Tibetan Royal Year of 2151 | Year of the Wood Dragon

ཝང་ཡི་ལ་ཕྱིའི་དབུ་ཁྲིད་ཚོས་འདྲི་རྩད་དང་མི་མང་གི་ངོ་རྒོལ་སྐད་འབོད།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཉེ་ཆར་ཟླ་ ༨ ཚེས་ ༢༥ ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ཨི་ཊ་ལི་དང་ནི་ཐར་ལན་ཌི། ནོར་ཝེ། ཕ་རན་སི།  དེ་བཞིན་འཇར་མན་བཅས་ཡོ་རོབ་རྒྱལ་ཁབ་ལྔའི་ནང་གཞུང་འབྲེལ་སྐོར་སྐྱོད་བྱེད་བཞིན་ཡོད་པ་ལྟར། འདས་པའི་ཉིན་གྲངས་གསུམ་གྱི་རིང་ལ་ཁོ་པ་ཨི་ཊ་ལི་དང་ནི་ཐར་ལན་ཌི། ནོར་ཝེ་བཅས་སུ་འགྲོ་སྐབས་ཡུལ་དེ་དག་གི་ཕྱི་སྲིད་བློན་ཆེན་དབུས་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་འདྲི་རྩད་གནང་བ་མ་ཟད། ས་གནས་མི་མང་ཚོས་ཝང་ཡིའི་སྐོར་སྐྱོད་དེར་མི་འདོད་པའི་རྣམ་པ་ཆེད་འདོན་དང་ངོ་རྒོལ་སྐད་འབོད་སོགས་གནང་འདུག

ཁ་སང་ཕྱི་སྲིད་བློན་ཆེན་ Wang Yi ཡོ་རོབ་ནོར་ཝེ་རྒྱལ་ཁབ་ཏུ་མ་འགྲོ་བའི་གོང་དུ་ Netherlands ཡི་ཕྱི་སྲིད་བློན་ཆེན་ Stef Blok ལགས་དང་ལྷན་དུ་ཡུལ་གཉིས་ཀྱི་ཚོང་འབྲེལ་གཙོས་ཐུན་མོང་གི་གནད་དོན་ཁག་ཅིག་ཐོག་ནང་མོལ་གྲོས་བསྡུར་བྱས་ཡོད་པ་དང་། སྐབས་དེའི་གྲོས་བསྡུར་དང་འབྲེལ་ Netherlands གྱི་ཕྱི་སྲིད་བློན་ཆེན་ Stef Blok ལགས་ཀྱིས་ཁ་ཉིན་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་ནག་དང་ནི་ཐར་ལན་ཌི་དབར་གྱི་འབྲེལ་བ་འདི་ཕྱོགས་གཉིས་ཀར་གལ་འགངས་ཆེན་པོར་ངོས་འཛིན་ཞུ་བཞིན་ཡོད་ཀྱང་། ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་མི་མཐུན་པའི་གནད་དོན་དེ་དག་ཐོག་གྲོས་བསྡུར་གནང་རྒྱུ་གལ་ཆེར་གཟིགས་ཏེ་ད་ལན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ལ་རྒྱ་ནག་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་གཙོས་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་དམ་དྲག་བྱེད་བཞིན་པའི་སྐོར་ལ་འདྲི་རྩད་གནང་ཡོད་ཅེས་གསུངས་འདུག

ཕྱི་སྲིད་བློན་ཆེན་ Stef Blok ལགས་ཀྱིས་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེའི་མི་རིགས་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དང་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱས་ཏེ་ས་གནས་ཀྱི་གསར་འགོད་པ་དང་ལས་འགུལ་བ་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། ས་གནས་འོས་བསྡུའི་ལས་རིམ་ཁག་ཕྱིར་བཤོལ་བྱས་པ་སོགས་ཀྱི་བྱ་སྤྱོད་ཐད་སེམས་འཚབ་ཆེན་པོ་ཡོད་ཅེས་གསུངས་ཡོད།

