Tibetan Royal Year of 2151 | Year of the Wood Dragon

བུད་མེད་སྒེར་ལངས་ཐེངས་ ༦༢ པ་སྲུང་བརྩི་དང་སྦྲགས་དགོས་འདུན་བཞི་ཕྱིར་བསྒྲགས།

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

དེ་རིང་།  ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བུད་མེད་སྟོང་ཚོ་བརྒལ་བས་མ་སྐུལ་དང་བླང་ཐོག་རྒྱ་ནག་གི་ཁྲིམས་འགལ་གྱི་བཙན་འཛུལ་ལ་ངོ་རྒོལ་གནང་ནས་མི་ལོ་ ༦༢ འཁོར་བའི་དུས་དྲན་ཡིན་པ་དང་སྦྲགས།  བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་དགོས་པའི་དགོས་འདུན་ཁག་ཅིག་ཆེད་འདོན་གྱིས་བོད་ཀྱི་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༢ པ་དེ་སྲུང་བརྩི་ཞུས་གནང་སོང་།དེ་རིང་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཆགས་པའི་རླངས་འཁོར་འབབ་ཚུགས་སུ།  སྐུ་མགྲོན་གཙོ་བོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་དང་།  དམིགས་བསལ་སྐུ་མགྲོན་དགེ་བཤེས་མ་བསྟན་འཛིན་ཀུན་གསལ་ལགས་དང་།   སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས།   དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མང་ཚོགས་འདུ་འཛོམས་ཀྱིས་བུད་མེད་སྒེར་ལངས་ཐེངས་ ༦༢ པ་སྲུང་བརྩི་ཞུས་སོང་།   སྐབས་དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་ཡོངས་ཁྱབ་བསྒྲགས་གཏམ་སྒྲོག་སྦྱང་གནང་བའི་ནང་།   འདས་ལོར་རྒྱ་ནག་གི་ཉེན་རྟོག་པའི་རྡུང་རྡེག་ཚད་མེད་བཏང་རྐྱེན་འདས་གྲོངས་སུ་གྱུར་བ་ལྷ་མོ་ལགས་དང་།  རང་ལུས་མེར་བསྲེགས་གཏོང་མཁན་ཤུར་མོ་ལགས་རྣམ་གཉིས་ཀྱི་གནད་དོན་ལུང་འདྲེན་གྱིས་ཞི་ཅིན་ཕིང་གིས་འགོ་ཁྲིད་འོག་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར་གསུངས་པ་མ་ཟད།  མཉམ་འབྲེལ་རྒྱལ་ཚོགས་དང་གྲོས་ཚོགས་འཐུས་མི་རྣམ་པ།  དེ་བཞིན་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང་།  བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ནས་རྒྱ་ནག་གཞུང་ལ་གནོད་ཤུགས་སྤྲད་དེ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་དང་།    ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་དང་ཆབ་སྲིད་བཙོན་པ་ཡོངས་ཆ་རྐྱེན་མེད་པའི་ཐོག་གློད་གྲོལ་གཏོང་དགོས་པ།  ༸སྐུའི་ཡང་སྲིད་གཙོས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ལམ་ལུགས་ལ་རྒྱ་གཞུང་ནས་ཐེ་བྱུས་བྱེད་མི་ཆོག་པ།  