Tibetan Royal Year of 2151 | Year of the Wood Dragon

ནད་ཡམས་ཡལ་མཚམས་སུ་དུས་རྒྱུན་ལྟར་ཆོས་འབྲེལ་སྩོལ་རྒྱུ་ཡིན་སྐོར་བཀའ་གནང་བ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཁ་སང་ཐེ་ཝན་དད་ལྡན་མང་ཚོགས་རྣམས་ལ་དྲ་ཐོག་ཉིན་གྲངས་གསུམ་གྱི་བཀའ་ཆོས་མཇུག་སྒྲིལ་མཛད་པ་དང་འབྲེལ། རིང་མིན་ལོ་གསར་པའི་ནང་དུ་ནད་ཡམས་ཀྱི་དཀའ་ངལ་འཇམ་པ་རྗེས་སུ། ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དུས་རྒྱུན་ལྟར་ཆོས་འབྲེལ་མཛད་རྒྱུར་གྲ་སྒྲིག་ཨང་གསར་ཡོད་པར་བཀའ་སྩལ་འདུགདེ་ཡང་ཐེ་ཝན་དད་ལྡན་མང་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཟླ་བ་འདིའི་ཕྱི་ཚེས་ ༢ ནས་ ༤ བར་ཉིན་གྲངས་གསུམ་རིང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་དང་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་བཀའ་ཆོས། དེ་བཞིན སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་བཅས་ཀྱི་དྲྭ་ཐོག་ཆོས་འབྲེལ་ཉིན་གསུམ་བསྐྱངས་གནང་མཛད་ཡོད་པ་ལྟར། ཁ་སང་བཀའ་ཁྲིད་རྗེས་ཆོས་ཞུ་བའི་དྲི་བར་བཀའ་ལན་སྩལ་བ་སོགས་གནང་སྟེ་ཐེངས་འདིའི་ཆོས་འབྲེལ་མཇུག་སྒྲིལ་མཛད་རྗེས། དགོན་པོ་གང་ཉིད་མཆོག་གིས་ཐེངས་འདིའི་ཆོས་འབྲེལ་ལ་ལེགས་བཤད་སྙིང་པོའི་ཐོག་མཐའ་བར་གསུམ་སྙིང་བསྡུས་ཤིག་ངོ་སྤྲོད་མཛད་ཡོད་པ་དང་། རིང་མིན་ལོ་གསར་པའི་ནང་དུ་ནད་ཡམས་ཕྲན་བུ་འཇམ་པའི་ཐུགས་རེ་གནང་བཞིན་ཡོད་པ་དང་། དེ་ལྟར་བྱུང་བ་ཡིན་ན་ལོ་གསར་པའི་ནང་དུ་དགོན་པོ་མཆོག་ནས་ཐེགས་ཆེན་ཆོས་གླིང་གཙུག་ལག་ཁང་དང་གནས་མཆོག་རྡོ་རྗེ་གདན་དུ་ནམ་རྒྱུན་འཆར་ཅན་ལྟར་རྒྱ་མི་རིགས་དང་ཐེ་ཝན་གྱི་ཆོས་གྲོགས་ཚོ་གཙོས་པའི་དད་ལྡན་པ་རྣམས་ལ་ཆོས་འབྲེལ་སྩོལ་རྒྱུར་གྲ་སྒྲིག་ཨང་གསར་ཡིན་ཞེས་བཀའ་སྩལ་འདུག

དེ་བཞིན་མགོན་པོ་མཆོག་གིས་སྟོན་པ་བཅོམ་ལྡན་འདས་ཀྱིས་བདག་ཉིད་བདག་གི་མགོན་ཡིན་ཞེས་བཀའ་གནང་བ་བཞིན། གང་ཉིད་མཆོག་གི་ཉིན་རེ་བཞིན་སྒོམ་ཉམས་ལེན་གནང་ཕྱོགས་སྐོར་ངོ་སྤྲོད་གནང་བ་དང་འབྲེལ། ང་ཚོ་ནང་པ་ཞིག་ཡིན་པའི་ངོས་ནས་བཤད་ན་ས་ལམ་གྱི་རྟོག་པ་གྲོལ་ནས་རྣམས་མཁྱེན་རྒྱལ་བའི་གོ་འཕང་ཐོབ་དང་མ་ཐོབ་ཚང་མ་སོ་སོར་ཐུག་བསྡད་ཡོད་སྟབས། གང་ཉིད་མཆོག་ལ་ཆ་མཚོན་ན་ད་ལོ་དང་ལོ་སྔོན་མ་བསྡུར་བ་ཡིན་ན་ཕལ་ཆེར་ནང་སེམས་ཀྱི་ཉམས་མྱོང་ཕྲན་བུ་ཆེ་རུ་འགྲོ་བཞིན་ཡོད་སྐོར་བཀའ་གནང་བ་དང་འབྲེལ། དད་ལྡན་པ་རྣམས་ཀྱིས་ཀྱང་དེ་དེ་བཞིན་ཆོས་ཉམས་ལེན་གནང་བའི་ཐོག་ནས་ལོ་རེ་རེའི་ནང་དུ་འགྱུར་བ་ཕྱིན་འདུག་བསམ་པ་ལྟ་བུ་གང་ལྟར་སོ་སོས་སོ་སོར་ཞུ་དག་གཏོང་སྐབས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་ཡོད་པ་ཞིག་དགོས་བ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་གནང་འདུག

