Tibetan Royal Year of 2151 | Year of the Wood Dragon

ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཐོན་པའི་བོད་མི་ཞེ་གཅིག

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་རེས་གཟའ་ཕུར་བུ་ཆར་ཅན་གོ་སྒྲིག་གནང་བཞིན་པ་ལྟར། དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་གཟའ་འཁོར་འདིའི་ནང་ལ་དྭགས་གཙོས་པའི་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་ཁྱོན་ ༤༡ ལ་ Covid-19 གཉན་རིམས་ཕོག་ཡོད་པར་འགྲེལ་བརྗོད་དང་འབྲེལ། བོད་མི་རྣམས་ནས་ད་ལྟའི་ཆར་སྔོན་འགོག་ཐབས་ལམ་ལ་མུ་མཐུད་འབད་དགོས་པ་དང་འགྲུལ་བཞུད་རིགས་གནང་རྒྱུ་མེད་པའི་འབོད་སྐུལ་གནང་སོང་།

གསར་འགོད་གསལ་བསྒྲགས་ཐོག་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་གཟའ་འཁོར་འདིའི་ནང་བོད་མི་ ༤༡ ལ་གཉན་རིམས་ཕོག་ཡོད་པའི་ཁོངས་སུ་ལ་དྭགས་ནས་ ༣༢ དང་། མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་ ༤ ལྡི་ལི་ནས་ ༣ དེ་བཞིན་སྦེལ་ཀོབ་ནས་ ༢ བཅས་བྱུང་ཡོད་པ་དང་། ལ་དྭགས་ནས་ཐོན་པའི་མི་ ༣༢ ཁོངས་ནས་སྐྱེས་པ་ ༡༩ དང་བེུད་ ༡༣ དེའང་རང་ལོ་ ༡༠ ནས་ ༩༨ བར་ཆགས་ཡོད་པར་གསུངས་ཡོད།

སྤྱིར་ལ་དྭགས་ནང་ནད་རྟགས་ཐོན་པའི་བོད་མི་དེ་དག་གཙོ་བོ་ལ་དྭགས་བོད་ཁྱིམ་རྒས་གསོ་ཁང་ནས་ཡིན་པ་དང་དེའི་ཁོངས་ནས་རང་ལོ་ ༨༤ ཡིན་པ་ཞིག་ད་ཆར་གནས་སྟངས་ཛ་དྲག་འོག་སྨན་བཅོས་གནང་བཞིན་པ་མ་གཏོགས་དེ་མིན་གཞན་རྣམས་གནས་སྟངས་ཞན་པོ་མེད་པར་འགྲེལ་བརྗོད་གནང་བ་དེ་ལྟར་ཡང་། སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་བསྟན་འཛིན་བརྩོན་འགྲུས་ལགས་རྣམ་གཉིས་ཀྱིས་མང་ཚོགས་ཀྱིས་ཡིད་གཟབ་གནང་གལ་ཆེ་བ་དང་། སྔོན་འགོག་ཐབས་ལམ་མུ་མཐུད་འབད་གནད་ཡིན་པ་མ་ཟད། རབ་བྱུང་ན་འགྲུལ་བཞུད་རིགས་གནང་རྒྱུ་མེད་པ་དང་ཕྱི་ཕྱོགས་ནས་ཕེབས་ན་ངེས་པར་དུ་ཟུར་བཀག་ཐོག་བཞུགས་དགོས་པའི་འབོད་སྐུལ་བསྐྱར་ནན་གནང་སོང་།

རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་ནད་རྟགས་ཐོན་མཁན་མང་དུ་འགྲོ་བཞིན་པ་དང་ལྷག་པར་དུ་ལ་དྭགས་ནང་ཛ་དྲག་གནས་སྟངས་ཁྲོད་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་མཆོག་གིས་དྲྭ་ཐོག་བརྒྱུད་ཁུལ་དེའི་འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་ཚོ་དང་ལྷན་བཀའ་བསྡུར་ཞིབ་རྒྱས་གནང་བ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཐུན་འགྱུར་གང་ཐུབ་གནང་རྒྱུ་ཡིན་པར་འགྲེལ་བརྗོད་གནང་འདུག

གསར་འགོད་ལྷན་ཚོགས་ཐོག་གཞན་ཡང་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ད་བར་བལ་ཡུལ་ནང་གནས་སྡོད་བཙན་བྱོལ་བོད་མིའི་ཁྲོད་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ཞབས་ཞུ་བསྒྲུབས་ཡོད་ཁག་ཞིབ་རྒྱས་འགྲེལ་བརྗོད་དང་འབྲེལ། ད་བར་བལ་ཡུལ་ནང་བོད་མི་གཅིག་ལ་མ་གཏོགས་ནད་གཞི་དེ་ཕོག་མེད་པ་དང་། དེ་ཡང་དྲག་སྐྱེད་བྱུང་བར་བརྟེན་ད་ཆར་ཁུལ་དེའི་ནང་ནད་གཞི་དེ་ཕོག་པའི་བོད་མི་གཅིག་ཀྱང་མེད་པར་གསུངས་སོང་།

གཞི་རྩའི་ད་ཆར་འཛམ་གླིང་ཁྲོད་ད་བར་མི་ས་ཡ་ ༢༣ ལྷག་ལ་ནད་གཞི་དེ་ཕོག་པ་དང་། དེའི་ཁོངས་ནས་འབུམ་བརྒྱད་ལྷག་འདས་གྲོངས་གྱུར་ཡོད་པ་རེད། རྒྱ་གར་ནང་དུ་ནད་གཞི་དེ་ཕོག་མཁན་མི་འབུམ་བདུན་ལྷག་ཙམ་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

Sunday 05/05/2024

Friday 03/05/2024

གསར་གནས།