Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ནས་སྡེ་དགེ་ནང་དུ་འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་བཀྲོལ་དང་། བོད་མིའི་མངོན་འདོད་ལ་བརྩི་བཀུར་ཞུ་དགོས་པ་གསུངས་འདུག

Tibetan News Headlines

  • Himachal Government schools to implement SEE learning
  • Dalai Lama grants an audience to Tibet supporters from Japan
  • Mass relocations of Tibetans not voluntary, villagers coerced by extreme pressure: HRW
  • Three-day Tibetan settlement cooperative’s conference begins in Dharamshala
  • Idea to Execution: Dalai Lama College hosts EntrepExpo

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༢

  • ཧི་མཱ་ཅལ་མངའ་སྡེའི་ནང་ SEE ཤེས་ཡོན་ལག་བསྟར་དབུ་འཛུགས་གནང་རྒྱུའི་མཛད་སྒོ་ཞིག་འཚོགས་སོང་།
  • ༸གོང་ས་མཆོག་གིས་ཉི་འོང་སྐུ་ཚབ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • རྒྱ་གཞུང་གིས་ཚད་ལས་བརྒལ་བའི་གནོན་ཤུགས་འོག་བོད་མི་རྣམས་བཙན་གྱིས་གཞིས་སྤོས་བྱེད་བཞིན་པ་ར་སྤྲོད་གནང་འདུག
  • བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་བ།
  • ཏྰ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གིས་ཉིན་གྲངས་གཉིས་རིང་ཚོང་རིགས་ཁྲོམ་སྟོན་གནང་འདུག

བོད་མིའི་སྒྲིག་འཛུགས་བཀའ་ཤག་ངོས་ནས་བོད་ཁམས་སྡེ་དགེ་ནང་གི་ཛ་དྲག་གནས་སྟངས་ཐད་བློ་འཚབ་དང་འབྲེལ། རྒྱ་ནག་གཞུང་ལ་སྡེ་དགེ་ནང་དུ་འཛིན་བཟུང་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་དང་། བོད་མིའི་ཐོབ་ཐང་དང་མངོན་འདོད་ལ་བརྩི་བཀུར་ཞུ་དགོས་སྐོར་གསུངས་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མིའི་དཀའ་སྡུག་གི་འབོད་སྒྲ་ཐོས་པ་གནང་སྟེ་རྒྱ་ནག་གཞུང་ལ་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་མཚམས་འཇོག་བྱ་དགོས་པའི་གནོན་ཤུགས་སྤྲད་དགོས་པ་གསུངས་འདུག

