Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ་བོད་མིའི་ཁྲོད་དུ་གཉན་རིམས་ཕོག་མཁན་ཇེ་ཉུང་དུ་འགྲོ་བཞིན་པ། 

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

གཟའ་འཁོར་འདིའི་ནང་རྒྱ་གར་དང་བལ་ཡུལ་ནང་བཙན་བྱོལ་བོད་མིའི་ཁྲོད་ནས་ཏོག་དབྱིབས་གཉན་རིམས་གསར་པ་ཕོག་མཁན་ཁྱོན་མི་གྲངས་ ༣༦ བྱུང་བའི་ཁོངས་ནས་སྐྱེས་པ་གཉིས་འདས་གྲོངས་དུ་གྱུར་འདུག་པ་དེ་ལྟར་ནའང་། བཙན་བྱོལ་བོད་མིའི་འདུས་སྡོད་ས་ཁུལ་ཁག་ཏུ་ཏོག་དབྱིབས་ནད་གཞི་ཕོག་མཁན་ཇེ་ཉུང་དུ་འགྲོ་བཞིན་འདུག ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་སྔོན་འགོག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༧༤ སྤེལ་བའི་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་ནད་གཞི་ཕོག་པ་མི་གྲངས་ ༣༦ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༢༦ དང་བུད་མེད་གྲངས་ ༡༠ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༩༤ དང་ཆུང་ཤོས་དེ་བྱིས་པ་ལོ་ ༢ ཅན་ཆགས་ཀྱི་ཡོད་པ་དང་དེ་དག་ལས་གཉན་རིམས་ཀྱི་རྐྱེན་གྱིས་མི་གྲངས་ ༢ འདས་གྲོངས་སུ་གྱུར་ཡོད་པར་གསུངས་ཡོད།ཁོང་གིས་ད་དུང་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་སྔོན་འགོག་སླད་དུ་རྒྱ་གར་ནང་གི་ས་གནས་གྲངས་ ༡༣ དང་བལ་ཡུལ་ནང་གི་ས་གནས་ ༣ བཅས་ཀྱི་བོད་མི་གྲངས་ ༡༣༡༥ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད་སྐོར་གསུངས་པ་དང་སྦྲགས། ལྷག་དོན་རྒྱ་གར་དང་བལ་ཡུལ་རྒྱལ་ཁབ་གཉིས་ཀྱི་ནང་དུ་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་དེ་ཇེ་ཉུང་དུ་འགྲོ་བཞིན་ཀྱང་ཡོད་མང་ཚོགས་ཚོས་སྔོན་འགོག་གི་གནང་སྒོ་ཁག་མུ་མཐུད་འཐུས་ཚང་གནང་དགོས་པར་གཞེན་སྐུལ་གནང་ཡོད་པ་རེད།དེ་བཞིན་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་ད་ལྟའི་ཆར་དབུས་ཛ་དྲག་ཚོགས་ཆུང་གི་ཚོགས་གཙོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་དབུ་ཁྲིད་པའི་ཚོགས་མི་ཁག་ཅིག་གཞུང་འབྲེལ་ཕྱོགས་ཕེབས་གནང་དང་གནང་མུས་ཡིན་པ་མ་ཟད། དེ་བཞིན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་དབུ་ཁྲིད་པའི་ཚོགས་མི་ཁག་ཅིག་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ལ་རྟོག་ཞིབ་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་པར་གསུངས་ཡོད།བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་ཐུགས་སྣང་གཞེན་སྐུལ་དང་འབྲེལ་ཏེ་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་གཉན་རིམས་ཕོག་མཁན་གྱི་གྲངས་འབོར་དེ་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཀྱང་སྔོན་འགོག་གི་གནང་སྒོ་ཁག་མུ་མཐུད་གནང་གལ་ཡིན་པ་དང་། སྔོན་ཁབ་རྒྱག་རྒྱུ་དེ་ཧ་ཅང་གནད་ཆེ་ཆགས་སྟབས་ཁྱད་ལས་པའི་ལམ་སྟོན་གནང་བ་བཞིན་སྔོན་ཁབ་གཉིས་ཀ་རྒྱག་དགོས་པ། དགུན་ཚོང་གཉེར་མཁན་དང་སྒེར་དོན་ཆེད་འགྲིམ་འགྲུལ་གནང་མཁན་མི་ཉུང་བ་ཞིག་ཡོང་གི་ཡོད་སྟབས་དེ་ལྟར་ཉུང་ཙམ་གནང་གལ་ཡིན་པའི་གཞེན་སྐུལ་ནན་པོ་གནང་སོང་། རྩ་བའི་ད་བར་བཙན་བྱོལ་བོད་མིའི་བཞུགས་ཡུལ་རྒྱལ་ཁབ་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་བོད་མིར་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༦༡༧༡ དང་དྲག་སྐྱེད་བྱུང་བ་མི་གྲངས་ ༥༩༣༡ འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༤༨ ད་ལྟའི་ཆར་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༩༡ ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།