Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་གནད་དོན་དེ་རྒྱ་ནག་གི་ནང་སྲིད་གནད་དོན་མིན་པར་གསུངས་འདུག

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

ཁ་སང་ཨ་རིའི་རྒྱལ་ས་ Washington DC ནང་དུ་བོད་དོན་ཞུ་གཏུག་ཉིན་མོ་སྲུང་བརྩི་དང་བསྟུན། གྲོས་ཚོགས་ཀྱི་མདུན་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག Promoting a Resolution to the Tibet China Conflict Act ཞེས་ཨ་རིའི་གྲོས་ཚོགས་གོང་མར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཆེད་བཏོན་གནང་མཁན་གྲོས་ཚོགས་འཐུས་མི་ Todd Young ལགས་ཀྱིས་ཁོང་རྣམས་ནས་འདི་ལོ་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་ཁྲིམས་འཆར་དེ་ཉིད་གཏན་འབེབས་གནང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་གསུངས་པ་དང་འབྲེལ། བོད་ཀྱི་གནད་དོན་ནི་ད་བར་སེལ་མ་ཐུབ་པའི་བོད་རྒྱའི་དཀའ་རྙོག་ཅིག་ལས་རྒྱ་ནག་གི་ནང་སྲིད་གནད་དོན་ཞིག་རྩ་བ་ནས་མ་རེད་ཅེས་གསུངས་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་ཨ་རིའི་གྲོས་ཚོགས་ཀྱི་མདུན་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་Promoting a Resolution to the Tibet China Conflict Act ཞེས་ཨ་རིའི་གྲོས་ཚོགས་འོག་མར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཆེད་བཏོན་གནང་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Mcgovern ལགས་དང་། Michael McCaul ལགས་རྣམ་གཉིས་དང་། གྲོས་ཚོགས་གོང་མར་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཆེད་བཏོན་གནང་མཁན་གྲོས་ཚོགས་འཐུས་མི་ Todd Young ལགས་དང་ Jeff Merkley ལགས་གཉིས་བཅས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་བཞི་པོ་ཆེད་ཕེབས་ཀྱིས་གཏམ་བཤད་གནང་འདུག

སྐབས་དེར་གྲོས་ཚོགས་གོང་མའི་འཐུས་མི་ Todd Young ལགས་ཀྱིས་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་ལ་བོད་རྒྱ་གྲོས་མོལ་བསྐྱར་མཐུད་བྱེད་ཀྱི་མེད་སྐོར་དང་འབྲེལ། རྒྱ་ནག་ལ་གདོང་ལེན་གནང་འདོད་མེད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་གིས་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་ནང་སྲིད་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་བྱེད་བཞིན་ཡོད་ཀྱང་། ང་ཚོ་ཚང་མས་ཤེས་དགོས་པ་ཞིག་ལ་བོད་ཀྱི་གནད་དོན་དེ་ད་བར་སེལ་མ་ཐུབ་པའི་བོད་རྒྱའི་དཀའ་རྙོག་ཞིག་ལས་རྒྱ་ནག་གི་ནང་སྲིད་གནད་དོན་ཞིག་རྩ་བ་ནས་མིན་སྟབས། ང་ཚོར་རྒྱ་ནག་དམར་པོའི་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་གདོང་ལེན་གནང་དགོས་པའི་བཟང་ཕྱོགས་ཀྱི་འགན་ཞིག་ཡོད་ཅེས་གསུངས་འདུག

ཁོང་གིས་ད་དུང་དེང་སྐབས་རྒྱ་ནག་གིས་བོད་དང་ཤིན་ཅང་ནང་དུ་ལྟ་སྲུང་འཕྲུལ་ཆས་དང་བཅས་དམ་བསྒྲགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་གསལ་པོ་ཆགས་ཡོད་སྟབས། དེ་དག་ལ་བཀག་སྡོམ་མ་གནང་ཚེ་ མ་འོངས་པར་གྲངས་ཉུང་མི་རིགས་གཞན་དང་རྒྱ་ནག་གི་མང་ཚོགས་ཐོག་དེ་དེ་བཞིན་ལག་བསྟར་བྱེད་སྲིད་པར་གསུངས་འདུག

