Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་རྡོ་རྗེ་གདན་ནས་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་གནང་མཛད་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཕགས་ཡུལ་ནང་པའི་གནས་མཆོག་རྡོ་རྗེ་གདན་གྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ། དེ་རིང་ཕྱི་ཚེས་ ༡༩ ཉིན་རྒྱབ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་། སྐབས་དེར་རྒྱལ་ས་ལྡི་ལིའི་གནམ་ཐང་དུ་ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཚབ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་དང་སྐུ་འཁོར་རྣམ་པར་སྣེ་ལེན་ཞུས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན་༸གོང་ས་༸སྐྱབས་མགོན་ཆེན་མཆོག་རྒྱལ་ས་ལྡི་ལིར་དེ་རིང་ཕྱི་ཚེས་ ༡༩ ནས་ཉིན་གྲངས་གསུམ་རིང་༸སྐུ་བཞུགས་མཛད་ཀྱི་ཡོད་པ་དང་། ༸སྐུ་བཞུགས་མཛད་རིང་མི་མང་དང་ཐད་ཀར་འབྲེལ་བ་ཡོད་པའི་དམིགས་བསལ་གྱི་མཛད་ཆར་གང་ཡང་མེད་པར་ཕྱི་ཚེས་ ༢༢ ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་གནང་མཛད་ཀྱི་ཡོད་པ་རེད།

གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་སྔོན་མ་སྟེ། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ནང་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེ་དང་།   ནུབ་བྷང་གྷལ་མངའ་སྡེའི་ས་ལུ་ག་ར་བཅས་ཀྱི་མཛད་ཆར་བསྐྱངས་ཏེ་ཟླ་བ་དེའི་ཕྱི་ཚེས་ ༡༥ ཉིན་གནས་མཆོག་རྡོ་རྗེ་གདན་དུ་མཛད་དེ་ཕྱི་ཟླ་ ༡༢ གྱི་ཚེས་ ༢༠ ཉིན་མགོན་པོ་༸གང་ཉིད་མཆོག་གིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལེགས་སྦྱར་དང་པཱ་ལི་ཆོས་བརྒྱུད་དབར་དུས་མཐུན་གྱི་འབྲེལ་ཟམ།   དེང་གི་འཛམ་གླིང་དུ་ནང་ཆོས་ཀྱི་བགྲོ་གླེང་ཞེས་པའི་ཚོགས་འདུ་དབུ་འབྱེད་མཛད་པ་དང་སྦྲགས། ལམ་སྟོན་བཀའ་སློབ་བཀྲིན་སྩལ་ཡོད་པ་མ་ཟད།   དེ་ཚེས་ ༢༣ ཉིན་གྱི་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་མོའི་མཆོད་རྟེན་རིན་པོ་ཆེའི་རྟེན་གཙོ་ཐུབ་དབང་སྐུ་མདུན་དུ་༸གོང་ས་ཆེན་པོ་མཆོག་དབུ་བཞུགས་ཀྱི་ཐོག་རྒྱལ་སྤྱིའི་ནང་པའི་གླེང་སྟེགས་ཀྱི་ཚོགས་ཞུགས་པ་ཡོངས་ནས་འཛམ་གླིང་ཞི་བདེའི་ཐུགས་སྨོན་སོགས་ཀྱང་སྩལ་གནང་མཛད་ཡོད་པ་རེད།

ཟླ་བ་གཅིག་ལྷག་གནས་མཆོག་རྡོ་གདན་དུ་༸སྐུ་བཞུགས་མཛད་ཡུན་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་དུང་བོད་མི་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་དད་ལྡན་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་དད་ལྡན་ཁྲི་ཚོ་མང་པོར་ཕྱི་ཟླ་ ༡༢ ཚེས་ ༢༩ ནས་ ༣༡ བར་ཆོས་དབྱིངས་བསྟོད་པའི་བཀའ་ཆོས་དང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཀྲིན་སྩལ་ཡོད་པ་མ་ཟད། ཕྱི་ལོ  ༢༠༢༤ ཟླ་ ༡ ཚེས་ ༡ ཉིན་ཕྱི་ལུགས་ལྟར་གནམ་ལོ་གསར་བཞད་དང་བསྟུན། བོད་མིའི་ཚོགས་སྡེ་ཁག་གསུམ་གྱིས་མགོན་པ་༸གང་ཉིད་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

མ་ཟད་བོད་མིའི་ཆོས་བརྒྱུད་ཁག་གི་བླ་ཆེན་ཁག་གཅིག་དང་།   སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Nitish Kumar མཆོག དེ་བཞིན་སྤྱི་ཁྱབ་བློན་ཆེན་གཞོན་པ་  Tejaswi Yadav བཅས་ནས་ཀྱང་མཇལ་ཁ་ཞུས་ཡོད་པ་རེད།

ཁ་སང་ཕྱི་ཚེས་ ༡༨ ཉིན་མགོན་པོ་༸གང་ཉིད་མཆོག་གནས་མཆོག་རྡོར་རྗེ་གདན་ཁུལ་གྱི་མཛད་འཆར་ཉིན་མཐའ་མར་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་མཛད་པ་དང་འབྲེལ། སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་བླ་ཆེན་ཁག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱལ་སྤྱིའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་མཛད་དེ་ང་ཚོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སངས་རྒྱས་ཀྱི་རྗེས་འབྲང་རྣལ་མ་ཞིག་བྱ་དགོས་པ་སོགས་ཀྱི་བཀའ་སློབ་ལམ་སྟོན་སྩལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།