Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་རྗེས་དྲན་གྱིས་མདུན་བསྐྱོད་གནང་དགོས།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་བེུད་ལྷན་ཚོགས་ཀྱི་ངོས་ནས་རྣམ་ཀུན་ཡིན་ན་བེུད་སྒེར་ལངས་ཉིན་མོར་ཞི་བའི་གོམ་བགྲོད་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་སྲོལ་ཡོད་ཀྱང་། འདི་ལོར་རྒྱ་ནག་ནས་ཆེས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་རྐྱེན་གྱིས་དེ་ལྟར་གནང་མེད་པ་རེད། མི་མང་འདུ་འཛོམས་དང་འབྲེལ་ནས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བོད་ཀྱི་བེུད་སྒེར་ལངས་ཐེངས་ ༦༢ པའི་གལ་གནད་སོགས་ཀྱི་སྐོར་མང་ཚོགས་ལ་ངོ་སྤྲོད་དང་དྲན་སྐུལ། དེ་བཞིན་ས་གནས་ཀྱི་རྒྱ་གར་བ་དང་རྒྱལ་སྤྱིའི་གསར་འགོད་པའི་ལྷན་ཚོགས་ཤིག་གོ་སྒྲིག་གནང་སྟེ་བོད་ཀྱི་བེུད་སྒེར་ལངས་ཐེངས་ ༦༢ པར་རྗེས་དྲན་ཞུས་ཡོད་པ་རེད།ལྡི་ལི་བོད་སྒར་བསམ་ཡས་གླིང་གི་དགོན་པའི་མདུན་ཐང་དུ་དེ་རིང་སྔ་དྲོ་ཚོུད་ ༩ ཐོག་སྐུ་མགྲོན་གཙོ་བོར་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་དང་ས་གནས་འགོ་འཛིན་ཕུན་ཚོགས་སྟོབས་རྒྱལ་ལགས་རྣམ་གཉིས་ཀྱིས་དབུས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ས་གནས་ཀྱི་མང་ཚོགས་བཅས་འདུ་འཛོམས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་གྱི་རྒྱལ་གླུ། བེུད་ཚོགས་པའི་ལངས་གླུ་བཅས་བླངས་ཏེ་མཛད་སྒོ་ཚོགས་ཡོད་པ་རེད།  མཛད་སྒོའི་ཐོག་ས་གནས་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་དཀར་བཀྲིས་ལགས་ཀྱིས་དབུས་ཀྱི་གསུང་འཕྲིན་སྒྲོག་སྦྱང་དང་ཕྱོགས་བཞུགས་རྒྱུན་ལས་བཀྲིས་ལྷ་མོ་ལགས་ཀྱིས་དབྱིན་ཡིག་གསུང་འཕྲིན་སྒྲོག་སྦྱང་གནང་རྗེས་སྐུ་མགྲོན་གཙོ་བོ་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་སོང་།མཛད་རིམ་ཁག་ལེགས་གྲུབ་ཟིན་མཚམས་སུ་གསར་འགོད་པས་བཀའ་ཟུར་མཆོག་ལ་བོད་ཀྱི་དེ་བྱུང་ཁྲོད་དུ་བོད་ཀྱི་བུད་མེད་ཚོས་བོད་ཀྱི་འཐབ་རྩོད་ནང་ཐུགས་འགན་ཇི་ལྟར་བཞེས་མེད་ཡོད་སྐོར་ལ་བཀའ་འདྲི་ཁག་ཅིག་ཞུས་ཡོད། ལྡི་ལི་བོད་སྒར་བསམ་ཡས་གླིང་གི་བུད་མེད་གྱེན་ལངས་ཀྱི་མཛད་སྒོའི་མཇུག་མཐར་ཕྱོགས་བཞུགས་རྒྱུན་ལས་བཀྲིས་ལྷ་མོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་སྦྲགས། འདི་ལོའི་གྱེན་ལངས་ཉིན་མོར་གོམ་བགྲོད་སོགས་ཀྱི་ལས་འགུལ་གཞན་སྤེལ་བར་ས་གནས་སྐོར་སྲུང་བའི་ངོས་ནས་ཆོག་མཆན་གནང་མེད་ཀྱང་། ཉིན་རྒྱབ་ཏུ་ས་གནས་རྒྱ་གར་བ་དང་རྒྱལ་སྤྱིའི་གསར་འགོད་པ་ཚོར་དེ་རིང་གི་ཉིན་མོ་དང་འབྲེལ་བའི་ Press Club of India ཞེས་པར་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་གནང་ཡོད་པར་མ་ཟད། ཕྱི་དྲོར་བོད་སྒར་ཁུལ་དུ་བོད་ནང་གི་བོད་མི་ཚོས་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ཆེད་དུ་ཞུམ་པ་མེད་པའི་སྙིང་སྟོབས་ལ་གདུང་སེམས་མཉམ་བསྐྱེད་མཚོན་པའི་མར་མེ་ཁྲོམ་སྐོར་ཞིག་གནང་རྒྱུ་ཡིན་པར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།