Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་དང་རྒྱ་གར་གཉིས་ནས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་འགོ་འཛུགས་དགོས་པའི་ཞུ་སྐུལ།

Tibetan News Headlines

  • Beijing’s goal is to turn young Tibetans Chinese : Sikyong Penpa Tsering
  • Tibetan rights group condemns China’s collective punishments of Tibetan human rights defenders’ families
  • Hungary and China sign strategic cooperation agreement during visit by Chinese President Xi
  • US Select Committee on CCP begins investigation into Georgia Tech’s partnership with China’s affiliate university
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༥། ༡༠

  • བོད་ཕྲུག་ཀྲུང་གོ་ཅན་དུ་བསྒྱུར་ཐབས་བྱ་རྒྱུ་ནི་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་དེ་རེད་ཅེས་གསུངས་འདུག
  • རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་མཉམ་བསྡུས་ཀྱི་ཉེས་ཆད་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་སོང་།
  • རྒྱ་ནག་དང་ Hungary གཉིས་དབར་ཚོང་འབྲེལ་གོང་འཕེལ་གཏང་རྒྱུའི་གྲོས་མཐུན་བཞག་འདུག
  • Georgia Tech མཐོ་སློབ་དང་རྒྱ་དམག་དབར་འབྲེལ་བ་ཡོད་མེད་ཀྱི་ཞིབ་འཇུག་འགོ་འཛུགས།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

ཉེ་སྔོན་ཕྱི་ཟླ་ ༡ ཚེས་ ༢༩ ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ནང་དུ་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་དང་། མ་འོངས་བོད་ཀྱི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་འདུག་པ་དང་འབྲེལ། ལྷན་ཚོགས་དེའི་ཐོག་འདས་པའི་བོད་ཀྱི་ལོ་རྒྱུས་ཁྲོད་དབྱིན་ཡུལ་དང་རྒྱ་གར་ལྷན་དུ་འབྲེལ་ལམ་གྱི་གནད་དོན་དེའི་བརྒྱུད་ད་ལྟའི་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བར་ཕན་ཐོགས་ངེས་ཅན་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་འདུག་པ་མ་ཟད། དབྱིན་ཡུལ་དང་རྒྱ་གར་གཉིས་ནས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་འགོ་འཛུགས་དགོས་པའི་ཞུ་སྐུལ་ཡང་གནང་འདུག

དེ་ཡང་ལྷན་ཚོགས་འདི་བཞིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ནང་དུ་རྟེན་གཞི་བྱས་པའི་ The Royal Society for Asian Affairs (RSAA) ཞེས་པའི་བསྟི་གནས་ཁང་གིས་ Global Alliance for Tibet & Persecuted Minorities (GATPM) ཞེས་བོད་གཙོས་པའི་མནར་གཅོད་མྱོང་མཁན་གྲངས་ཉུང་མི་རིགས་ཆེད་དུ་རྒྱལ་སྤྱིའི་གནའ་འབྲེལ་ཚོགས་པ་དང་མཉམ་འབྲེལ་གྱིས་ཁུལ་དེའི་ St. Anne ཡེ་ཤུའི་མཆོད་ཁང་དུ་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་པ་དང་། ལྷན་ཚོགས་དེའི་ཐོག་གཙོ་སྐྱོང་གནང་མཁན་རྒྱལ་ཡོངས་ཨེ་ཤི་ཡའི་གནད་དོན་བསྟི་གནས་ཁང་གི་འཛིན་སྐྱོང་འགན་འཛིན་ Michael Ryder ལགས་དང་། གོང་འཁོད་བརྗོད་གཞིའི་ཐོག་གསུང་བཤད་གནང་མཁན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་སྔགས་རམས་པ་དགེ་བཤེས་ཐུབ་བསྟན་ཤེས་རབ་ལགས་དང་། GATPM གི་ཚོགས་གཙོ་དང་བོད་དོན་ལས་འགུལ་བ་གཅིག་ལྕོགས་ཚེ་རིང་པ་སངས་ལགས་རྣམ་གཉིས། དེ་བཞིན་ཤིས་བརྗོད་གསུང་མཁན་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་དྲུག་དང་གཞན་ RSAA བསྟི་གནས་ཁང་གི་འཐུས་མི་གཞུང་གི་ལས་བྱེད་ཟུར་པ་དང་། གསར་འགོད་པ་ཟུར་པ། ཚོང་དོན་ལས་བྱེད་ཟུར་པ་སོགས་དབུས་ཨེ་ཤི་ཡའི་གནད་དོན་ལ་དོ་སྣང་ཆེན་པོ་གནང་མཁན་གནད་ཡོད་མི་སྣ་གཙོས་པའི་འབྲུག་གི་ཚོགས་པ་ཁག་ཅིག་གི་འཐུས་མི་བཅས་ཁྱོན་ཚོགས་བཅར་བ་ ༣༠ ལྷག་ལྷན་ཞུགས་གནང་འདུག

