Tibetan Royal Year of 2151 | Year of the Wood Dragon

༸པཎ་ཆེན་རིན་པོ་ཆེ་གནད་དོན་དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ངོ་མ་མཚོན་གྱི་ཡོད། 

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༨ སོང་བའི་ཉིན་གྱི་གཅིག་སྔ་རོལ་དང་བསྟུན། ཇི་ནི་ཝ་ Press Club ཚོགས་ཁང་དུ་༸པཎ་རིན་༸སྐུ་ཕྲེང་བཅུ་གཅིག་པ་མཆོག་གང་དུ་ཡོད་དམ་ཞེས་པའི་གླེང་བརྗོད་འོག་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་སོང་བ་དང་འབྲེལ་༸པཎ་ཆེན་རིན་པོ་ཆེ་གནད་དོན་དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ངོ་མ་ཇི་ལྟར་ཡོད་པ་མཚོན་གྱི་ཡོད་ཅེས་གསུངས་སོང་།

གསར་འགོད་ལྷན་ཚོགས་ཐོག་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་པོ་༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་དང་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་གཞུང་འབྲེལ་མིན་པའི་ཚོགས་པའི་ཚོགས་གཙོ་ Adrien Claude Zoller ལགས། དེ་བཞིན་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་གཞུང་འབྲེལ་མིན་པ་ཚོགས་པའི་སྐུ་ཚབ་སོགས་ལྷན་འཛོམས་གནང་འདུག་ཅིང། གཏམ་བཤད་གནང་མཁན་རྣམ་པས་༸པཎ་ཆེན་རིན་པོ་མཆོག་གི་གནད་དོན་གྱི་གལ་གནད་རང་བཞིན་དང་ད་བར་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རིན་པོ་ཆེའི་གནད་དོན་ངོས་འཛིན་དང་རྒྱ་གཞུང་ལ་འདྲི་རྩད་རིམ་པ་གནང་ཡོད་སྐོར་གསུངས་པ་དང་སྦྲགས། ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་གཞུང་འབྲེལ་མིན་པ་ཚོགས་པའི་ཚོགས་གཙོ་ Adrien Claude Zoller ལགས་ཀྱིས་༸པཎ་ཆེན་རིན་པོ་ཆེ་མཆོོག་གི་གནད་དོན་དེ་རྒྱལ་སྤྱིའི་ཁྲོད་ཞུ་གཏུག་གནང་སྐབས་སུ་རྒྱ་ཆེ་ས་ནས་ཆོས་དད་རང་དབང་གི་གནད་དོན་གཙོ་བོར་ངོས་འཛིན་གནང་ཚེ་དགེ་མཚན་དང་ནུས་པ་ཆེ་བ་ཡོད་ཅེས་གསུངས་ཡོད།

བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་པོ་༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་གསར་འགོད་ལྷན་ཚོགས་བརྒྱུད་ནས་རྒྱལ་སྤྱིའི་གཞུང་འབྲེལ་ཚོགས་སྡེ་ཁག་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མགྱོགས་གློད་བཀྲོལ་དགོས་པ་དང་བོད་བརྒྱུད་ནང་བསྟན་གྱི་ཕྱག་སྲོལ་བཞིན་རིན་པོ་ཆེ་མཆོག་ནང་དོན་རིག་པར་སློབ་གཉེར་མཛད་རྒྱུ་གོ་སྐབས་ཡོང་ཆེད་མུ་མཐུད་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་ཞེས་འབོད་སྐུལ་བསྐྱར་ནན་གནང་བ་དང་འབྲེལ་ཏེ་རིན་པོ་ཆེ་༸གང་ཉིད་མཆོག་ལ་དད་གུས་ཡོད་པའི་དད་ལྡན་རྗེས་འབྲང་པ་ཚོས་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་ཕྱིར་རིན་པོ་ཆེའི་༸སྐུ་ཚེའི་མཛད་འཕྲིན་དང་འབྲེལ་བའི་གོ་རྟོགས་ཀྱི་ལས་འགུལ་རྒྱ་གང་ཆེར་སྤེལ་གལ་ཡིན་པ་སོགས་ཀྱི་གཞེན་སྐུལ་གནང་འདུག ལྷག་པར་དུ་རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ངོ་མ་ཇི་ལྟར་ཡོད་པ་མཚོན་གྱི་ཡོད་ཅེས་གསུངས་སོང་།

༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་༸པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་བའི་ཆེད་དུ་བྱང་ཨ་རི་དང་ཡོ་རོབ་ཁུལ་དུ་ཟླ་བ་གཅིག་རིང་གཞུང་འབྲེལ་གྱི་ཚོགས་སྡེ་ཁག་ལ་ཞུ་གཏུག་སྐོར་སྐྱོད་ལས་རིམ་གནང་བ་དེ་སུད་སི་ནང་རེ་ཞིག་མཇུག་སྒྲིལ་དང་འབྲེལ་ནས་གསར་འགོད་ལྷན་ཚོགས་གནང་བ་ཞིག་ཡིན་པ་རེད།

སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གི་མཐུན་འགྱུར་འོག་གསར་འགོད་ལྷན་ཚོགས་དེ་ཚོགས་ཡོད་པ་དང་། སུད་སི་དང་ལིག་ཏིག་སིཊཡན་བོད་རིགས་མི་མང་ཁྱབ་ཁོངས་ཇི་ནི་ཝ་བོད་རིགས་ཚོགས་ཆུང་ནས་གོ་སྒྲིག་གནང་བ་ཞིག་ཆགས་ཀྱི་འདུག   དེ་རིང་ཕྱི་ཚེས་ ༡༧ སྟེ་རྒྱ་ནག་གཞུང་གིས་༸པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༢༨ ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན། སུད་སི་དང་ལིག་ཏིག་སིཊཡན་བོད་རིགས་མི་མང་ཁྱབ་ཁོངས་ཇི་ནི་ཝ་བོད་རིགས་ཚོགས་ཆུང་ནས་ཇི་ནི་ཝའི་རྒྱལ་ཚོགས་མདུན་ཐང་དུ་ཞི་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།