ཁ་སང་གི་ཆོས་འབྲེལ་མཇུག་སྒྲིལ་བ་དང་འབྲེལ། ཐེངས་འདིའི་ཆོས་འབྲེལ་གསོལ་འདེབས་ཞུ་མཁན་ཚོའི་ངོས་ནས་མ་འོངས་པར་མགོན་པོ་མཆོག་དང་ལྷན་དུ་ཐེ་ཝན་ནང་དུ་མཇལ་འཕྲད་ཞུས་སྟེ་བཀའ་ཆོས་གསན་རྒྱུའི་གོ་སྐབས་ཐོབ་པའི་རེ་འདུན་བཏོན་གནང་འདུག ཕྱི་ཚེས་ ༢ ཉིན་ཆོས་འགྲེལ་དངོས་གཞི་དབུ་འཛུགས་སྐབས་མགོན་པོ་མཆོག་གིས། རྒྱ་ནག་ལོ་རྒྱུས་ཀྱི་ཐོག་ནས་ནང་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། དེང་སྐབས་རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། མ་འོངས་པར་རྒྱ་ནག་ནང་དུ་ཆབ་སྲིད་ཀྱི་སྐད་ཆ་གང་ཡང་མེད་པའི་ཐོག་ནས་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ཚོགས་འདུ་ཞིག་འཚོགས་ཐུབ་ན། མགོན་པོ་མཆོག་ལའང་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་མིང་ཞིག་ཡོད་པ་ཆ་ནས་གང་ཉིད་མཆོག་དེ་ལ་བསླེབ་ཐུབ་རྒྱུ་རེད་ཅེས་བཀའ་གནང་ཡོད་པ་རེད།

མ་ཟད་བར་སྐབས་ནས་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོའི་དབར་འབྲེལ་བ་ཤུགས་ཆེ་རུ་འགྲོ་བསྡད་ཡོད་སྟབས། ཁྱེད་ཚོས་གང་ཐུབ་ཀྱིས་ཐེ་ཝན་གཅིག་པུ་ལ་བསམ་བློ་བཏང་ནས་མི་འདུག་པར། ཆོས་དང་རིག་གཞུང་། དེ་བཞིན་མི་རིགས་སོགས་གང་ཅིའི་ཐད་ནས་རྒྱ་ནག་དང་གཅིག་གྱུར་ཆགས་ཡོད་པར་བརྟེན། རྒྱ་ནག་སྐམ་ས་ཆེན་པོ་ལ་འབྲེལ་བ་ཤུགས་ཆེར་གནང་དགོས་པ་དང་། མ་ཟད་ཐེ་ཝན་གྱི་མཆེད་གྲོགས་ཚོས་རྒྱ་ནག་ནང་རྒྱ་ནག་རང་གི་རིག་གཞུང་བསྐྱར་གསོ་དང་འབྲེལ། ནང་ཆོས་ཀྱི་ལྟ་གྲུབ་བཅས་ཀྱི་ཐོག་ཏུའང་ཕན་ཐོགས་སྒྲུབ་ཐུབ་ངེས་རེད་ཅེས་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་སྤྱི་མཐུན་གྱི་ནང་དུ་བོད་རིགས་གཙོས་སོག་པོ་དང་ཤིན་ཅང། དེ་བཞིན་མན་ཇུ་སོགས་ཀྱིས་སྤྱི་མཐུན་ལ་དགོངས་ནས་རྒྱ་ནག་རྒྱལ་ཁབ་ཀྱི་རིག་གཞུང་སླར་གསོ་གནང་རྒྱུ་གཙོས་ནང་པ་སངས་རྒྱས་པའི་ལྟ་གྲུབ་བརྒྱུད་སྤེལ་གནང་སྟེ་སྤྱི་མཐུན་དེ་ཡག་པོ་ཆགས་ཐབས་ལ་འབད་དགོས་སྐོར་བཀའ་སྩལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།