དེ་རིང་གྲོས་ཚོགས་སུ་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་གསུམ་དང་འབྲེལ་བའི་ཁྲིམས་འཆར་གྱི་བརྗོད་པ་དང་པོ་ཟིན་པ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་ལས་ཉིན་ ༧ པར་ཁྲིམས་བཟོའི་ལས་དོན་ཐོག་མུ་མཐུད་ཕེབས་ཏེ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཀྱི་རྩ་འཛིན་ཁྲིམས་ཡིག་དང་། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དཔང་རྟགས་རྩ་འཛིན་ཁྲིམས་ཡིག དེ་བཞིན་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་བཅས་ཀྱི་ཁྲིམས་འཆར་སོ་སོའི་བརྗོད་པ་དང་པོའི་ཐོག་ཕེབས་སོང་།

རྩ་བའི་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དེ་དག་ནི་ཕྱི་ལོ་ ༡༩༩༦ ལོར་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བཀའ་འཁྲོལ་དང་འབྲེལ་གཏན་འབེབས་མཛད་པ་དང་། དུས་ནས་དུས་སུ་ཁྲིམས་ཞིབ་པ་རྣམས་ཀྱིས་མང་མོས་ཐོག་བསྐྱར་བཅོས་བསྣམས་པ་ཁག་ལ་༸གོང་ས་མཆོག་གིས་མཚན་རྟགས་བཀའ་ཁྲོལ་གནང་སྟེ། ལག་བསྟར་གནང་སྲོལ་ཡོད་པ་ཞིག་ཡིན་ནའང་།  ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོས་གནང་བའི་རྗེས། བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ པ་དེ་གནང་བ་ནས་བཟུང་ཁྲིམས་ཞིབ་པ་རྣམ་པས་སྤྱི་མོས་ཀྱི་ཐོག་ནས་ཁྲིམས་ཡིག་དེ་དག་ལ་བསྐྱར་བཅོས་རིམ་པ་ཁ་ཤས་གནང་ཡོད། ལྷག་པར་ཕྱི་ལོ་ ༢༠༢༡ ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་ཀྱི་ངོས་བཞེས་ཀྱི་གནད་དོན་འོག་ནས་སྤྱི་འཐུས་རྒྱུན་ལས་ལ་ཉེས་ཆེད་བཏང་བའི་གནད་དོན་དང་། དེ་འབྲེལ་ ༢༠༢༡ ལོར་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བ་སོགས་ཀྱི་གནད་དོན་བྱུང་བའི་རྗེས་སུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་ཀྱིས། ཁྲིམས་ཡིག་དེ་དག་བསྐྱར་བཅོས་སླད་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་སྤྱི་མོས་ཀྱི་ཐོག་ནས་འཆར་འབུལ་ཞུས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་འཁྲོལ་གཏན་འབེབས་གནང་དགོས་པ་ཞེས་འཁོད་ཡོད་པ་རེད།

TPiE Day 7 Session 9th
Screenshot པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

དེ་རིང་གི་གྲོས་ཚོགས་སུ་སྤྱི་འཐུས་རྒྱུན་ལས་ནས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་གསུམ་དང་འབྲེལ་བའི་ཁྲིམས་འཆར་བསྣམས་ཕེབས་པ་ལྟར། སྤྱི་འཐུས་རྒྱུན་ལས་རྣམས་ཀྱིས་གྲོས་ཚོགས་སུ་ཁྲིམས་འཆར་ཁག་སྙན་སྒྲོན་ཞུས་པའི་རྗེས་སུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་། ཁྲིམས་ཡིག་འཆར་ཟིན་ནམ་སྒྲིག་གཞིའི་འཆར་ཟིན་གྲོས་གཞིར་ཚུད་ཟིན་འཕྲལ་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང༌། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དང་འབྲེལ་བའི་བརྗོད་པ་དང་པོའི་ལས་རིམ་ཐོག་ཕེབས་ཡོད།

TPiE Day 7 Session 9th
Screenshot པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

སྐབས་དེར་སྤྱི་འཐུས་ཁག་གཅིག་ནས་ཁྲིམས་འཆར་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་མིན་སོགས་ཀྱི་དོགས་འདྲི་ཁག་གཅིག་ཕེབས་ཡོད་པ་ལྟར། ཚོགས་གཙོ་མཆོག་གིས་གསལ་བཤད་ཁྲོད་ཐེངས་འདིའི་གྲོས་ཚོགས་ཐོག་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་གསུམ་པོ་གཏན་འབེབས་བཀའ་འཁྲོལ་གནང་མ་ཐུབ་ཚེ། མ་འོངས་ཁྲིམས་ཞིབ་པ་རྣམས་ཀྱི་ཕྱག་ལས་གནང་སའི་ལམ་ཡོངས་རྫོགས་དགག་གི་ཡོད་སྟབས། དེ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་གསུངས་ཡོད།

TPiE Day 7 Session 9th
Screenshot པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

དེ་རིང་གི་ཚོགས་ཐེངས་གསུམ་རིང་ཁྲིམས་ཞིབ་ཁང་གི་ཁྲིམས་ཡིག་བསྐྱར་བཅོས་ཀྱི་ཁྲིམས་བཟོའི་ལས་དོན་ཐོག་ཕེབས་པའི་རྗེས་ཉིན་རྒྱབ་ཏུ་ཚོགས་ཐེངས་གཅིག་འཕར་མ་ཚོགས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་མུ་མཐུད་འཕྲོ་སྐྱོང་གནང་བའི་ཁྲོད། ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་སྐུ་ཚབ་དོན་ཁང་ཁག་གི་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་ཐོག་ཕེབས་ཡོད།

TPiE Day 7 Session 9th

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026