དེ་བཞིན་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོང་མཐོར་གཏོང་དགོས་པ་བཅས་དགོས་འདུན་ཆེད་འདོན་གྱིས་དེར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་གནང་སོང་།དེ་བཞིན་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས། དེ་རིང་གི་དུས་ཚིགས་དང་བསྟུན།  བཙན་བྱོལ་ནང་བུད་མེད་ལྷན་ཚོགས་ཆེད་འཛུགས་གནང་དགོས་པའི་དམིགས་ཡུལ་སོགས་འགྲེལ་བརྗོད་ཀྱིས།    དེ་རིང་གི་ཉིན་མོ་འདི་ནི་བོད་ཙམ་མིན་པར་སྒོས་སུ་བུད་མེད་ཚོར་ཉིན་མོ་གལ་ཆེན་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་སོང་།   ཁོང་གིས་ད་དུང་།  ང་ཚོའི་དུས་རྒྱུན་ནས་ལས་དོན་གང་འདྲ་ཞིག་གཉེར་ཡང་སོ་སོ་ངོས་ནས་དཔྱད་པ་གནང་དགོས་པ་དང་།  དེ་ལྟར་གནང་ཚེ་རྒྱལ་ཁབ་ཅིག་གི་མི་སེར་ཡིན་པའི་ཆ་ནས་ནོར་གྱི་མ་རེད་ཅེས་གསུངས་པ་དང་།   མ་ཟད་བོད་མི་རྣམས་ནས་བཟང་སྤྱོད་དང་ཆོལ་གསུམ་བོད་མི་རྡོག་རྩ་གཅིག་སྒྲིལ་གནང་དགོས་པའི་གཞེན་སྐུལ་གནང་སོང་། དེ་བཞིན་དམིགས་བསལ་སྐུ་མགྲོན་དགེ་བཤེས་མ་བསྟན་འཛིན་ཀུན་གསལ་ལགས་ཀྱིས།  དེ་རིང་བུད་མེད་ཀྱི་དམིགས་བསལ་གྱི་ལས་འགུལ་ཉིན་མོ་དང་སྦྲགས།  བུད་མེད་ཀྱི་ཐོག་ནས་སྤྱི་ཚོགས་ལ་ཞབས་འདེགས་ཇི་ལྟར་སྒྲུབ་ཐུབ་མིན་སྐོར་གསུངས་བཤད་གནང་བ་དང་།   ཁོང་གིས་འཛམ་གླིང་ཞི་བདེ་བག་ཕེབས་ཡོང་བར་བྱམས་དང་བརྩེ་བ་ངེས་པར་དུ་དགོས་པས།   བྱམས་དང་བརྩེ་བའི་ས་བོན་མ་ལུས་ཨ་མ་བརྒྱུད་ནས་བྱུང་གི་ཡོད་སྟབས།  བུད་མེད་ཚོས་བྱམས་དང་བརྩེ་བའི་ཐོག་ནས་ཕྲུག་གུ་སྐྱེད་བསྲིང་དགོས་སྐོར་གྱི་གཏམ་བཤད་གནང་སོང་།ད་རེས་ཀྱི་མཛད་སྒོ་གྲུབ་མཚམས་སུ་མང་ཚོགས་རྣམས་ནས་བོད་ཀྱི་རྒྱལ་དར་མཁའ་རུ་འཕྱར་ཏེ།  བོད་ལ་རང་དབང་དགོས།  ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་མེད་པའི་ཐོག་གློད་བཀྲོལ་དགོས་པའི་འབོད་ཚིག་བསྒྲགས་པའི་ཐོག་རླངས་འཁོར་འབབ་ཚུགས་ནས་དྷ་ཤོད་ཀ་ཅ་རཱིའི་མདུན་ཐང་གི་བར་དུ་གོམ་བགྲོད་གནང་སོང་།རྩ་བའི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་དེ་ནི་བོད་མིའི་སྒེར་ལངས་བྱུང་བའི་ཉིན་མོའི་རྗེས་ཏེ།   ཕྱི་ཟླ་གསུམ་པའི་ཚེས་༡༢ཉིན་ཕོ་བྲང་པོ་ཏ་ལའི་མདུན་གྱི་འབྲས་བུ་གཡུལ་ཁའི་ཐང་དུ་རྒྱལ་གཅེས་དཔའ་མོ་གུར་སྟེང་ཀུན་བཟང་ལགས་དང་། དགའ་གླིང་ཤར་ཆོས་ལགས།  སྤེལ་གོང་སྤེན་པ་སྒྲོལ་མ་ལགས་སོགས་ཀྱི་སྣེ་ཁྲིད་འོག་བུད་མེད་ཕོན་ཆེར་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གི་དྲག་པོའི་དབང་བསྒྱུར་ལ་ཞི་རྒོལ་བྱས་པའི་དུས་དྲན་གྱི་ཉིན་མོ་དེ་ཆགས་ཀྱི་ཡོད་པ་རེད།  དུས་ཚིགས་དེ་བསྟུན་གྱིས།  བཙན་བྱོལ་ཡུལ་གྲུ་ཁག་ཏུ་གནས་བཞུགས་བོད་མི་མང་ཚོགས་ནས་ལས་འགུལ་སྣ་མིན་སྒོ་ནས་ཉིན་མོ་དེ་དྲན་གསོ་ཞུ་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།