Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་དགེ་འདུན་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་གཏན་ཁེལ་བ།

Tibetan News Headlines

  • Dalai Lama honored with PV Narasimha Rao Memorial Award
  • Xi Jinping appoints senior diplomat Xu Feihong as China’s new envoy to India
  • US revokes licences for supply of chips to China’s Huawei
  • China’s Xi Arrives in Serbia to Bolster Ties With Europe’s East
  • Kyirong Jowo welcomed into the Main Temple in Dharamshala for public viewing and worship

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༨

  • ༸གོང་ས་མཆོག་ལ་ Narasimha Rao རྗེས་དྲན་གྱི་ཞེ་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ།
  • Xu Feihong རྒྱ་གར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་གསར་པར་བསྐོ་གཞག
  • ཨ་རིས་རྒྱ་ནག་ཧྭའོ་ཝེ་བཟོ་ལས་ཁང་ལ་ཁ་པར་བཟོ་སྐྲུན་སོགས་ཀྱི་ནང་བཀོལ་སྤྱོད་བྱེད་པའི་ Chip མཁོ་སྤྲོད་ཀྱི་ཆོག་མཆན་ཕྱིར་
  • ཞི་ཅིན་ཕིང་གི་ཡོ་རོབ་སྐོར་བསྐྱོད་ཁྲོད་རྒྱ་ནག་དང་མཐུན་ཕྱོགས་རྒྱལ་ཁབ་ Serbia ནང་དུ་འབྱོར་བ།
  • སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་རྟེན་ངོ་སྤྲོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཟླ་བ་རྗེས་མར་རྒྱ་གར་བི་ཧཱར་མངའ་སྡེ་ནང་རྟེན་གཞི་བྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བཀྲིན་མཛད་དེ་རྒྱལ་སྤྱིའི་དགེ་འདུན་པའི་ལྷན་ཚོགས་ཐོག་དབུ་བཞུགས་མཛད་རྒྱུའི་མཛད་འཕྲིན་ཐུགས་གཏན་ཁེལ་འདུག

དེའང་། ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༢ ཀྱི་ཟླ་དཀྱིལ་ཙམ་ལ་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བཀའ་དྲིན་མཛད་རྒྱུ་དང་། རྡོར་གདན་ཁུལ་གྱི་མཛད་འཆར་ཆེས་ཐོག་མ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤ་ཡའི་འབྲེལ་མཐུད་པའི་སྡེ་ཚན་དང་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ IBC སིངྒ་པུར་དང་མ་ལེ་ཤ་ཡའི་ནང་པའི་ལྟེ་གནས་གསུམ་གཙོས་རྡོ་གདན་གྱི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ IBC  དེ་བཞིན་རྒྱལ་ཁ་སུམ་ཅུའི་དགེ་འདུན་པའི་ཚོགས་པ་སོགས་ཐུན་མོང་གི་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་དགེ་འདུན་པའི་ལྷན་ཚོགས་དེ་བཞིན་ཕྱི་ཟླ་ ༡༢ ཚེས་ ༢༠ ནས་ཚེས་ ༢༢ བར་འཚོགས་གཏན་ཁེལ་དོན་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་དང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་རྒྱ་གར་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་དབུ་བཞུགས་མཛད་གཏན་ཁེལ་འདུག

གསར་འགོད་པར་ཞལ་པར་བརྒྱུད་ནས་ལྷན་ཚོགས་དེ་གོ་སྒྲིག་གི་གཙོ་འགན་བཞེས་མཁན་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤ་ཡའི་འབྲེལ་མཐུད་པ་སྦྱིན་པ་རྒྱ་མཚོ་ལགས་སུ་ལས་གཞི་དེའི་དགོས་དམིགས་དང་འབྲེལ་བཀའ་འདྲི་འགའ་ཞུས་པར་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་འཆར་སྤེལ་གནད་ཡིན་པར་ལམ་སྟོན་ཡང་ཡང་ཕེབས་དོན་བཞིན་ལས་འཆར་དེ་རྒྱ་བསྐྱེད་གནང་བའི་ཐོག་ནས་ལྷན་ཚོགས་དེ་གོ་སྒྲིག་གནང་བ་ཞིག་ཡིན་པར་ངོ་སྤྲོད་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་ཉིན་གྲངས་བཞིའི་རིང་རྒྱལ་སྤྱིའི་དགེ་འདུན་པའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་དང་ཉིན་མཐའ་མ་སྟེ་ཚེས་ ༢༣ ཉིན་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་ཡོད་པ་གསུངས་སོང་།

རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡༢ ཚེས་ ༢༩ དང་ ༣༠ བཅས་ཉིན་གཉིས་ཀྱི་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བར་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། ཚེས་ ༣༡ ཉིན་གྱི་སྔ་དྲོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུ། དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་བ་ ༡ ཚེས་ ༡ སྟེ་ཕྱི་ལོ་གསར་བཞད་དང་བསྟུན་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་གཉེར་བ་ལས་ཟུར་གཙོས་བོད་མིའི་ཚོགས་སྡེ་ཁག་གཅིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད། གོང་གསལ་༸སྐུ་པར་དེ་དག་༸སྐུ་པར་རྙིང་པ་ཡིན།

འབྲེལ་ཡོད་གསར་གནས།

གསར་གནས།