དེ་བཞིན་སྐབས་དེར་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་ Michael McCaul ལགས་ཀྱིས་ཁོང་རྣམས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཆེད་བཏོན་གནང་བ་དེས་ཨ་རི་གཞུང་གིས་ཡུན་རིང་ནས་བོད་དང་རྒྱ་ནག་གཉིས་དབར་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་ཀྱི་འདུན་པ་སྒྲུབ་བཞིན་ཡོད་པ་དང་། ཁོང་དང་ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་ Jim Mcgovern ལགས་རྣམ་གཉིས་ཀྱིས་གྲོས་ཚོགས་འོག་མའི་ནང་དུ་ཁྲིམས་འཆར་དེ་ངོ་སྤྲོད་གནང་བ་ལྟར་ཁོང་གི་སྣེ་ཁྲིད་པའི་གྲོས་ཚོགས་ཀྱི་ཚོགས་ཆུང་ནས་ཀྱང་གང་མགྱོགས་གྲོས་ཚོགས་འོག་མར་ཁྲིམས་འཆར་དེར་རྒྱབ་སྐྱོར་དང་སྦྲགས་ཏེ་གཏན་འབེབ་གནང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཅེས་གསུངས་འདུག

དེ་བཞིན་གྲོས་ཚོགས་འཐུས་མི་ Jeff Merkley ལགས་ཀྱིས་རྒྱ་གཞུང་གིས་བོད་པའི་བྱིས་པ་རྣམས་ཕ་མ་དང་ཁ་བྲལ་བཏང་བའི་གཏན་འཇགས་སློབ་གྲྭའི་ལས་གཞི་སྐོར་དང་འབྲེལ་ནས་ང་ཚོའི་ངོས་ནས་བོད་ནང་ལས་གཞི་ཚབས་ཆེན་དེ་ལྟར་སྤེལ་བཞིན་པ་འཕྲལ་མར་མཚམས་འཇོག་ཐུབ་ཕྱིར་ཕྱག་ལས་གནང་དགོས་ཞེས་གསངུས་འདུག

ལྷག་པར་དུ་གྲོས་ཚོགས་འཐུས་མི་ Jim Mcgovern ལགས་ཀྱིས་སྤྱིར་བཏང་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་དབར་བློ་མཐུན་ཡག་ཧ་ཅང་ཁག་པོ་ཡོད་ཀྱང་། བོད་དོན་ཁྲིམས་འཆར་ཐོག་ཆབ་སྲིད་ཚོགས་པ་ཁྱད་མེད་ཀྱི་གྲོས་ཚོགས་འཐུས་མི་རྣམས་མཉམ་དུ་ཡོད་པ་དེས་རྒྱ་ནག་གཞུང་ལ་བརྡ་ལན་ནན་པོ་ཞིག་གནང་གི་ཡོད་པ་གསུངས་འདུག

གསར་འགོད་ལྷན་ཚོགས་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་གཙོས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལས་ཁུར་བ་རྣམ་པ་དང་བོད་དོན་ཞུ་གཏུག་པ། དེ་བཞིན་གསར་འགོད་པ་བཅས་ལྷན་འཛོམས་གནང་འདུག

གཞི་རྩའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་འདས་ལོའི་ཕྱི་ཟླ་ ༧ དང་། ༡༢ སོ་སོའི་ནང་གྲོས་ཚོགས་གོང་འོག་གཉིས་སུ་ཆེད་བཏོན་གནང་ཡོད་ཀྱང་། སྔ་ལོའི་ལོ་མཇུག་ཏུ་ཨ་རིའི་གྲོས་ཚོགས་ཀྱི་བར་མའི་འོས་བསྡུ་དང་སྦྲགས། གྲོས་ཚོགས་སྐབས་ ༡༡༨ པའི་ལས་དོན་དབུ་འཛུགས་གནང་བ་དང་འབྲེལ་ནས་འདི་ལོ་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དུ་བསྐྱར་དུ་ཆེད་བཏོན་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།