Tibetan Royal Year of 2151 | Year of the Wood Dragon

གནས་མཆོག་རྡོ་རྗེ་གདན་དུ་མང་ཚོགས་གང་མང་ཕེབས་རྒྱུའི་ཐུགས་རེ་མཛད་ཀྱི་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཁ་སང་ཕྱི་ཟླ་ ༡༡ གི་ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་སྐབས་མགོན་པོ་༸གང་ཉིད་མཆོག་གིས་རིང་མིན་ཕྱི་ཟླ་ ༡༢ ནང་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་མཛད་སྐབས་ཕྱི་ནང་གི་དད་ལྡན་མང་ཚོགས་གང་མང་ཕེབས་ཐུབ་རྒྱུའི་ཐུགས་རེ་མཛད་ཀྱི་ཡོད་སྐོར་བཀའ་སྩལ་ཡོད་པ་གསུངས་འདུག

File photo of Sikyong Penpa Tsering’s private audience with His Holiness the Dalai Lama (2022) Photo: OHHDL.

བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་ཚན་པས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཁ་སང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་ཡོད་སྐོར་གསར་གནས་སྤེལ་གསལ། ཁ་སང་ཕྱི་ཚེས་ ༡༣ ཉིན་སྲིད་སྐྱོང་མཆོག་ནས་༸རྒྱལ་བའི་གཟིམ་ཆུང་མཇལ་ཁ་སྐབས་མགོན་པོ་༸གང་ཉིད་མཆོག་ལ་ཕྱི་ཟླ་ ༡༠ ཚེས་ ༡ ནས་ ༢༤ བར་ལྷོ་བྱང་ཨ་རིའི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་གཞུང་གི་གནད་ཡོད་མི་སྣ་དང་། གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་བ། ས་གནས་བོད་མི་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་དང་དྲིལ་བསྒྲགས་ཇི་གནང་སྐོར་སྙན་སེང་ཞུས་པ་དང་། དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༨ ནས་ ༡༠ བར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་འཚོགས་པའི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་བཀའ་མོལ་དང་གྲོས་དོན་སྐོར་སྙན་སེང་ཞུས་ཡོད་ཅེས་གསུངས་འདུག

Sikyong-Penpa-Tsering , Photo CTA

མཇལ་ཁའི་སྐབས་མགོན་པོ་༸གང་ཉིད་མཆོག་གིས་སྲིད་སྐྱོང་མཆོག་ལ་རྒྱ་ནག་གཞུང་ལ་བོད་རང་བཙན་རྩོད་ཀྱི་མེད་པར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ལ་འབད་རྩོལ་མཛད་ཀྱི་ཡོད་སྐོར་བཀའ་སྩལ་བ་དང་། བོད་ཀྱི་ཆོས་རིག་སྤྱི་དང་སྒོས་བོད་ཀྱི་སྐད་ཡིག་གི་གལ་གནད། དེ་དག་མི་ཉམས་རྒྱུན་འཛིན་གནང་གལ་ཡིན་པ་སོགས་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་པ་དང་ཆབས་ཅིག རིང་མིན་ཕྱི་ཟླ་ ༡༢ ནང་མགོན་པོ་༸གང་ཉིད་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་སྐབས་རྒྱ་གར་ནང་གང་ཟག་སུ་འདྲ་ཞིག་ཡིན་ཀྱང་ཕེབས་ཆོག་གི་ཡོད་སྟབས། སྐབས་དེ་དུས་ཕྱི་ནང་གི་དད་ལྡན་མང་ཚོགས་གང་མང་ཕེབས་ཐུབ་རྒྱུའི་ཐུགས་རེ་མཛད་ཀྱི་ཡོད་སྐོར་བཀའ་སྩལ་ཞེས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།