Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་ཁེ་ན་ཌའི་ Ontario མངའ་སྡེའི་རྒྱལ་ས་ Toronto ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།

Tibetan News Headlines

  • Dalai Lama gives audience to Himalayan Buddhists from Rolwa Ling
  • One household and One file: Surveillance ramped up after anti-dam protests
  • GCM Gold Cup Final and Green Book debacle
  • Taiwan’s parliament passes bill pushing pro-China changes
  • East Turkistan government in exile calls on US to pass Uyghur Policy Act
  • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

  • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
  • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
  • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
  • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ན་ཌར་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པའི་ཁྲོད། རེས་གཟའ་སྤེན་པའི་ཉིན་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་དུ་ས་གནས་བོད་མི་མང་ཚོགས་དང་མཇལ་འཕྲད་གནང་འདུག་པ་མ་ཟད། རེས་གཟའ་ཉི་མའི་ཉིན་གངས་ལྗོངས་ཆོས་ལྡན་གླིང་གི་གཟའ་མཇུག་སློབ་གྲྭར་གཟིགས་སྐོར་དང་། ཁུལ་དེའི་བོད་རིགས་གཞོན་སྐྱེས་ལྷན་དུ་མཇལ་མོལ་ཀྱི་ལས་རིམ། དེ་བཞིན་ཁུལ་དེའི་ཆོས་ཚོགས་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ་ལྷན་དུ་མཇལ་མོལ་གནང་འདུག

Sikyong Canada Visit

དེ་ཡང་སྲིད་སྐྱོང་མཆོག་ཆོས་ཚོགས་ཁག་གི་འགན་འཛིན་དང་སྐུ་ཚབ་མི་སྣ་ལྷན་དུ་མཇལ་མོལ་གནང་སྐབས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་ད་ཆ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་གྱི་སྐབས་སུ་རྒྱ་ནག་གཞུང་ནས་གང་ཡང་བྱེད་ཐབས་ཐུབ་རྒྱུ་དཀའ་བ་ཞིག་ཡིན་པ་དེ་ལྟར་ཡང་། བཀའ་ཤག་སྐབས་ ༡༦ པའི་ངོས་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་གཞུང་གིས་གང་བྱེད་སྲིད་པ་དང་སྔོན་འགོག་གི་ཆེད་དུ་གང་ཞིག་བྱེད་དགོས་ཀྱི་འདུག་ཞེས་པ་དང་འབྲེལ་ནས་ད་ལྟའི་བཀའ་ཤག་གི་ངོས་ནས་གཞིས་ཆགས་ཁག་དང་དགོན་སྡེ་ཁག་གི་རང་གི་ལས་ཤོག་གི་ཐོག་ཏུ་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་༸གོང་ས་མཆོག་༸སྐུ་ཉིད་ཁོ་ན་དང་༸རྒྱལ་བའི་བཀའ་བསྔགས་གནང་བ་དེ་ཁོ་ནས་མཛད་འགན་བཞེས་དགོས་པ་ལས་མི་སྒེར་དང་རྒྱ་ཁབ་སུ་ཞིག་གི་ཐེ་བྱུས་བྱེད་མི་ཆོག་པའི་གྲོས་ཆོད་བཞག་དགོས་པའི་སྐུལ་མ་གནང་གི་ཡོད་ཅེས་གསུངས་པ་དང་ཆབས་གཅིག Toronto ནང་གི་ཆོས་ཚོགས་རེ་རེའི་ངོས་ནས་༸སྐུའི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་རེ་བཞག་ཐུབ་ན་སྔོན་འགོག་ཞིག་ཏུ་གྱུར་རྒྱུ་ཙམ་མ་ཟད། མ་འོངས་རྒྱ་ནག་གཞུང་གིས་ཤུགས་རྐྱེན་སྤྲད་ས་མེད་པ་ཞིག་བཟོ་ཐུབ་རྒྱུའི་ཐབས་བྱུས་ཡག་ཤོས་ཤིག་དང་། རྒྱ་ནག་ལ་ཁ་གཏད་ལྕོགས་རྒྱུ་ཕན་ངེས་ཡིན་པ་གསུངས་འདུག