KASHAG

གཞི་རྩའི་རྒྱ་ནག་གཞུང་གིས་འབྲི་ཆུའི་ཡར་ཀླུང་གཙང་པོའི་སྟོད་རྒྱུད་དུ་འཛུགས་འཆར་ཡོད་པའི་ཆུ་རགས་བཅུ་གསུམ་ཁོངས་ཀྱི་དྲུག་པ་སྐམ་ཐོག་ཆུ་མཛོད་གསར་རྒྱག་གི་ལས་གཞིའི་འོག ཁམས་དཀར་མཛེས་སྡེ་དགེ་རྫོང་གི་དབོན་པོ་སྟོད་དང་། ཆབ་མདོ་འཇོ་མདའ་རྫོང་གི་ཤིས་པ་ཞེས་པའི་གྲོང་གསེབ་གཉིས། དེ་བཞིན་དུས་རབས་ ༡༣ ཙམ་ནས་ཉར་ཚགས་བྱས་པའི་ལྡེབས་རིས་ལྡན་པའི་གཙང་པོའི་འགྲམ་རྒྱུད་དུ་ཆགས་པའི་ལོ་རྒྱུས་ཀྱི་གལ་གནད་རང་བཞིན་ལྡན་པའི་དབོན་སྟོད་དགོན་དང་ཡེ་ན་དགོན་གཉིས་ཀྱི་གཙོས་མཁར་མདོ་དགོན། རབ་བརྟན་དགོན། དགོན་གསར་དགོན། བཀྲ་ཤིས་དགོན་བཅས་དགོན་སྡེ་ཁག་ ༦ ཆུའི་ནང་བསྣུབ་ཉེན་ལ་བརྟེན། ཟླ་བ་སྔོན་མའི་ཚེས་ ༡༤ ཉིན་ས་ཁུལ་དེའི་བོད་མི་སུམ་བརྒྱ་ལྷག་སྡེ་དགེ་རྫོང་དུ་ཕྱིན་ཏེ་ཆུ་མཛོད་གསར་རྒྱག་གི་ལས་གཞི་མཚམས་འཇོག་དང་། ས་གནས་བོད་མི་གནས་སྤོ་དགོས་པའི་གཞུང་འབྲེལ་བཀའ་རྒྱ་ཕྱིར་བསྡུ་དགོས་པ་ཞུས་གནང་ཡོད་པ་དེ་ལྟར་ཡང་། གནད་དོན་དེའི་བདུན་ཕྲག་གཅིག་གི་རྗེས་ཏེ་ཕྱི་ཟླ་ ༢ པའི་ཚེས་ ༢༡ ཉིན་ས་གནས་ལས་བྱེད་དང་དམག་མི་མང་པོ་ཞིག་དབོན་པོ་སྟོད་དགོན་དང་།  ཡེ་ན་དགོན་གཏོར་བཤིག་བཏང་བར་འབྱོར་སྐབས། བོད་མི་མང་པོ་ཞིག་གིས་པུས་མོ་ས་ལ་བཙུགས་ཏེ་ངུ་འབོད་གནང་ཞིང་སླར་ཡང་ཞུ་འབོད་གནང་བར། དེའི་ཕྱི་ཉིན་དེར་ཉེན་རྟོག་མི་སྣས་ཁུལ་དེར་ཞི་རྒོལ་གནང་མཁན་བོད་མི་མང་པོར་རྡུང་རྡེག་ཚབས་ཆེན་བཏང་སྟེ་སྨན་ཁང་དུ་བསྐྱལ་དགོས་བཟོས་པ་མ་ཟད། བོད་མི་ ༡༠༠༠ ལྷག་འཛིན་བཟུང་བྱས་ཡོད་པས་ད་ལྟའི་ཆར་ས་གནས་སུ་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་ཁྲོད། དྲ་རྒྱ་སོགས་ཕྱོགས་ཡོངས་ནས་བཀག་སྡོམ་བྱས་ཏེ་ས་གནས་ཀྱི་གནས་ཚུལ་ཕྱིར་ཐོན་མ་བཅུག་པར་བཞག་ཡོད་པ་རེད།

དེ་འབྲེལ་ཁ་སང་བོད་མིའི་སྒྲིག་འཛུགས་བཀའ་ཤག་ངོས་ནས་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་བརྒྱུད། སྡེ་དགེ་ནང་གི་གནས་སྟངས་ཐད་བློ་འཚབ་དང་འབྲེལ། རྒྱ་གཞུང་གིས་བོད་མིའི་འདོད་མོས་ལ་མ་ལྟོས་པར་ཆུ་མཛོད་ལས་གཞི་སྤེལ་བའི་རྐྱེན་གྱིས། བོད་མི་རྣམས་ནས་རང་གི་རྒྱུན་གཏན་འཚོ་བའི་གནས་སྟངས་དང་ཡུལ་སྲོལ་གོམས་གཤིས་གཏོར་སྐྱོན་འགྲོ་ཉེན་ལ་བརྟེན་ནས་ཞི་རྒོལ་གནང་བར། རྒྱ་གཞུང་གིས་བོད་མི་དེ་དག་ཐོག་དྲག་གནོན་བྱས་པའི་གནད་དོན་དེ་ལས་རྒྱ་གཞུང་གིས་བོད་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་ལ་བརྩི་བཀུར་གཏན་ནས་ཞུ་ཡི་མེད་པ་གསལ་སྟོན་བྱེད་ཀྱི་ཡོད་སྐོར་གསུངས་འདུག