སྐབས་དེར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་སྔགས་རམས་པ་དགེ་བཤེས་ཐུབ་བསྟན་ཤེས་རབ་ལགས་ཀྱིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཐད་གསུང་བཤད་གནང་བའི་ཁྲོད། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་དེ་ཉིད་གཞི་བརྟན་ལྡན་པའི་སྐྱེ་བ་སྔ་ཕྱིའི་རྣམ་བཞག་ལ་ཡིད་ཆེས་དགོས་པ་སོགས་ཀྱི་ཆ་རྐྱེན་སྣ་མང་ལྡན་པའི་ལམ་ལུགས་ཤིག་ཡིན་ཞིང་། ལྷག་དོན་༸རྒྱལ་བའི་ཡང་སྲིད་དང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གནད་དོན་ཇི་དགེ་སྐོར་ངོ་སྤྲོད་གནང་སྟེ། བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལམ་ལུགས་ཐད་ཆབ་སྲིད་ཀྱི་ཤུགས་རྐྱེན་ཐེབ་མི་ཉན་པ་དང་། རྒྱ་ནག་སོགས་ཕྱི་ཕྱོགས་རྒྱལ་ཁབ་ཁག་གི་ཐེ་བྱུས་བྱེད་དབང་མེད་པར་གནད་དོན་དེ་ནི་བོད་བརྒྱུད་ནང་བསྟན་ཉམས་བཞེས་གནང་མཁན་ཚོར་ཐག་གཅོད་བྱེད་དུ་བཅུག་དགོས་པ་སོགས་གསུངས་འདུག

ཕྱོགས་མཚུངས་ཁོང་གིས་༸རྒྱལ་བའི་ཆོས་སྲིད་ཀྱི་མཛད་འཕྲིན་སྤྱི་དང་ལྷག་པར་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་སོགས་རྒྱས་པར་གནང་འདུག

དེ་བཞིན་ཚེ་རིང་པ་སངས་ལགས་ཀྱིས་སྐབས་དེར་ཁོང་རང་ཉིད་ཀྱི་པ་ལགས་དེ་སྔོན་བལ་ཡུལ་གློ་སྒྲིག་འཛུགས་དྭང་བླངས་བསྟན་སྲུང་དམག་སྒར་དུ་ཕྱག་ལས་གནང་བ་སོགས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། བོད་ཀྱི་མ་འོངས་མདུན་ལམ་སྐོར་གླེང་སློང་བྱེད་པར་ཐོག་མར་བོད་ཀྱི་འཐབ་རྩོད་དེ་ངོས་འཛིན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་གསུངས་འདུག

