བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་མང་མོས་ཐོག་གཏན་འབེབས་གནང་སོང་།

Tibetan News Headlines

  • Dalai Lama Grants Audience to 380 Devotees, Says Life’s Purpose Is to Help Others
  • 49-Day Prayer Service for Late Ngari Rinpoche Held in Dharamshala
  • 9th Non-Sectarian Seminar on Great Canonical Texts Begins at Pal Shenten Menri Ling
  • Tibetan Advocacy Group Condemns Nepal International Film Festival for Screening ‘Xizang Panorama’ China-Backed Propaganda Films on Tibet
  • 31st GCMGC Football Tournament Kicks Off in Kollegal Dhondenling
  • New York Hosts First North American Tibetan Weekend Schools Art and Literary Competition Honoring Dalai Lama’s 90th Birthday

ཪེས་གཟའ་ཟླ་བ། ༢༠༢༦།༠༤།༠༦

  • འགྲོ་བ་མི་སྤྱི་ལ་ཕན་ཐོགས་བྱ་རྒྱུ་ནི་མི་ཚེའི་སྙིང་པོ་ཡིན་པ་བཀའ་སྩལ་བ།
  • བཞུགས་སྒར་དུ་མངའ་རིས་རིན་པོ་ཆེ་མཆོག་གི་ཞེར་དགུའི་མཆོད་འབུལ་སྨོན་ལམ།
  • གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༩ འགོ་འཛུགས།
  • བལ་ཡུལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ལ་རང་དབང་ཡོད་ཚུལ་བཤད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༣༡ པ་འགོ་འཛུགས་དང་འབྲེལ་ཉིན་གཉིས་པའི་རྩེད་འགྲན་གནང་བཞིན་པ།
  • བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པའི་གཟའ་མཇུག་སློབ་གྲྭ་ཁག་དབར་གྱི་རིག་རྩལ་འགྲན་བསྡུར་ཐེངས་དང་པོ།

དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་ ༡༠ པའི་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་རྒྱལ་རྟགས་ཀྱི་བཟོ་དབྱིབས་དང་མཚོན་མདོག བོད་ཀྱི་རྒྱལ་གླུའི་གདངས་དབྱངས་རིང་ཐུང་བཅས་ཚད་མཐུན་གཅིག་འགྱུར་ཡོང་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་འཛུགས་གནང་བའི་ཚོགས་ཆུང་གི་སྒྲིག་གཞི་དང་བཀའ་ཤག་གིས་བསྣམས་ཕེབས་པའི་བཟོ་བཅོས་ཁྲིམས་འཆར། དེ་བཞིན་སྤྱི་འཐུས་ཁག་གཅིག་གི་བཟོ་བཅོས་ཁྲིམས་འཆར་བཅས་ཀྱི་ཐོག་སྤྱི་འཐུས་རྣམ་པས་ཉིན་འཁྱོངས་བགྲོ་གླེང་ལྷུག་པོ་གནང་རྗེས་མང་མོས་ཐོག་གཏན་འབེབས་བྱུང་ཡོད་པ་དང་། ལེའུ་ ༦ དང་དོན་ཚན་ ༢༣ ཅན་གྱི་སྒྲིག་གཞི་དེ་ཉིད་སྲིད་སྐྱོང་གི་ཆོག་མཆན་མིང་རྟགས་བཀོད་དེ་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༥ ནས་དངོས་སུ་ལག་བསྟར་འགོ་འཛུགས་བྱ་རྒྱུ་ཡིན་པ་རེད་འདུག

Parliament Passes Rules and Regulations for the Use of the Tibetan National Flag, Emblem, and Anthem
པར་དབང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

