fbpx

Tibetan Royal Year of 2150 | Year of the Water Rabbit

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པར་གསུངས་འདུག

Tibetan News Headlines

 • བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་སྤར་ཆ་གནང་སོང་།
 • འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་བགྲོ་གླེང་ཁྲོད་འགྲོ་ཕན་སྨན་རྩིས་ཁང་གི་གནད་དོན་སྐོར་འདྲི་རྩད།
 • རྒྱལ་ཚོགས་སུ་རྒྱ་ནག་ལ་བོད་ནང་གི་དྲག་གནོན་ཅན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་ཞུ་སྐུལ།
 • ༸སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་ངོས་འཛིན་དང་འབྲེལ་རྒྱ་ནག་ལ་ཁོང་ཁྲོ་སློང་ངེས་ཡིན་པའི་བློ་འཚབ།
 • རྒྱལ་ཚོགས་ཀྱི་ཆུའི་ལྷན་ཚོགས་ཐོག་བོད་ཀྱི་ཆུ་བོའི་གལ་གནད་སྐོར་གཏམ་བཤད་དང་འདྲི་རྩད།
 • འགྲོ་ཕན་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༧ འཁོར་བའི་དུས་ཆེན་སྲུང་བརྩི།

Friday 24/03/2023

 • House hikes ‘Chatrel’, voluntary contribution made to CTA
 • Tibetan Parliamentarians question financial health of Mentsekhang
 • UK, EU raise Tibet at UNHRC, urges China to reverse repressive policies in Tibet
 • China on edge as Mongolian boy is hailed as new Buddhist lama
 • Tibet environmental activist take Tibet to UN-Water Conference
 • Mentskhang celebrates 107th founding anniversary
(Visited 5 times, 2 visits today)

ཨ་རིའི་སྲིད་འཛིན་བྷེ་ཊན་གྱི་གཞུང་འཛིན་གསར་བའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཨ་རིའི་ངོས་ནས་བོད་དོན་ལ་ཤུགས་སྣོན་སྐྱོན་རྒྱུ་ཡིན་པའི་ཁས་ལེན་གནང་འདུགདེ་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨེ་ཤ་རང་དབང་རླུང་འཕྲིན་ཁང་གི་དྲི་བ་ཁག་ཅིག་ལ་ཡིག་ཐོག་ནས་བཀའ་ལན་གནང་བའི་ནང་དུ། ཨ་རིའི་ངོས་ནས་རྒྱ་ནག་ལ་གནོད་ཤུགས་སྤྲད་ནས་མི་ལོ་བཅུ་ཙམ་ལ་རྒྱུན་ཆད་པའི་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་གནང་ཐབས་ལ་ཤུགས་སྣོན་དང་། དེ་བཞིན་རྒྱ་ནག་གི་ངོས་ནས་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་གདམ་གསེས་བྱེད་ཕྱོགས་ལ་ཐེ་ཇུས་མི་བྱེད་རྒྱུར་སྐུལ་འདེད་དང་། གཞན་ཡང་ཉེན་གནས་སུ་ལྷུང་བའི་བོད་ཀྱི་ཆོས་རིག་སྐད་ཡིག  དེ་བཞིན་བོད་ཀྱི་རང་བྱུང་ཁོར་ཡུག་བཅས་ལ་རྒྱ་ནག་གིས་གུས་བརྩི་བྱེད་དགོས་བར་གཙིག་ཆེན་དུ་འཛིན་རྒྱུ་ཡིན་པ་བཅས་བོད་དོན་གྱི་ཆེད་དུ་གནད་དོན་མང་པོ་ཞིག་ལག་བསྟར་གནང་རྒྱུ་ཡིན་འདུག

གཞན་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས། ཨ་རིའི་ངོས་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་ཀྱི་དགོངས་པ་བཞིན་བོད་མི་ཡོངས་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་གི་གནས་བབ་ཅིག་རག་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལྟར། ཨ་རི་དང་ཨ་རིའི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་ལ་གནོད་ཤུགས་སྤྲད་པ་བརྒྱུད་ནས་བོད་ནང་གི་བོད་མི་རྣམས་ལ་རྒྱ་ནག་གི་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པར་མཚམས་འཇོག་ཡོང་ཐབས་དང་། དེ་བཞིན་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་བོད་རྒྱ་གྲོས་མོལ་གནང་རྒྱུར་ཤུགས་བརྩོན་གནང་རྒྱུ་ཡིན་པར་འཁོད་འདུག

དེ་བཞིན་ཨ་རིའི་ངོས་ནས།  རྒྱ་ནག་ལ་ཞུ་སྐུལ་གནང་བའི་ཐོག་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ནང་དུ་གསལ་བའི་བོད་མིའི་གཞི་རྩའི་ཐོབ་ཐོབ་ཁག་ལ་གུས་བརྩི་ཞུ་དགོས་བའི་འབོད་སྐུལ་དང་། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁོར་ཡུག་དང་རིག་གཞུང་། སྐད་ཡིག་དང་ཆོས་ལུགས་ཀྱི་ངོ་བོ་སོགས་ལ་བརྩི་སྲུང་བྱེད་དགོས་བའི་རེ་ཞུ་གནང་ཡོད་པ་མངོན་གསལ་གནང་འདུག