ལྷག་དོན་འདས་པའི་ལོ་རྒྱུས་ཁྲོད་བོད་དང་དབྱིན་ཡུལ། དེ་བཞིན་རྒྱ་གར་གསུམ་བར་འབྲེལ་ལམ་གྱི་གནད་དོན་དེའི་བརྒྱུད་ནས་ད་ལྟའི་བོད་རྒྱའི་དཀའ་རྙོག་སེལ་བར་ཕན་ཐོགས་ངེས་ཅན་ཞིག་ཆགས་ཀྱི་ཡོད་པ་དང་འབྲེལ། དབྱིན་ཡུལ་དང་རྒྱ་གར། ཨ་རི། ཡོ་རོབ་རྒྱལ་ཁབ་སོགས་ཀྱིས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་གསལ་བཤད་ཐོག དམངས་གཙོའི་རྒྱལ་ཁབ་གཙོ་ཆེ་བ་འདི་དག་འཐབ་ཕྱོགས་གཅིག་གྱུར་ཡོང་བ་དང་བོད་མི་མང་གི་རང་དབང་དང་རང་ཐག་རང་གཅོད་ཀྱི་མངོན་འདོད་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག་པ་མ་ཟད། དབྱིན་ཡལ་ལྷ་བུ་ཆ་མཚོན་ན་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མི་ལྔའི་ཁོངས་སུ་བཞུགས་ཡོད་ཅིང་། དམངས་གཙོའི་ལྟ་གྲུབ་དང་འགྲོ་བའི་ཐོབ་ཐང་ཁས་ལན་དམ་བཅའ་གནང་མཁན་ཞིག་ཡིན་པར་བརྟེན། བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་ཐུབ་པའི་དམིགས་བསལ་གྱི་ཆ་རྐྱེན་ལྡན་ཡོད་སྐོར་ནན་བརྗོད་གནང་འདུག

མ་ཟད་དབྱིན་གཞུང་དང་རྒྱ་གར་གཉིས་ནས་རང་གི་རྒྱལ་འབྲེལ་ཐབས་བྱུས་ཀྱི་ཤུགས་རྐྱེན་དང་ལོ་རྒྱུས་ཀྱི་འབྲེལ་ལམ་བེད་སྤྱད་དེ་བོད་མིའི་རང་ཐག་རང་གཅོད་ཀྱི་མངོན་འདོན་གཙོ་བོར་འགྱུར་བའི་རྒྱལ་སྤྱིའི་ཁྲོད་བོད་ལ་སྐྱོར་ཡོང་བའི་སྐུལ་སློང་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

འདི་ག་རླུང་འཕྲིན་ཁང་གིས་བོད་དང་གནོད་འཚེ་ཕོག་ཡུལ་གྲངས་ཉུང་མི་རིགས་ཆེད་དུ་རྒྱལ་སྤྱིའི་གནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཚེ་རིང་པ་སངས་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།

གཞི་རྩའི་རྒྱལ་ཡོངས་ཨེ་ཤི་ཡའི་གནད་དོན་ཚོགས་པ་དེ་ནི་ཕྱི་ལོ་ ༡༩༠༡ ལོར་ཐོག་མ་འགོ་འཛུགས་བྱས་པ་ཞིག་ཡིན་འདུག་པ་དང་། འགོ་འཛུགས་གནང་མཁན་དེའི་ཁྲོད་དེ་སྔོན་ཕྱི་ལོ་ ༡༩༠༤ ལོར་བོད་དུ་དབྱིན་ཇིའི་དམག་འགོ་ཁྲིད་མཁན་ Francis Younghusband ཡང་ཧས་བེནྜ་ཡང་ཡོད་རེད་འདུག སྐབས་དེར་ཚོགས་པའི་མིང་ལ་ Central Asian Society ཞེས་ཡིན་པར་ཚོགས་པ་དེས་དབུས་ཨེ་ཤི་ཡ་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་སྐོར་ལ་གོ་རྟོགས་ཇེ་ཆེར་ཡོང་ཆེད་དམིགས་པ་ཞིག་ཡིན་ཞིང་། ལྷག་པར་རང་དབང་གི་གྲོས་མོལ་དང་གུ་ཡངས་ཀྱི་བགྲོ་གླེང་ལ་རིན་ཐང་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། སྲིད་གཞུང་དང་ཆབ་སྲིད་ཚོགས་པ་ལ་མ་བརྟེན་པར་ཚོགས་འདུ་དང་དཔར་སྐྲུན་སོགས་ཀྱང་གནང་གི་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།