Tibetan Royal Year of 2151 | Year of the Wood Dragon

༢༠༡༧ ལོའི་བོད་ཀྱི་རྩེད་ཕུད་རྐང་རྩེད་སྤོ་ལོའི་བུམ་པ་དོན་གྲུབ་གླིང་རུ་ཁག་ལ་ཐོབ་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་ཕྱི་ལོའི་ ༢༠༡༧ ལོའི་བོད་ཀྱི་རྩེད་ཕུད་རྐང་རྩེད་སྤོ་ལོའི་རྩེད་འགྲན་མཐའ་མ་དེ་དོན་གྲུབ་གླིང་རྐང་སྤོལ་རུ་ཁག་དང་སྦེལ་ཀོབ་བདེ་སླར་རུ་ཁག་གཉིས་དབར་རྩེད་འགྲན་གནང་སྟེ་མཐའ་མའི་རྒྱལ་ཁ་དོན་གྲུབ་གླིང་རྐང་སྤོལ་རུ་ཁག་ལ་ཐོབ་ཡོད་པ་རེད།
དེའང་ཟླ་བ་འདིའི་ཕྱི་ཚེས་ ༣ ཉིན་དབུ་འཛུགས་ཀྱིས་ཚེས་ ༡༢ བར་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་དང་བལ་ཡུལ་ཁུལ་གྱི་བོད་མིའི་རྐང་སྤོལ་རུ་ཁག་ཕན་ཚུན་དབར་རྩེད་འགྲན་གནང་ཡོད་པ་རེད།  ཁ་སང་ཚེས་ ༡༤ ཉིན་ཕྱི་དྲོ་རྩེད་ཕུད་སོན་པའི་དོན་གྲུབ་གླིང་རྐང་རྩེད་སྤོ་ལོའི་རུ་ཁག་དང་སྦེལ་ཀོབ་བདེ་སླར་རུ་ཁག་དབར་རྩེད་འགྲན་མཐའ་མ་དེ་གནང་སོང་བ་དང་། སྐབས་དེར་ཐོག་མའི་སྐར་མ་ ༩༠ རིང་རྩེད་འགྲན་གནང་པ་ལས་རུ་ཁག་ཕན་ཚུན་བར་སྤོ་ལོ་གཉིས་རེ་བླུགས་པས་ཕན་ཚུན་བར་འདྲ་མཉམ་ཆགས་ཡོད་པ་དང་། དེ་རྗེས་དུས་ཚོད་ཚད་བཀགག་ནང་རྒྱལ་ཁ་སུ་ལ་ཐོབ་མིན་ཐག་གཅོད་གནང་མ་ཐུབ་པར་བརྟེན། མཐར་རུ་ཁག་ཕན་ཚུན་དབར་ Penalty Shoot out ཞེས་རུ་ཁག་རེ་རེ་ནས་རྩེད་འགྲན་པ་ལྔ་རེས་ཐད་ཀར་སྤོ་ལོ་བླུགས་རེ་རྩེད་ཡོད་པ་རེད།

སྐབས་དེར་ཐད་ཀར་སྤོ་ལོ་བླུགས་རེ་གནང་པ་ལས་ཐོག་མ་རུ་ཁག་ཕན་ཚུན་གྱི་རྩེད་འགྲན་པ་གསུམ་གྱིས་སྤོ་ལོ་སྒོའི་ནང་བླུགས་ཡོད་པ་དང་། དེ་རྗེས་སྦེལ་ཀོབ་བདེ་སླར་རུ་ཁག་གྱི་རྩེད་འགྲན་པ་གཉིས་ལས་གཅིག་གིས་སྤོ་ལོ་སྒོའི་ཕྱིར་ཞུས་པས་སྤོ་ལོ་འཛུལ་མེད་པ་རེད། བདེ་སླར་རྩེད་འགྲན་པ་མཐའ་མས་ཞུས་པའི་སྤོ་ལོ་དོན་གྲུབ་གླིང་རུ་ཁག་གི་སྒོ་སྲུང་བས་བཀག་པར་བརྟེན། མཐར་སྤོ་ལོ་ ༥ དང་ ༧ ཆགས་སྟབས། ཕྱི་ལོའི་ ༢༠༡༧ ལོའི་བོད་ཀྱི་རྩེད་ཕུད་རྐང་རྩེད་སྤོ་ལོའི་རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁ་དོན་གྲུབ་གླིང་རྐང་སྤོལ་རུ་ཁག་ལ་ཐོབ་ཡོད་པ་རེད།
སྐབས་དེར་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གིས་བུམ་པ་དང་ཧིན་སྒོར་འབུམ་གཉིས་ཐམ་པ་ཨང་རིམ་དང་པོ་སོན་མཁན་དོན་གྲུབ་གླིང་རུ་ཁག་ལ་གནང་པ་དང་། ཨང་གཉིས་པ་སོན་མཁན་གྱི་རུ་ཁག་ལ་ཧིན་སྒོར་འབུམ་གཅིག་བཅས་བྱ་དགའ་བཅས་གནང་ཡོད།
རྩ་བའི་ཐེངས་འདིའི་དུས་འཁོར་དབང་ཆེན་སྐབས་སུ་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་བོད་རྩེད་ཕུད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་བོད་ཀྱི་ན་གཞོན་མཉམ་འདེགས་ཚོགས་པས་གོ་སྒྲིག་ཞུས་པ་ཞིག་ཡིན་ཞིང་།  ཁ་སང་རྩེད་འགྲན་མཐའ་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག དེ་བཞིན་མང་ཚོགས་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་ཡོད་པ་རེད།

བོད་ཀྱི་རྩེད་ཕུད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེའི་ནང་རྒྱ་གར་དང་བལ་ཡུལ་ཁུལ་ནས་བོད་མིའི་རྐང་རྩེད་སྤོ་ལོའི་རུ་ཁག་ཁྱོན་བརྒྱད་ནས་མཉམ་ཞུགས་གནང་འདུག་པ་དང། རུ་ཁག་དེ་དག་ནི་བལ་ཡུལ་འཇོ་ལཱ་ཁེལ་རྐང་སྤོལ་རུ་ཁག་དང་ Clement town དོན་གྲུབ་གླིང་རུ་ཁག བལ་ཡུལ་ Kathmandu རུ་ཁག སྦེལ་ཀོབ་བདེ་སླར་རུ་ཁག ཁ་བ་དཀར་པོ་ Kerala རུ་ཁག South United  མོན་གྷོ་གཏན་ཉིན་སློབ་གྲྭའི་རུ་ཁག དེ་བཞིན་ཝ་ཎ་སློབ་ཕྲུག་རུ་ཁག་བཅས་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།