Tibetan Royal Year of 2151 | Year of the Wood Dragon

དུད་འགྲོ་རྣམས་ནི་འཛམ་གླིང་འདིའི་རྒྱན་ཡིན།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཁ་སང་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་མོ་དེ་ནི་འཛམ་གླིང་དུད་འགྲོའི་ཉིན་མོ་ཡིན་པ་དང་བསྟུན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུད་འགྲོ་ནི་གོ་ལ་འདིའི་རྒྱན་ལྟ་བུ་ཞིག་ཡིན་པ་དང་། ང་ཚོས་གང་ཐུབ་ཀྱི་དཀར་ཟས་ལ་བརྟེན་ནས་དུད་འགྲོར་གཅེས་སྐྱོང་བྱེད་དགོས་པ་གསུང་འདུག
དེའང་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸གོང་ས་མཆོག་གིས་ཁ་སང་གི་དུས་ཚིག་ཐོགས་བསྩལ་བའི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་། མགོན་པོ་གང་ཉིད་ཀྱིས་དེང་སྐབས་སྤྱི་ཚོགས་ནང་དུད་འགྲོའི་རང་དབང་འཐབ་རྩོད་ཐོག་དང་དོད་ཆེན་པོ་ཞིག་སླེབས་ཡོད་པ་དེ་ནི་བློ་སྟོབས་སྐྱེ་འོས་པ་ཞིག་ཡིན་པ་དང་། དུད་འགྲོ་རྣམས་ནི་འཛམ་གླིང་གི་རྒྱན་རེད་ལ་དུད་འགྲོ་མེད་ན་འཛམ་གླིང་འདིའི་མང་ཚོགས་རྣམས་འཚོ་ཐུབ་ཐབས་མེད་པ་བཀའ་གནང་འདུགའོན་ཀྱང་༸གོང་ས་མཆོག་གིས་འཛམ་གླིང་འདིའི་མང་ཚོགས་ཡོངས་ནས་དམར་ཟས་སྤངས་ཏེ་དཀར་ཟས་ཁོ་ནར་བསྟེན་པ་ཡིན་ན། ཁོར་ཡུག་གི་འགྲོ་སྟངས་ཆ་ནས་ཡོང་ཤེས་ཐབས་མེད་པ་དང་། སྔོ་ཚལ་དཀོན་པའི་བོད་དང་སོག་ཡུལ་ལྟ་བུའི་གྲང་ངར་ཆེ་བའི་ས་ཁུལ་ནང་དཀར་ཟས་ལ་མཐའ་གཅིག་ཏུ་བསྟེན་ཐུབ་ཐབས་མེད་སྐོར་བཀའ་གནང་བ་དེ་ལྟར་ཡང་། སྤྱིར་མགོན་པོ་གང་ཉིད་ཀྱི་ལམ་སྟོན་འོག་རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཀྱི་དགོན་པ་ཆེ་ཁག་ནང་དཀར་སྐྱོང་མ་གཏོགས་དམར་ཟས་ཁྱོན་ནས་གཏོང་གི་མེད་པ་བཞིན། ང་ཚོས་གང་ཐུབ་ཀྱི་དཀར་ཟས་ལ་དང་དོད་བྱས་ཏེ་དམར་ཟས་ཉུང་དུ་གཏོང་དགོས་པ་མ་ཟད། སྔོ་ཚལ་རིགས་འདེབས་ལས་ཀྱི་ལས་དོན་ལ་དོ་སྣང་ཆེ་བ་གནང་དགོས་པའི་ལམ་སྟོན་མཛད་འདུག

གཞི་རྩའི་འཛམ་གླིང་དུད་འགྲོའི་ཉིན་མོ་ཞེས་པ་དེ་ནི་ཐོག་མར་ འཇར་མན་ནང་ Heinrich Zimmermann ཞུ་བའི་རྩོམ་པ་པོ་དང་དུད་འགྲོའི་རང་དབང་རྩོད་ལེན་པ་གྲགས་ཅན་ཞིག་གིས་ཕྱི་ལོ་ ༡༩༢༥ ལོའི་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་ཆེད་འཛུགས་གནང་བ་ཞིག་ཡིན་པ་དང་། དེའང་རིམ་པའི་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ཆེད་གཏན་འབེབས་ཀྱིས་༡༩༣༡ ལོར་རྒྱལ་སྤྱིའི་ཁྱོན་དུ་སྲུང་བརྩི་ཞུ་འགོ་ཚུགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།