Sikyong Canada Visit

སྲིད་སྐྱོང་མཆོག་གིས་ད་དུང་ཕྱི་ལོ་ ༢༠༢༥ ལོའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་གྱི་འཁྲུངས་སྐར་དུས་ཆེན་གྱི་མཛད་རིམ་ཁག་བཞུགས་སྒར་དུ་བདུན་ཕྲག་གཅིག་གམ་ཉིན་བཅུའི་རིང་གནང་རྒྱུ་མ་ཟད། སྐབས་དེར་བླ་ཆེན་ཁག་གི་ཚོགས་ཆེན་ཡང་སྐོང་ཚོགས་གནང་རྒྱུ་དང་། ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༧ ཚེས་ ༦ ནས་ ༢༠༢༦ ལོའི་ཕྱི་ཟླ་ ༧ ཚེས་ ༦ བར་གོ་སྟོན་གྱི་མཛད་རིམ་ཞིག་ལོ་འཁོར་མོར་སྲུང་བརྩི་ཞུ་རྒྱུ་ཡིན་སྐོར་གསུངས་པ་དང་སྦྲགས། ཁུལ་དེར་ཡོད་པའི་ཆོས་ཚོགས་ཁག་ནས་ཀྱང་སོ་སོའི་ས་གནས་སུ་དེ་འབྲེལ་ལས་འགུལ་དང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་རྒྱ་ཁྱབ་གནང་རྒྱུ་སྐུལ་མ་གནང་འདུག

སྲིད་སྐྱོང་མཆོག་རེས་གཟའ་སྤེན་པའི་ཉིན་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་དུ་ས་གནས་བོད་མི་མང་ཚོགས་དང་མཇལ་འཕྲད་གནང་སྐབས་བོད་རྒྱའི་དཀའ་རྙོག་སེལ་བར་བྱེད་པར་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་ཆས་དགོས་པ་ལས་དེ་ལ་འགྱུར་བ་གནང་ཡག་མེད་པ་མ་ཟད། དབུས་མ་ཞེས་བརྗོད་སྐབས་མཐའ་གཅིག་ནི་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པ་དང་མཐའ་གཞན་དེ་ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པས་བོད་དུ་འཛིན་པའི་སྲིད་བྱུས་འོག་བོད་མི་རིགས་རྩ་མེད་དུ་གཏོང་བཞིན་པ་རྣམས་རྒྱལ་ཁབ་གཞན་ཚོས་ངོས་འཛིན་དགོས་ཀྱི་ཡོད་སྟབས། བཀའ་ཤག་སྐབས་ ༡༦ པས་ལོ་རྒྱུས་ཀྱི་གནས་བབ་ལ་ངོས་འཛིན་ཡོང་ཐབས་སུ་འབད་བཞིན་ཡོད་སྐོར་དང་། ད་ལན་ཁེ་ན་ཊ་དང་ཨ་རིར་བཅར་དོན་གཅོ་བོ་དེ་ཡང་དེ་སྔོན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་དོན་ལྟར། གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེར་རྒྱབ་སྐྱོར་ཐོབ་ཐབས་སླད་ལས་དོན་གཉེར་བར་བཅར་བ་ཞིག་དང་། ཁྲིམས་འཆར་དེ་གཏན་འབེབ་ཐུབ་པ་ཞིག་བྱུང་ཚེ་ཁྲིམས་འཆར་དེ་རྨང་གཞིར་བཞག་ཏེ་ཁེ་ན་ཊ་དང་ཡོ་རོབ་རྒྱལ་ཁབ་མང་པོ་ཞིག་ལ་སྙོབ་ཐུབ་རྒྱུ་དང་དེ་ནི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ་གསུངས་སོང་།

Sikyong Canada Visit

དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁ་སང་རེས་གཟའ་ཉི་མའི་ཉིན་གངས་ལྗོངས་ཆོས་ལྡན་གླིང་གི་གཟའ་མཇུག་སློབ་གྲྭར་གཟིགས་སྐོར་དང་ཁུལ་དེའི་བོད་རིགས་གཞོན་སྐྱེས་དང་ལྷན་དུ་མཇལ་མོལ་གནང་སྐབས་བོད་རིགས་གཞོན་སྐྱེས་ཚོར་བཙན་བྱོལ་དུ་བྲོས་བྱོལ་ལ་ཕེབས་པའི་མི་རབས་རྒན་པ་ཚོས་སྐུ་ལས་ཇི་སྐྱོན་དང་འབྲེལ་ནས་བོད་ཀྱི་སྣོད་བཅུད་ཆགས་ཚུལ་དང་། བོད་ཀྱི་ཁོར་ཡུག་སོགས་རྒྱལ་ཁབ་གཞན་ཚོར་གལ་གནད་ཇི་ཙམ་ཆགས་ཀྱི་ཡོད་མིན་སྐོར་གསུངས་བཤད་གནང་འདུག