སྐབས་དེའི་ནང་མོལ་ཁྲོད་ཡུལ་གཉིས་དབར་ཏོག་དབྱིབས་རིམས་ནད་དང་འབྲེལ་མཉམ་ལས་ཀྱི་ལས་དོན་གཉེར་ཕྱོགས་སོགས་ཀྱི་ཐད་གྲོས་བསྡུར་བྱས་ཡོད་པ་དང་། ཡུལ་དེའི་ནང་གི་ལས་རིམ་ཁག་གྲུབ་རྗེས་ཁ་སང་ Wang Yi ནོར་ཝེ་རྒྱལ་ས་ Oslo ནང་བསྐྱོད་ནས་ནོར་ཝེའི་སྲིད་བློན་ Erna Solberg ལགས་དང་ཕྱི་སྲིད་བློན་ཆེན་ Ine Eriksen Soreide ལགས་རྣམ་གཉིས་དང་ཐུག་འཕྲད་གནང་ཡོད་པ་རེད། སྐབས་དེར་ཁོང་རྣམ་པ་ཐུག་འཕྲད་གནང་ས་བློན་ཆེན་ལས་ཁུངས་ཀྱི་ཕྱི་ཕྱོགས་སུ་ཡུལ་དེའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་དང་བོད་མི་གཙོས་ས་གནས་མི་མང་བཅས་ཁྱོན་མང་ཚོགས་ ༡༥༠ ལྷག་འདུ་འཛོམས་ཀྱིས་ཝང་ཡི་ཡུལ་དེར་སྐོར་སྐྱོར་དུ་ཡོང་བར་མི་འདོད་པའི་རྣམ་འགྱུར་ཆེད་འདོན་དང་ངོ་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་འདུག   

སྐབས་དེའི་ངོ་རྒོལ་ལས་འགུལ་ནང་ཡོད་པའི་ནོར་ཝེའི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ Petter Eide ལགས་ནས་ང་ཚོ་ད་རེས་ Wang Yi ལ་ངོ་རྒོལ་ལས་འགུལ་སྤེལ་བ་དེ་ནི་ཁོ་པ་དང་ཆེས་མཐོའི་འགོ་ཁྲིད་དབར་གྱི་ཇ་སྟོན་དེར་དོ་ཕོག་གཏང་རྒྱུ་དང་། ལྷག་པར་དུ་ཝང་ཡི་ནོར་ཝེ་ནང་ངོ་གདོང་ལ་འཛུམ་མདངས་ངང་སྐྱོད་ཡོད་ཀྱང་། ཁོ་པ་ནི་གྲོགས་པོ་བྱེད་རུང་བ་ཅིག་མིན་པ་དང་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ནས་གསལ་པོ་ཆགས་ཀྱི་རེད་ཅེས་གསུངས་འདུག    

དེ་བཞིན་ཨོ་སོ་ལོར་ཡོད་པའི་ལྗང་ཁུ་ཚོགས་པའི་འགོ་ཁྲིད་ Sigrid Heiberg ལགས་ཀྱིས་རང་དབང་ཅན་གྱི་རྒྱལ་ཁབ་ནང་ལ་འབོད་ཚིག་གཅིག་ལས་མང་བ་ཡོད་རེད་ཅེས་རྒྱ་གཞུང་གི་སྨྲ་བརྗོད་རང་དབང་གཙོས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལ་དམ་དྲག་བྱེད་བཞིན་པར་ཟུར་ཟ་དང་སྦྲགས། ད་རེས་མི་ཚོགས་མང་པོ་ཞིག་མཉམ་འཛོམས་ཐོག་རྒྱ་ནག་ནང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་དགོས་པའི་དགོས་འདུན་ཆེད་འདོན་གནང་བཞིན་ཡོད་ཅེས་གསུངས་འདུག   

ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ Aasmund Aukrust ལགས་ནས་འགྲོ་བ་མིའི་ཐོབ་ཐང་ཞེས་པ་ནི་ནུབ་ཕྱོགས་པས་གསར་གཏོད་གནང་བའི་གནད་དོན་ཞིག་མིན་པར་གོ་ལ་སྤྱིར་དབང་བའི་གནད་དོན་གལ་ཆེན་ཞིག་ཡིན་པར་འགྲེལ་བརྗོད་དང་སྦྲགས། ནོར་ཝེའི་ཆབ་སྲིད་མི་སྣ་ཚོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ངེས་པར་དུ་གླེང་སློང་གནང་དགོས་པ་གསུངས་འདུག

གཞན་ཡང་སྐབས་དེའི་ལས་འགུལ་ཁྲོད་དུ་ཡོད་པ་ནོར་ཝེ་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་མི་ Adilan Uighur ལགས་ནས་ཝང་ཡི་གཙོས་རྒྱ་ནག་གི་འགོ་ཁྲིད་དང་རྒྱ་གཞུང་ལ་ངོ་རྒོལ་བྱ་རྒྱུ་འདི་ཡུ་གུར་མང་ཚོགས་ཀྱི་གནད་དོན་ཁོ་ན་དང་འབྲེལ་བ་ཡོད་པ་ཞིག་མིན་པར་འཛམ་གླིང་སྤྱིའི་མ་འོངས་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་གསུངས་པ་དང་ཆབས་ཅིག ང་ཚོ་སྨྲ་བརྗོད་ཀྱི་རང་དབང་ཡོད་མཁན་ཚོས་རང་དབང་འདི་སྤྱད་ནས་ངོ་རྒོལ་གནང་དགོས་ཞེས་གསུངས་འདུག  

གཞི་རྩའི་ཝང་ཡི་དང་ནོར་ཝེའི་སྲིད་བློན་ Erna Solberg ལགས་དང་ཕྱི་སྲིད་བློན་ཆེན་་ Ine Eriksen Soreide ལགས་བཅས་ཀྱི་ཐུག་འཕྲད་ཁྲོད་ཡུལ་གཉིས་ཀྱི་ཚོང་འབྲེལ་གཙོས་ཐུན་མོང་གི་གནད་དོན་མི་ཉུང་བ་ཞིག་གི་ཐོག་གྲོས་བསྡུར་གནང་ཡོད་པ་དང་། ལྷག་པར་དུ་ཕྱོགས་གཉིས་ཀྱི་འགོ་ཁྲིད་མཉམ་ཞུགས་ཐོག་གི་གསར་འགོད་ལྷན་ཚོགས་སྐབས་སུ་གསར་འགོད་པ་ཞིག་ནས་དེ་སྔ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སྐུ་ཞབས་དམ་པ་ Liu Xiaobo ལགས་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་རྒྱུར་བཀག་སྡོམ་བྱས་པ་ལུང་འདྲེན་གྱིས་མ་འོངས་པར་ཧོང་ཀོང་གི་ཞི་བའི་ལས་འགུལ་བ་ཚོར་ཆེས་མཐོའི་གཟེངས་རྟགས་དེ་བཞེས་རྒྱུ་བྱུང་ན་གང་བྱ་འཆར་ཡོད་དམ་ཞེས་འདྲི་རྩད་གནང་བར་  Wang Yi ནས་ནོར་ཝེ་གཞུང་ནས་ཧོང་ཀོང་གི་ལས་འགུལ་བ་ཚོར་རྒྱབ་སྐྱོར་གནང་རྒྱུ་མེད་པ་དང་། ལྷག་པར་དུ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཞེས་པ་དེ་ཆབ་སྲིད་ཀྱི་ལག་ཆར་སྤྱད་དེ་ཧོང་ཀོང་གི་ལས་འགུལ་བ་ཚོར་གཟེངས་རྟགས་དེ་གནང་ཚེ་དེར་རྒྱ་ནག་གཞུང་གི་ངོས་ནས་འདས་མ་ད་གསུམ་གང་ལའང་ངོས་ལེན་མེད་པའི་ལན་འདེབས་བྱས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།