Tibetan Royal Year of 2151 | Year of the Wood Dragon

བོད་ནང་གི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞིའི་རྒྱབ་ལྗོངས་ལ་ལྟ་བ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

ཉེ་ལམ་རྒྱ་ནག་གིས་ས་བགོས་བྱས་པའི་ཟི་ཁྲོན་ཞིང་ཆེན་གྱི་གཡག་རྔ་ས་ཁུལ་ནས་བོད་རང་ལྗོངས་སྐྱོང་ཟེར་བའི་མངའ་ཁོངས་སུ་ས་བགོས་བྱས་ཡོད་པའི་ཉིང་ཁྲི་གཉིས་ཀྱི་བར་དུ་ཕུགས་ལམ་གཉིས་དང་ཟམ་ཆེན་གཅིག་ཅན་གྱི་མེ་འཁོར་ལྕགས་ལམ་གསར་བ་ཞིག་འཛུགས་འཆར་ཡོད་པ་ཡོངས་གྲགས་གནང་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ལས་གཞི་དེ་ནི་རྒྱལ་ཁབ་བརྟན་བརླིང་དང་མི་རིགས་མཐུན་སྒྲིལ། དེ་བཞིན་མཐའ་མཚམས་སྲུང་སྐྱོབ་ཐད་ཧ་ཅང་གནད་འགག་ཆགས་ཡོད་པའི་རྒྱུ་མཚན་གསུམ་འགྲེལ་བརྗོད་བྱས་ཡོད་པ་རེད།བོད་ཀྱི་སྲིད་ཉམ་ཞིབ་ཁང་གི་ཉམས་ཞིབ་པ་དཔལ་ལྡན་བསོད་ནམས་ལགས་ཀྱིས་ཁ་སང་རྒྱ་གར་གྱི་ Tribune གསར་ཤོག་ཐོག སྲིད་འཛིན་ཞི་ཅིན་པིང་གི་བརྗོད་པའི་གནད་དོན་གསུམ་པོ་དེའི་རྒྱབ་ལྗོངས་དང་ལྐོག་གི་དམིགས་ཡུལ་བཅས་ཀྱི་སྐོར་ལ་དཔྱད་རྩོམ་ཞིག་འདོན་སྤེལ་དང་འབྲེལ། དེ་ལྟ་བུའི་ལས་གཞིའི་ཁྲོད་ནས། ཕྱོགས་གཅིག་ནས་བོད་ནང་དུ་དམག་མི་འགྲེམས་འཇོག་དང་། ཕྱོགས་གཞན་ནས་བོད་ནང་གི་གཏེར་ཁ་སྔོག་འདོན་བྱེད་ཤུགས་ཆེ་རུ་གཏང་བ་སོགས་བརྒྱུད། བོད་ལ་སྔར་ལྷག་སྟངས་འཛིན་དང་། བོད་རྒྱ་ཡུལ་དུ་བསྒྱུར་ཐབས། དེ་བཞིན་མཐའ་མཚམས་སྲུང་སྐྱོབ་ཤུགས་ཆེ་རུ་གཏོང་བཞིན་པ་གསུངས་འདུག གཤམ་ལ་འདི་གའི་གསར་འགོད་པས་དཔལ་ལྡན་བསོད་ནམས་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།

འབྲེལ་ཡོད་གསར་གནས།

གསར་གནས།