སྲིད་སྐྱོང་མཆོག་ཁུལ་དེར་གནས་སྡོད་གཞོན་སྐྱེས་དང་ལྷན་དུ་མཇལ་མོལ་གནང་སྐབས་རེས་གཟའ་ལྷག་པ་ནམ་ཡིན་ལ་ཁུལ་དེར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ལས་འགུལ་སྤེལ་མཁན་སངས་རྒྱས་སྐྱབས་ལགས་ཀྱིས་རང་ཉིད་ཀྱི་ལས་འགུལ་ངོ་སྤྲོད་དང་སྦྲགས། འདི་ལོའི་ཕྱི་ཟླ་ ༢ པ་དང་ ༣ བཅས་ཟླ་དུས་རིམ་པར་ཁོང་གྱི་ཁྱིམ་ལ་རྒྱའི་ཉེན་རྟོགས་པ་སླེབས་ནས་ཕ་མར་ཁོང་བོད་ལ་ཕྱིར་ལོག་འདོད་ཡོད་ན་མཐོང་ཆེན་སྤྲོད་ཀྱི་ཞེས་དང་སྐབས་རེ་ཁོང་གི་ཕྱིའི་རྒྱལ་ཁབ་ནང་ལས་ཀ་ཡག་པོ་བྱེད་ཀྱི་མེད་པ་བུ་ལ་སློབ་གསོ་སྐྱོན་དགོས་པའི་འཇིགས་སྐུལ་དེ་འདྲ་ཡོང་གི་ཡོད་པ་སྙན་སེང་ཞུས་སྐབས། སྲིད་སྐྱོང་མཆོག་གིས་ཁོང་གང་དུ་སོང་བ་དང་གང་དུ་གཏམ་བཤད་གནང་ན་དེར་རྒྱའི་གསོ་མྱུལ་བས་བལྟས་ནས་ཡོད་སྟབས་ལན་དེ་ཡང་དབྱིན་སྐད་དུ་སྐྱོན་གྱི་ཡིན་ཞེས་གསུངས་པ་དང་སྦྲགས། དེ་ནི་རྒྱལ་མཚམས་ལས་བརྒལ་བའི་དམ་དྲག་དེ་ཕྱིར་ལོག་པ་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། རྒྱ་ནག་གི་མཐོང་ཆེན་སྤྲད་རྒྱུ་དང་འགྲོ་གྲོན་གཏོང་རྒྱུ་ཡིན་ཟེར་བ་རྣམས་རང་གི་འདོད་དོན་གྲུབ་ཐབས་ཁོ་ན་ཡིན་པ་དང་། སྐབས་རེ་བོད་པའི་སྤྱི་ཚོགས་ནང་དངུལ་ལ་དགའ་བའི་བོད་མི་རེ་བཟུང་རྒྱ་ནག་གི་ཤུགས་རྐྱེན་འོག་འགྲོ་ཡི་ཡོད་པ་གསུངས་འདུག

མཛད་རིམ་ལྟར་ན་སྲིད་སྐྱོང་མཆོག་ཁེ་ན་ཌའི་ Ontario མངའ་སྡེའི་རྒྱལ་ས་ Toronto ནང་གི་གཞུང་འབྲེལ་མཚམས་གཟིགས་གྲུབ་པའི་རྗེས་སུ་ Quebec མངའ་སྡེའི་ Montreal གྲོང་ཁྱེར་གཉིས་ནང་འཚམས་གཟིགས་གནང་རྗེས་ཚེས་ ༡༢ ནས་ ༡༩ བར་ཨ་རིའི་ Vermont དང་ Boston དེ་རྗེས་རྒྱལ་ས་ Washington DC ནང་དུ་སྐོར་བསྐྱོད་གནང་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།