Sikyong

བཀའ་ཤག་ངོས་ནས་གསར་འགོད་བསྒྲགས་གཏམ་ནང་ད་དུང་། རྒྱ་ནག་གཞུང་གིས་སྡེ་དགེ་བོད་མིའི་ཞི་བའི་ངོ་རྒོལ་ལ་དྲག་གནོན་དང་། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྣང་མེད་སྐྱུར་འཇོག་བྱས་པ་དེ་དག་ལ་ཁས་ལེན་རྩ་བ་ནས་བྱ་ཐབས་མེད་པ་དང་། འགན་འཁུར་མེད་པའི་བྱ་སྤྱོད་དེ་དག་ལས་རྒྱ་ནག་གཞུང་གིས་དེ་གའི་དམར་ཤོག་རིང་ལུགས་ཀྱི་ལྟ་བ་དང་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་དམིགས་པ་མ་གཏོགས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱ་རྒྱུའི་བསམ་བློ་མེད་པ་གསལ་པོ་སྟོན་གྱི་ཡོད་སྐོར་གསུངས་བ་དང་འབྲེལ།   རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་སྡེ་དགེ་ནང་དུ་འཛིན་བཟུང་བྱས་པའི་བོད་མི་ཡོངས་རྫོགས་འཕྲལ་དུ་གློད་བཀྲོལ་དགོས་པ་དང་། བོད་མིའི་ཐོབ་ཐང་དང་མངོན་འདོད་ལ་བརྩི་བཀུར་བྱ་དགོས་པའི་རེ་སྐུལ་ཞུས་འདུག

ཕྱོགས་མཚུངས་བཀའ་ཤག་ངོས་ནས་རྒྱ་ནག་གིས་བོད་ནང་ལོག་སྤྱོད་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་ལ་གདོང་ལེན་བྱ་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་ལྟར། འཛམ་གླིང་མི་མང་རྣམས་ལ་བོད་མིའི་དཀའ་སྡུག་གི་འབོད་སྒྲ་ཐོས་པ་གནང་སྟེ། རྒྱ་ནག་དེ་བཞིན་རྒྱལ་སྤྱའི་ཁྲིམས་ལུགས་མང་པོར་བརྩི་བཀུར་ཞུ་རྒྱུའི་ཁས་ལེན་མཚན་རྟགས་བཀོད་མཁན་གྲས་ཤིག་ཡིན་པའི་ཆ་ནས་བོད་མིའི་ཐོབ་ཐང་དང་མངོན་འདོད་ལ་བརྩི་བཀུར་ཞུ་དགོས་ངེས་ཡིན་སྐོར་དང་འབྲེལ། སྡེ་དགེ་ནང་དུ་རྨས་སྐྱོན་ཕོག་པའི་བོད་མི་རྣམས་ལ་དུས་ཐོག་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་དགོས་པ་དང་། འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་བཀྲོལ་དགོས་པ། ས་གནས་མང་ཚོགས་ཀྱི་འདོད་མོས་མེད་པའི་ཆུ་མཛོད་གསར་རྒྱག་གི་ལས་གཞི་མཚམས་འཇོག་དགོས་པ་དང་། བོད་མི་གནས་སྤོ་བྱ་རྒྱུ་མཚམས་འཇོག་དགོས་པ། དེ་བཞིན་བོད་མིའི་ཆོས་ཕྱོགས་དང་འབྲེལ་བའི་སེམས་ཁམས་དང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་སྲུང་སྐྱོབ་དགོས་པའི་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག

འདི་ག་རླུང་འཕྲིན་ཁང་ནས་དེ་རིང་སྡེ་དགེ་ནང་གི་གནད་དོན་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་སྐབས། ཁོང་གིས་རྒྱ་གཞུང་ངོས་ནས་ཕྱོགས་ཡོངས་ཀྱི་གནད་དོན་ལ་བལྟས་ནས་མི་མང་གི་མངོན་འདོད་བསྒྲུབ་དགོས་པ་གསུངས་སོང་།