སྒོས་སུ། རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཁག་ངོས་འཛིན་གྱི་ལས་དོན་དང་། དམིགས་བཀར་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ངོས་འཛིན་ཐད་ཐེ་གཏོགས་བྱེད་རྒྱུ་མཚམས་འཇོག་དང་འབྲེལ་བོད་མིའི་ཆོས་ལུགས་དད་མོས་རང་དབང་ལ་བརྩི་བཀུར་ཞུ་དགོས་སྐོར་གསུང་བ་མ་ཟད།   ཨ་རིའི་ངོས་ནས་སྔར་ལོའི་ལོ་མཇུག་དུ་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་ཀྱིས་འབྱུང་འགྱུར་ཁྲོད་རྒྱ་ནག་གི་དཔོན་རིགས་སུ་ཞིག་གིས་༸གོང་ས་ཏཱ་ལའི་བླའི་ཡང་སྲིད་ཀྱི་ཐད་ནས་ཐེ་ཇུས་བྱས་པ་ཡིན་ན། ཨ་རིའི་ངོས་ནས་རྒྱ་ནག་གི་དཔོན་རིགས་དེར་ཁྲིམས་ཀྱི་ཉེས་ཆད་གཅོད་རྒྱུ་ཡིན་པར་བསྐྱར་ནན་གནང་འདུག

གཞན་ཡང་མགྲིན་ཚབ་པས་བརྗོད་པ་ལྟར་ན། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ། སྐུ་ཞབས་ Antony Blinken མཆོག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་ཁྱབ་ཁོངས་སུ་གཏོགས་པའི་བོད་དོན་དམིགས་་བསལ་འབྲེལ་མཐུད་པ་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ཆེན་མོ་བཅས་གཉིས་ཟུང་འབྲེལ་གནང་སྟེ་བོད་ཕྱི་ནང་གཉིས་སུ་གྱེས་པའི་བོད་མི་རྣམས་ཀྱི་ཆོས་ལུགས་དད་མོས་སྲུང་སྐྱོབ་ཀྱི་ཆེད་དུ་ཕྱག་ལས་གནང་རྒྱུའི་ཞལ་བཞེས་གནང་འདུག

སྤྱིར་ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་ད་ལྟའི་ཆར་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་བཅས་བསྐོ་བཞག་གནང་རྒྱུ་ཡིན་པ་རེད། ད་རེས་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བོད་ཀྱི་གནད་དོན་ཐོག་བཀའ་ལན་འདི་ལྟར་གནང་འཕྲལ་ཨ་རིའི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེར་དགའ་བསུ་ཞུས་པ་དང་འབྲེལ། ཨ་རིའི་གཞུང་གི་ངོས་ནས་རིམ་པས་དོན་དམ་ཕྱག་ལེན་གྱི་སྒོ་ནས་ཕྱི་ལོ་ ༢༠༡༠ ནས་རྒྱུན་ཆད་པའི་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་རྒྱུར་ཤུགས་སྣོན་བསྐྱོན་དགོས་པའི་རེ་འབོད་གནང་འདུག

དེ་བཞིན་ལས་འགུལ་ཁང་གིས། ཐེངས་འདིར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་དོན་ལ་རྒྱབ་སྐྱོར་གྱི་བཀའ་ལན་དེ་ལྟར་གནང་བ་དེ་ནི་དེ་སྔོན་སྲིད་འཛིན་བྷེ་ཊན་མཆོག་གིས་འོས་བསྡུའི་དྲིལ་བསྒྲགས་སྐབས་བོད་དོན་རྒྱབ་སྐྱོར་གྱི་ཆོད་སེམས་དེ་མངོན་པར་གསལ་བའི་བརྡ་ལན་ཞིག་ཆགས་ཡོད་སྐོར་གསུང་བ་དང་ཆབས་ཅིག ཨ་རིའི་སྲིད་འཛིན་མཆོག་གིས་གང་མགྱོགས་ཕྱི་སྲིད་ལས་ཁུངས་ཁྱབ་ཁོངས་སུ་དྲུང་ཆེ་ལས་རོག་གི་གོ་གནས་ལྡན་པའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་དགོས་པ་མ་ཟད། བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་གཞི། དེ་བཞིན་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཀྱི་ཁྲིམས་གཞི་འཕྲལ་དུ་ལག་བསྟར་དགོས་པའི་ཞུ་འབོད་གནང་འདུག

 

(Visited 747 times, 1 visits today)

འབྲེལ་ཡོད་གསར་གནས།

གསར་གནས།