Tibetan Royal Year of 2151 | Year of the Wood Dragon

ང་བོད་ཡིན་ཞེས་པའི་བོད་ཀྱི་དུས་སྟོན་ཚོགས་པ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

དེའང་ཟླ་བ་འདིའི་ཚེས་ ༡༤ དང་ ༡༥ བཅས་ཉིན་གྲངས་ཉིན་གི་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་གར་རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་གི་བོད་ཁྱིམ་སློབ་གྲྭར་ང་བོདང་བོད་ཡིན་ཞེས་པའི་བོད་ཀྱི་དུས་སྟོན་ཚོགས་པ།་ཡིན་ཞེས་པའི་དུས་སྟོན་ཞིག་ཚོགས་གནང་ཡོད་པ་རེད།
དུས་སྟོན་དེའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་བོད་ནང་གི་བོད་མིའི་བོད་དོན་འཐབ་རྩོད་ཐོག་ཞུམ་པ་མེད་པའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་ཆབས་ཅིག བཙན་བྱོལ་ནང་བོད་ཡིན་ཞེས་པའི་བོད་ཀྱི་དུས་སྟོན་ཚོགས་པ།ང་གི་བོད་མི་ཚོས་ཀྱང་རང་རྒྱལ་ཁབ་དང་མི་རིགས་ཀྱི་རིག་གཞུང་བཅས་པ་རང་གི་སྲོག་རྩ་ལྟ་བུར་ངོས་འཛིན་ཡོང་ཐབས་དང་། དོ་དབྱིངས། ལྷག་པར་དུ་བོད་ཀྱི་ཆབ་སྲིད་སོགས་ཀྱི་གནད་དོན་ཁག་ལ་རྒྱུས་མངའ་དང་ཤེས་རྟོགས་གོང་མཐོར་གཏོང་ཐབས་བཅས་ལ་ཆེད་དམིགས་གནང་པ་ཞིག་ཡིན་པ་རེད།
དུས་སྟོན་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱིས་དབུས་པའི་ལྡི་ལི་དོན་གཅོད་ཀྱི་དྲུང་ཆེ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཕེབས་འདུག
སྐབས་དེར་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བོད་ཀྱི་རྩ་དོན་ཆེད་དུ་ལས་འགུལ་དེ་ལྟར་སྤེལ་བར་ཡི་རངས་བསྔགས་བརྗོད་གནང་པ་དང། དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ད་དུང་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Rajiv Vohra མཆོག་ནས་ཀྱང་བོད་དོན་འཐབ་རྩོད་དང་འབྲེལ་བའི་གསུང་བཤད་གནང ་པ་མ་ཟད། དེ་རྗེས་རྒྱ་གར་གྱི་མཁས་དབང་ཁག་ཅིག་གི་དབར་བོད་དོན་དང་འབྲེལ་བའི་བགྲོ་གླེང་གི་ལྷན་ཚོགས་ཤིག་ཀྱང་གནང་ཡོད་པ་རེད།
ང་བོད་ཡིན་ཞེས་པའི་དུས་སྟོན་དེའི་ཐོག་རྒྱ་གར་ནང་ཡོད་པའི་བྷ་རོ་ཊ་དང་། ཅན་དི་གྷར། ཝཱ་རཱ་ཎ་སཱི། ལྡི་ལི་བཅས་ཀྱི་མཐོ་རིམ་སློབ་གྲྭ་བཞིའི་བོད་རིགས་སློབ་མ་ཚོས་བོད་ཀྱི་ཐུན་མིན་ཟས་རིགས་འགྲེམས་སྟོན་དང་རྐང་བྲོ་གླུ་གཞས་སོགས་འཁྲབ་སྟོན་གནང་ཡོད།
གཞཡན་ཡང་དུས་སྟོན་དེའི་ཆ་ཤས་སུ་འདྲ་དཔར་དང་བོད་སྨན་གྱི་དཔེ་དེབ་སོགས་འགྲེམས་སྟོན་གནང་པ་མ་ཟད་ལྷག་པར་རྒྱ་གར་བྱང་ཕྱོགས་ཀ་སྦུག་གངས་ལྗོངས་ཟློས་གར་ཚོགས་པ་དང་། གཞས་པ་གྲགས་ཅན་ཚེ་རིང་འགྱུར་མེད་ལགས། མ་རི་ཀོ་བཅས་ནས་ཀྱང་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།