསྐྱར་དུ་མི་བརྒྱད་དང་། དེ་བཞིན་ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་གཉིས་ཟུང་འབྲེལ་གྱིས་མི་ ༩༥ ལ་བརྟག་དཔྱད་གནང་འབྲས་སུ་མི་དགུར་ནད་རྟགས་ཐོན་པ་མ་ཟད། ཁག་ཅིག་ཛོ་ནཱལ་སྨན་ཁང་སོགས་ལ་བརྟག་དཔྱད་སླད་ཕེབས་སྐབས་མི་འགར་ནད་གཞི་ཐོན་པ་བྱུང་སྟེ་ཁྱོན་ཁ་སང་ཚེས་ ༢༢ བར་ནོར་བུ་གླིང་ཁ་ཁུལ་ནས་བོད་མི་ ༣༣ ཙམ་ལ་ནད་གཞི་ཕོག་འདུག་སྟབས། ད་ཆ་ནོར་བུ་གླིང་ཁ་དེ་  Containment Zone འམ་བཀག་སྐྱིལ་གྱི་ས་ཚིགས་སུ་ངོས་འཛིན་གྱིས་དམ་གནང་བར་བརྟེན་ནོར་གླིང་གི་ཉེ་འཁོར་དུ་འཁེལ་བའི་ས་ཁུལ་ལ་ཕེབས་རྒྱུ་སོགས་ཀྱི་གནང་སྒོ་ཁག་ཡོང་རྫོགས་བཀག་སྡོམ་གནང་མུས་ཡིན་པ་རེད།དེ་དོན་དྷ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར་ནོར་བུ་གླིང་ཁར་གནས་བཞུགས་བོད་མི་ནད་གཞི་ཕོག་པ་རྣམས་ལ་ནད་རྟགས་ཕྲན་བུ་ཡོད་པ་མ་གཏོགས་ཛ་དྲག་གི་གནས་སྟངས་མེད་པ་དང་ད་ཆ་ཁོང་རྣམས་ཟུར་བཀག་དུ་བཞུགས་མུས་ཡིན་པ་རེད། འཕྲོད་བསྟེན་ལས་ཁུངས་དང་དབུས་ཛ་དྲག་ཚོགས་ཆུང་། བདེ་ལེགས་སྨན་ཁང་། དེ་བཞིན་ས་གནས་འགོ་འཛིན་ལས་ཁུངས་བཅས་ཐུན་མོང་གིས་ཁོང་རྣམས་ལ་ཉེར་མཁོའི་མཐུན་འགྱུར་ཁག་གནང་མུས་ཡིན་པར་གསུངས་ཡོད།གཞི་རྩའི་རྒྱ་གར་ནང་ནད་རླབས་གཉིས་པའི་སྐབས་གཉན་རིམས་ཕོག་མཁན་གྱི་གྲངས་ཐོ་ཇེ་མང་ཕྱིན་པ་དང་སྦྲགས་འདས་གྲོངས་སུ་གྱུར་མཁན་མང་དག་ཅིག་བྱུང་བར་བརྟེན་ས་གནས་སོ་སོར་ཐེམ་སྤང་གི་བཀོད་ཁྱབ་དང་། སློབ་གྲྭ་ཁག་ཕྱིར་བཤོལ་གནང་བ། འདུ་འཛོམས་རིགས་གནང་སྒོ་ཚང་མར་དམ་དྲག་གནང་ཡོད་པ་རེད། ལྷག་པར་དུ་རིམ་པས་གནས་སྟངས་ཅུང་ཇེ་བཟང་དུ་ཕྱིན་ནས་ནད་ཡམས་ཀྱི་ཞེད་སྣང་མེད་པ་ལྟ་བུའི་གནས་སྟངས་ཤིག་བྱུང་ཡོད། འོན་ཀྱང་ཉེ་ལམ་ཕྱི་ཚེས་ ༡༤ དང་ ༡༥ཙམ་ ལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་དང་དྷ་ས་བོད་མིའི་འདུས་སྡོད་ས་ཁུལ་ཁག་ཅིག་ནས་བོད་མི་ ༩ ཙམ་ལ་གཉན་རིམས་ཕོག་པའི་གནས་ཚུལ་ཐོན་དོན་ལྟར་དབུས་སྣེ་ལེན་ཁང་གི་གསོ་བཅོས་ཁང་སླར་སྒོ་འབྱེད་གནང་དགོས་བྱུང་བ་རེད། དེ་འབྲེལ་དབུས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་སུ་བཀའ་འདྲི་ཞུས་པར་དྲུང་ཆེ་མཆོག་གིས་གངས་ཅན་སྐྱིད་གཤོངས་སུ་ད་བར་ནད་གཞི་ཕོག་མཁན་མི་གྲངས་ ༢༣ བྱུང་ཡོད་པ་དང་། ད་ཆ་ཁྱོན་བོད་མི་ ༤༠ ཙམ་ཞིག་དབུས་སྣེ་ལེན་ཁང་གི་གསོ་བཅོས་ཁང་དུ་བཞུགས་མུས་ཡིན་ཀྱང་། ནད་གཞི་ཕོག་མཁན་ཁྲོད་རེ་ཟུང་གི་གཟུགས་གཞི་ཕྲན་བུ་བདེ་མིན་མ་གཏོགས་དེ་མིན་རྣམས་ལ་ནད་རྟགས་མངོན་གསལ་མེད་པར་གསུངས་སོང་།གཞི་རྩའི་འདས་པའི་གཟའ་འཁོར་ནང་རྒྱ་བལ་གཉིས་ཀྱི་བོད་མི་འདུས་སྡོད་དུ་ནད་གཞི་གསར་པ་ཕོག་པ་མི་གྲངས་ ༡༠༤ བྱུང་བ་དང་དེའི་ཁྲོད་དགུང་ན་མཐོ་ཤོས་དེ་ ༩༥ དང་ཆུང་ཤོས་དེ་བྱིས་པ་ལོ་ ༢ ཆགས་ཀྱི་འདུག་པ་མ་ཟད།  ནད་ཡམས་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་གནད་དོན་བྱུང་མེད་པ་རེད་འདུག རྒྱ་བལ་གཉིས་ཀྱི་བོད་མི་འདུས་སྡོད་དུ་ད་བར་ནད་གཞི་ཕོག་པ་མི་གྲངས་ ༦༤༡༨ དང་ནད་ལས་དྲག་སྐྱེད་སོང་བ་༦༡༢༡  དེ་བཞིན་གཉན་རིམས་རྐྱེན་པས་འདས་གྲོངས་སུ་སོང་བ་༡༥༠ དང་ནད་མནར་བཞིན་པ་དེ་ ༡༤༧ ཆགས་ཀྱི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།