Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་སྐུ་ཞབས་ Erdogan མཆོག་ Turkey རྒྱལ་ཁབ་ཀྱི་སྲིད་འཛིན་འོས་བསྡུར་སླར་ཡང་རྒྱལ་ཁ་ཐོབ་པར་འཚམས་འདྲི་སྩལ་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་སྐུ་ཞབས་ Recep Tayyip Erdoğan མཆོག་ Turkey རྒྱལ་ཁབ་ཀྱི་སྲིད་འཛིན་འོས་ཤོག་སླར་ཡང་རྒྱལ་ཁ་ཐོབ་པར་དགའ་བསུའི་འཚམས་འཕྲིན་སྩལ་འདུག

དེ་རིང་ཕྱི་ཚེས་ ༢༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Recep Tayyip Erdoğan མཆོག་ལ་སྩལ་བའི་འཚམས་འཕྲིན་དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་ཁོང་ལ་ད་ལྟའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ཏུར་ཀིའི་རྒྱལ་ཁབ་འདི་ཉིད་མུ་མཐུད་ཡར་རྒྱལ་གོང་འཕེལ་དང་ཕན་ཚུན་ལྟོས་གྲུབ་ཆེ་བའི་འཛམ་གླིང་འདིར་ཞི་བདེ་དང་བརྟན་ལྷིང་ཆེད་ཞབས་འདེགས་རླབས་ཆེན་གྲུབ་ཐུབ་པའི་ཐུགས་རེ་མཛད་ཀྱི་ཡོད་ཅེས་བཀའ་སྩལ་དང་ཆབས་ཅིག ཁུལ་དེའི་མི་མང་དང་ལྷག་པར་དུ་ཉམ་ཐག་རྣམས་ཀྱི་རེ་འདུན་འགེགས་མེད་དུ་གྲུབ་ཐུབ་པའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།