Tibetan Royal Year of 2151 | Year of the Wood Dragon

ཝུ་ཡིང་ཅེས་༸གོང་ས་མཆོག་ལ་གདོང་ལེན་ནན་པོ་བྱེད་དགོས་པའི་སྐུལ་མ་སྤེལ་འདུག

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ Wu Yingjie ཡིས་ཁུལ་དེའི་དམར་ཤོག་དཔོན་རིགས་ཚོས་ཆེས་དབང་སྒྱུར་དཀའ་བའི་ཁ་བྲལ་ལ་འཐབ་འཛིང་གི་ལས་དོན་ལས་རྣམ་པར་རྒྱལ་དགོས་པ་དང་། ཏཱ་ལའི་བླ་མ་དང་ཏཱ་ལའི་རུ་ཚོགས་ཀྱི་ངོ་གདོང་དམར་རྗེན་དུ་ཆེད་འདོན་གྱིས་མངོན་གསལ་དོད་པོས་གཏིང་ཚུགས་པའི་སྒོ་ནས་སྐྱོན་བརྗོད་དང་གདོང་ལེན་ནན་པོ་བྱེད་དགོས་ཞེས་བརྗོད་འདུག

ཁ་སང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྲི་སི་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ཚེ་ Wu Yingjie ཡིས་གཏམ་བཤད་འདི་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ཚོགས་འདུ་ཞིག་གི་ཐོག་སྤེལ་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་ཚོགས་འདུ་ཚོགས་ཡུལ་དང་ཚོགས་དུས་སོགས་མངོན་གསལ་བྱས་མེད་པ་རེད་འདུག

Wu Yingjie ཡིས་སྐབས་དེར་དམར་ཤོག་དཔོན་རིགས་རྣམས་ཀྱིས་དོ་གལ་ནན་ཏན་གྱིས་གྲངས་ཉུང་མི་རིགས་ལ་རྒྱ་ནག་གི་ལྟ་སྤྱོད་དང་མཐུན་པའི་འཁྱོག་བཤད་དྲིལ་བསྒྲགས་ཀྱི་སློབ་གསོ་སྤྲད་ནས་ཏང་གི་བཀའ་དྲིན་ལ་བསམ་ཤེས་ཐོག་ནས་ཐུགས་རྗེ་ཆེ་ཞུ་དགོས་པ་དང་ཏང་གིས་གང་གསུང་པ་དག་ཉན་དགོས་པ། དེ་བཞིན་ཏང་གི་བསམ་སྤྱོད་དང་མཐུན་པར་རྗེས་སུ་འབྲང་བཅུག་དགོས་པའི་གཏམ་བཤད་སྤེལ་འདུག

ཁོ་པས་ད་དུང་བོད་མི་རྣམས་ནས་༸གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་པ་ངོས་ལེན་ལྟ་བུར་བྱས་ཏེ་ང་ཚོས་ངེས་པར་དུ་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་བཞག་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོབ་སླད་ཆིག་སྒྲིལ་གྱི་ནུས་ཤུགས་ཆེ་རུ་གཏོང་དགོས་ཞེས་སྐུལ་མ་སྤེལ་འདུག