སྲིད་སྐྱོང་མཆོག་གིས་ད་དུང་རྒྱ་གཞུང་ངོས་ནས་མང་ཚོགས་ཀྱི་མངོན་འདོད་མ་སྒྲུབ་ཚེ་དོན་དམ་པའི་འཆམ་མཐུན་ཞེས་པ་ཡོང་ཐབས་བྲལ་བ་ཡིན་སྐོར་གསུངས་བ་མ་ཟད། བོད་མིའི་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་སྡེ་དགེ་ནང་གི་ཛ་དྲག་གི་གནས་སྟངས་ཐད་ངོ་རྒོལ་སོགས་ཀྱི་ལས་འགུལ་མུ་མཐུད་སྤེལ་བཞིན་པ་དང་བསྟུན། བོད་མིའི་སྒྲིགས་འཛུགས་ངོས་ནས་ཁུལ་དེའི་ནང་གི་གནས་སྟངས་ལ་ཐུགས་སྣང་གིས་རྒྱ་གཞུང་གི་དེ་ལྟ་བུའི་ཁྲིམས་འགལ་བྱ་སྤྱོད་འཕྲལ་དུ་མཚམས་འཇོག་སླད་རྒྱལ་སྤྱིའི་གཞུང་ཚོགས་ཁག་ལ་ཞུ་སྐུལ་གྱི་ལས་དོན་མུ་མཐུད་སྤེལ་རྒྱུ་ཡིན་པ་གསུངས་གནང་སོང་།

Dege Tenzin La

དེའི་བར་ན་དེ་རིང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་སྤེལ་བར་གཞིགས་ན། ད་ཆ་རྒྱ་ནག་གཞུང་ནས་ཟླ་བ་སྔོན་མའི་ཚེས་ ༢༣ ཉིན་འཛིན་བཟུང་བྱས་པའི་དགེ་འདུན་པ་དང་མང་ཚོགས་ཁོངས་ནས་ཁག་གཅིག་གསང་བ་ཆེན་པོའི་ངང་གློད་བཀྲོལ་བཏང་ཟིན་ཡོད་ཀྱང་། དབོན་སྟོད་དགོན་གྱི་ཕྱག་མཛོད་བགྲེས་པ་བསྟན་འཛིན་ལགས་དང་། གྲོང་ཚོའི་ལས་བྱེད་པ་རྟ་མགྲིན་ལགས་སོགས་ཞུ་འབོད་ཀྱི་ལས་འགུལ་སྣེ་ཁྲིད་པ་ཡིན་པའི་དོགས་གཞིའི་འོག་ཟླ་བ་འདིའི་ཚེས་ ༣ ཉིན་དབོན་སྟོད་བཀག་ཉར་ཁང་ནས་སྡེ་དགེ་རྫོང་གི་བཀག་ཉར་ཁང་དུ་སྐྱེལ་ཡོད་པ་རེད་འདུག མ་ཟད་ད་ལྟའི་ཆར་རྒྱ་ནག་གཞུང་གིས་ས་གནས་ཀྱི་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་གྱི་དོགས་གཞིའི་འོག་མི་སྣ་འཛིན་བཟུང་བྱེད་མུས་ཡིན་པའི་ཁྲོད། བོད་མི་རྣམས་ཀྱི་ལག་ཐོག་ཁ་པར་བསྔོག་བཤེར་གྱིས། ཁ་པར་ནང་གི་སྐད་འཕྲིན་སོགས་སྤྱི་ཚོགས་དྲ་ལམ་ཁག་ལ་བརྟག་དཔྱད་ནན་པོ་བྱེད་བཞིན་ཡོད་འདུག

Dege Tamdrin

སྤྱིར་སྡེ་དགེ་ནང་གི་ཛ་དྲག་གནས་སྟངས་དང་བསྟུན་བཙན་བྱོལ་བོད་མི་རྣམས་ནས་འཛམ་གླིང་ས་ཕྱོགས་གང་སར་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་དང་། སྡེ་དགེ་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཞུ་སྐུལ་གྱི་ལས་འགུལ་སྣ་མང་ཞིག་སྤེལ་དང་སྤེལ་མུས་ཁྲོད། ཁ་ཉིན་ཚེས་ ༦ ཉིན་ Sydney བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག Australia རྒྱལ་ས་ Canberra རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་གནངའདུག

འབྲེལ་ཡོད་གསར་གནས།

གསར་གནས།