དེ་ཡང་དེ་རིང་བོད་ཀྱི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་གསར་པ་དེའི་ནང་། བོད་མིའི་སྒྲིག་འཛུགས་མ་ལག་དང་གཞུང་ཁོངས་མིན་པའི་ཚོགས་སྡེ། སློབ་གྲྭ། ཚོགས་སྒེར་སུ་རུང་ནས་སྒྲིག་གཞི་འདི་གཞིར་བཟུང་བོད་ཀྱི་རྒྱལ་དར་ལ་གུས་བརྩི་ཆེ་མཐོང་ལྡན་པའི་སྒོ་ནས་བཟོ་སྐྲུན་དང་། བཀོལ་སྤྱོད་བྱེད་ཆོག་པ་དང་། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་སྐབས་ཆེ་མཐོང་དང་མངོན་གསལ་ཆེ་བའི་ས་ཆར་སྒྲེང་འཛུགས་བྱེད་དགོས་པ། སྐྱེ་བུ་སུ་ཞིག་བོད་ཀྱི་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པའམ། རྒྱལ་དར་སྒྲེང་བའི་སྐབས་དང་འཕྲད་ཚེ། ཁ་རྒྱལ་དར་གྱི་ཕྱོགས་སུ་འཁོར་ནས། ལུས་དྲང་པོར་འགྲེང་། མིག་ཕུར་ཚུགས་སུ་རྒྱལ་དར་ལ་གཏད་པའི་གུས་ལུགས་ཞུ་དགོས་པ། སྐུ་བརྙན་ནམ་ཅ་དངོས་ཅི་རིགས་ཀྱི་ཁེབས་གཡོག་དང་ཕྱི་ཐུམ་ལྟ་བུར་བཀོལ་སྤྱོད་བྱེད་མི་ཆོག་པ། སྡིངས་ཆ་དང་གཏམ་བཤད་སྟེགས་བུ། མདུན་ཅོག་སྟེང་རྒྱལ་དར་གྱི་ཁེབས་གཡོག་དང་མདུན་ཐང་དུ་དཔྱངས་སྣར་བྱེད་མི་ཆོག་པ། དེ་བཞིན་རྒྱལ་དར་ཕྱེད་ཕབ་བྱེད་ཕྱོགས་དང་འབྲེལ་ནས། ཁྲིམས་ཞིབ་པ་ཆེ་བ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ། སྲིད་སྐྱོང་སྐུ་གྲོངས་ཚེ་རྒྱལ་དར་ཕྱེད་ཕབ་ཀྱི་མྱ་ངན་གུས་འདུད་ཞུ་དགོས་པ། བོད་རྒྱལ་ཁབ་ཆེན་པོར་མཛད་རྗེས་བླ་མེད་བཞག་པའི་མི་སྣ་དང་། འཛམ་གླིང་ཞི་བདེའམ་མི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་ལས་དོན། བོད་ཀྱི་རྩ་དོན་འཐབ་རྩོད་ལ་མཛད་རྗེས་བླ་མེད་བཞག་པའི་མི་སྣ་བཅས་སྐུ་གྲོངས་པ། རང་འབྱུང་གནོད་འཚེ་སོགས་འཆི་སྐྱོན་ཚབས་ཆེན་གྱི་དོན་རྐྱེན་རིགས་བྱུང་བ། མཐུན་ཕྱོགས་རྒྱལ་ཁབ་གང་ཞིག་ལ་རྒྱལ་ཁབ་ཆགས་འཇིག་གིས་མཚོན་གོད་ཆགས་རིགས་འབྱུང་ཚེ་བཀའ་ཤག་གིས་བཀོད་ཁྱབ་ནམ་བྱུང་ལ་དབུས་དང་ས་གནས་ཁག་གིས་རྒྱལ་དར་ཕྱེད་ཕབ་ཀྱིས་མྱ་ངན་གུས་འདུད་ཞུ་དགོས་པ་སོགས་འཁོད་ཡོད།

དེ་བཞིན་རྒྱལ་རྟགས་ཀྱི་བླངས་དོར་ལམ་སྟོན་དང་འབྲེལ་ནས་མི་སུ་རུང་ནས་བཀའ་ཤག་གི་བཀའ་འཁྲོལ་མེད་པར་རྒྱལ་རྟགས་སམ་རྒྱལ་རྟགས་དང་བཀོད་དབྱིབས་ཉེ་བའི་རྟགས་རིས་བཀོལ་སྤྱོད་བྱས་ཏེ་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་ཡོད་མདོག་སྟོན་ཐབས་བྱེད་མི་ཆོག་ཅེས་སོགས་གསལ་ཡོད་པ་མ་ཟད། རྒྱལ་གླུ་བེད་སྤྱོད་བྱེད་ཚུལ་ཐད་སྐྱེ་བོ་སུ་ཞིག་གིས་རྒྱལ་གླུ་ལེན་པ་དང་རྒྱལ་གླུ་ལེན་པའི་སྐབས་དང་འཕྲད་ཚེ། འགྲོ་སྡོད་མི་བྱེད་པར་ལུས་དྲང་པོར་འགྲེང་། བློ་སྒྲིམ་སྟེ་རྒྱལ་གླུ་ལེན་པ་སོགས་འཁོད་ཡོད་པ་རེད།

ཡང་གལ་ཏེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་ཚུལ་མཐུན་བྱེད་ཀྱི་མེད་པ་མཐོང་ཚེ། ནང་ཁུལ་ལར་ཞེན་གྱི་ཐོག་ནས་འབྲེལ་ཡོད་ལ་ནོར་འཁྲུལ་ཡོ་བསྲང་གི་གོ་བསྐོན་བྱ་རྒྱུ་དང་། རྐང་བཙུགས་ནས་རྩིས་མེད་དང་དམའ་འབེབས། ཁྱད་གསོད་ཀྱི་བྱ་སྤྱོད་སྤེལ་ཚེ། སྐུ་ཚབ་དོན་གཅོད་དང་ས་གནས་འགོ་འཛིན་སོ་སོས་ཁྱབ་ཁོངས་ས་གནས་སུ་སྒྲིག་འདོམས་གོ་བསྐོན་དང་། ཕྱིས་འབྱུང་ནོར་འཁྲུལ་མི་འབྱུང་བའི་སྐྱོན་བསྲང་ཐུབ་པ་བྱེད་དགོས། ད་དུང་ཐག་གཅོད་དེར་བརྩི་བཀུར་མ་བྱས་ཚེ། བཀའ་ཤག་ལ་སྙན་གསན་ཞུས་ཏེ། ཞིབ་འཇུག་ཚོགས་ཚུང་ཆེད་བཙུགས་ཀྱིས་སྙན་ཐོར་བཀའ་ཤག་གི་དཔྱད་ཞིབ་དང་། བཙན་བྱོལ་བོད་མིའི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་ལམ། དངུལ་ཆད། ཆད་པ་གསན་གང་འོས་འགེལ་རྒྱུ་ཡིན་པ་གསལ་ཡོད།