ཕྱོགས་མཚུངས་བོད་ནང་གི་དགོན་ཁག་གི་དགེ་འདུན་པ་ཚོའི་ངོས་ནས་༸གོང་ས་མཆོག་ལ་དད་དམ་གཡོ་བ་མེད་པ་ཡོད་པ་དེ་རྩ་མེད་བཟོ་དགོས་པ་དང་། དམར་ཤོག་ཚོགས་པའི་ངོས་ནས་ཀྱང་དགོན་སྡེ་ཁག་ལ་སྟངས་འཛིན་ནན་པོ་བྱེད་དགོས་པའི་བཀོད་པ་བཏང་བ་མ་ཟད། བོད་པའི་གྲྭ་བཙུན་རྣམ་པའི་ཐོག་ཁྲིམས་སྒྲིག་མཁྲེགས་པོ་འཛིན་སྟེ་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་དེ་བཞིན་རྒྱ་ནག་དམར་ཤོག་གི་ཁྱད་ཆོས་ལྡན་པ་ཞིག་བཟོ་དགོས་པར་བསྐྱར་ནན་བྱས་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོས་ནས་རྒྱ་ནག་གཞུང་གིས་བོད་མིའི་ཁྲོད་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་བ་དང་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ཇི་ཙམ་སྤེལ་མིན་ལ་མ་བལྟོས་པར་བྱེས་ཀྱི་བོད་མི་རྣམས་ཀྱི་༸གོང་ས་མཆོག་ལ་དད་གུས་གཡོ་བ་མེད་པ་ཡོད་པ་དེ་འགྱུར་མེད་དུ་གནས་ཡོད་པ་དང་། ཝུ་ཡིང་ཅེས་སྤེལ་བའི་ཐེངས་འདིའི་གཏམ་བཤད་ལས་བོད་མི་རྣམས་ནས་རྒྱ་ནག་གི་དཔོན་རིགས་རྣམས་ལ་ཡིད་ཆེས་བློ་འགེལ་རྩ་བ་ནས་མེད་པ་དེར་འ་ཆད་འུ་ཐུག་གི་རྣམ་པ་གསལ་པོ་མཚོན་གྱི་ཡོད་པར་གསུངས་འདུག རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྲོད་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་རྒྱ་ནག་ལ་ལྡང་ཟུག་ཆེན་པོ་གནང་བཞིན་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་ཁྲིམས་ལུགས་དབང་སྒྱུར་ལ་བརྩི་མེད་དང་མང་ཚོགས་ཀྱི་གཞི་རྩའི་མང་གཙོའི་ཐོབ་ཐང་ལ་རྡོག་རོལ་བཏང་རྐྱེན་ད་སྐབས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་ལ་དཀའ་ངལ་ཇེ་ཆེར་འཕྲད་བཞིན་པའི་དུས་སྐབས་འདིར་ད་ལན་ Wu Yingjie ཡིས་གཏམ་བཤད་སྤེལ་བ་དེ་ནས་རྒྱ་ནག་གཞུང་ནས་བྱ་བ་བྱེད་བདེ་ཚགས་ཚུད་ཅིག་མེད་པའི་གནས་སུ་ལྷུང་བ་ཆེས་མངོན་གསལ་ཆགས་ཡོད་སྐོར་གསུངས་འདུག

གཞི་རྩའི་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་གི་གནད་ཡོད་དཔོན་རིགས་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་དེ་སྔའི་བཙན་བྱོལ་བོད་གཞུང་དང་ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་པའི་བྱེས་བཞུགས་བོད་མི་རྣམས་ལ་ཏཱ་ལའི་རུ་ཚོགས་དང་ཁ་བྲལ་བ་ཅེས་མཚན་སྨད་ཞུས་ཏེ་བོད་དོན་ལ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་རབ་དང་རིམ་པ་སྤེལ་བཞིན་ཡོད་པ་རེད། ཝུ་ཡིང་ཅེས་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོགས་ཚོགས་པའི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཐོག་༸གོང་ས་མཆོག་ལ་ཆེད་དམིགས་ཀྱིས་མཚན་སྨད་དེ་ལྟར་ཞུས་པ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བགྲེས་པོར་ཕེབས་པ་དང་བསྟུན་མགོན་པོ་༸གང་ཉིད་མཆོག་གིས་ངོས་ཀྱི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱ་རྒྱུའི་བདག་དབང་ངོས་ལ་མ་གཏོགས་གཞན་སུ་ལའང་མེད་པའི་བཀའ་གནང་བ་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་གསུངས་འདུག དེས་ན་བོད་མིའི་སྤྱི་ཚོགས་སྤྱི་དང་ལྷག་པར་དུ་ཨ་རིས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྒེར་མང་དག་ཅིག་ནས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པའི་གནས་སྟངས་ལ་སེམས་འཚབ་ཆེན་པོ་གནང་བ་དང་སྦྲགས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ལ་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་པ་སོགས་ཀྱི་གྲོས་ཆོས་གཏན་འབེབས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།