རྩ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་འཛུགས་གནང་བའི་རྒྱལ་དར་དང་། རྒྱལ་རྟགས། རྒྱལ་གླུ་ཚོགས་ཆུང་གི་བསྣམས་ཕེབས་པའི་སྒྲིག་གཞི་གསར་པ་དེ་གྲོས་ཚོགས་འདིའི་ལས་ཉིན་ ༦ པའི་ཐོག་སྙན་ཐོ་སྙན་སྒྲོན་དང་སྒྲིག་གཞི་གཏན་འབེབས་ཆེད་དུ་བརྗོད་པ་དང་པོའི་ཐོག་ཕེབས་ཡོད་པ་རེད།  དེ་རིང་གྲོས་ཚོགས་སུ་བརྗོད་པ་གཉིས་པའི་ཐོག་བགྲོ་གླེང་མ་འགྲོའི་སྔོན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་རྒྱལ་དར་དང་རྒྱལ་རྟགས་ཀྱི་བྱུང་རིམ་ལོ་རྒྱུས་དང་མཚོན་དོན་སོགས་དོན་ཚན་ཁག་གཅིག་ཕུད་པའི་དོན་ཚན་འགའ་ཤས་ཀྱི་ནང་གསེས་ཚིག་བརྗོད་ལ་བཟོ་བཅོས་ཁྲིམས་འཆར་ཞིག་བསྣམས་ཕེབས་ཡོད་པ་དང་། ཡང་སྤྱི་འཐུས་སྒེར་ཁག་གཅིག་གིས་རྒྱལ་དར་གྱི་བྱུང་རིམ་དང་རྒྱལ་དར་སྒྲེང་འཛུགས་ཞེས་པ་དེའི་ཐད་མཐོང་ཚུལ་མི་འདྲ་བའི་རྐྱེན་གྱི་བཟོ་བཅོས་གྲོས་འཆར་བསྣམས་ཡོད་པ་རེད།

གྲོས་ཚོགས་སུ་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྐབས། ཚོགས་ཆུང་གི་ཁྲིམས་འཆར་དང་། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་དོན་ཚན་ཁག་གཅིག་གི་ཐོག་ལ་བཟོ་བཅོས་བསྣམས་ཕེབས་པའི་ཁྲིམས་འཆར། དེ་བཞིན་སྤྱི་འཐུས་ཀྱི་བཟོ་བཅོས་ཁྲིམས་འཆར་བཅས་མཉམ་དུ་གཤིབ་བསྡུར་གྱིས་དོན་ཚན་རེ་རེ་བཞིན་གཏན་འབེབས་གནང་སོང་།

གཞི་རྩའི་དེ་རིང་སྤྱི་འཐུས་རྣམས་པས་བགྲོ་གླེང་ཁྲོད། ཁག་གཅིག་གིས་བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཞིག་ངེས་པར་དུ་དགོས་ངེས་ཡིན་པར་བརྟེན་གཏན་འབེབས་དགོས་གལ་དང་། ཡང་སྤྱི་འཐུས་ཁག་གཅིག་གིས་དེ་ནི་གནད་འགག་ཆེན་པོ་ཞིག་ཡིན་པར་བརྟེན་གཏན་འབེབས་མ་གནང་བར་བསྐྱར་དུ་ཚོགས་ཆུང་ཆེད་འཛུགས་གནང་དགོས་གལ་ཡིན་པའི་དགོངས་ཚུལ་གསུང་མཁན་བྱུང་སོང་བས་མཐར་མང་མོས་ཀྱི་ཐོག་ནས་ཚོགས་ཆུང་ཆེད་འཛུགས་གནང་མ་དགོས་པ་ཐག་གཅོད་བྱུང་སོང་།

གཞན་ཡང་དེ་རིང་གཏན་འབེབས་ཁྲོད་རྒྱལ་རྟགས་ནང་དུ་ཡོད་པའི་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་ཡིག་གཟུགས་དེ་ནི་ཇོ་མོ་གླང་མའི་འབྲུ་རྩའི་ཡིག་གཟུགས་བཀོལ་སྤྱོད་བྱ་དགོས་པ་མང་མོས་ཐག་གཅོད་བྱུང་སོང་།  

འབྲེལ་ཡོད་གསར་གནས།

གསར་གནས།